གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚུལ་མིན་ཐོག་ལས་ ཤ་བདའ་མི་ལུ་བརྟེན་ རི་དྭགས་སྲུང་སྐྱོབ་འབད་ནི་ལུ་དོ་འགྲན།





༡༩/༡/༢༠༡༣  ༉ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་ རང་བཞིན་གནས་སྟངས་སྙན་ཞུའི་ ཟིན་བྲིས་ནང་གསལ་ རྒྱལ་ཁབ་ནང་ རི་དྭགས་སེམས་ཅན་ཚུ་ ཤ་བདའ་བའི་ཁྲིམས་འགལ་གྱི་ བྱ་ངན་ལག་ལེན་གྱི་གནད་དོན་ཚུ་ཡང་ བྱུང་དོ་ཡོདཔ་ད་ དེ་ཡང་ མང་ཤོས་ར་ ས་མཚམས་བརྒྱུད་དེ་ རི་དྭགས་སེམས་ཅན་ཚུ་གི་ ཡན་ལག་ཚུ་ ཚོང་འབྲེལ་གོ་སྐབས་ལུ་བརྟེན་ཏེ་ ཨིན་མས་ཟེར་བཀོད་ནུག།



སྙན་ཞུ་དང་འཁྲིལཝ་ད་ ལོ་བསྟར་བཞིན་དུ་ རི་དྭགས་སེམས་ཅན་ཤ་བདའ་བའི་གནད་དོན་ཚུ་ དབང་འཛིན་ཚུ་གིས་ ཤེས་གསལ་བྱུང་དོ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༡ ལུ་ ཤ་བདའ་མི་ཚུ་ལས་ ནགས་ཚལ་དང་གླིང་ཁ་ཞབས་ཏོག་སྡེ་ཚན་གྱིས་ ཉེས་ཆད་དངུལ་ཀྲམ་ས་ཡ་༡ དེ་ཅིག་ བསྡུ་ལེན་འབད་ནུག་ཟེར་ཨིན་པས།
ནགས་ཚལ་དང་གླིང་ཁ་ཞབས་ཏོག་སྡེ་ཚན་འོག་གི་ ནགས་ཚལ་སྲུང་སྐྱོབ་དང་ ལྟ་རྟོག་སྡེ་ཚན་གྱིས་ ནགས་ཚལ་དང་འབྲེལ་བའི་ཁྲིམས་འགལ་བྱ་ངན་གྱི་ གནད་དོན་༩༡ ཤེས་རྟོགས་བྱུང་ཡོད་མི་ལས་༢༢ རི་དྭགས་སེམས་ཅན་ཤ་བདའ་མི་དང་ ཚུལ་མིན་ཐོག་ ཉ་བཟུང་ཡོད་པའི་ གནད་དོན་ཚུ་ཨིན་པས།
ཤ་བདའ་མི་ཚུ་གིས་ རི་དྭགས་སེམས་ཅན་ཚུ་གི་གྲས་ལས་ མང་ཤོས་ར་ གཟིག་དང་ སྟག་ གླ་ཅུམ་ དོམ་ གླངམོ་ཆེ་ཚུ་ཨིནམ་ད་ དེ་ཚུ་གི་ནང་ལས་ཡང་ འབྲུག་ལུ་ རྒྱ་ཆེ་ཤོས་ར་ གླ་རྩི་གི་དོན་ལུ་ གླ་ཅུམ་ཚུ་ བསད་དོ་ཡོད་པའི་ གསལ་སྟོན་འབདཝ་ཨིན་པས།
དེ་སྦེ་ ཚོང་དོན་ལུ་ ཤ་བདའ་མི་གིས་མ་ཚད་ ལ་ལུ་ཅིག་ རི་དྭགས་ཚུ་གིས་ ལོ་ཐོག་དང་ སྒོ་ནོར་ལུ་ གནོད་ཚབས་ཆེ་མི་ལུ་བརྟེན་ སོ་ནམ་པ་ཚུ་གིས་ ཧིང་བཀལ་ཐོག་ལས་ རི་དྭགས་ཚུ་བསད་མི་ཡང་ འདུག་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་འདི་ བྱང་ཕྱོགས་ལུ་ རྒྱ་ནག་དང་ ལྷོ་ཕྱོགས་ལུ་ རྒྱ་གར་གྱི་བར་ན་འབད་ནི་དེ་གིས་ ཁྱིམ་ཚང་༢ ཆ་རའི་ནང་ རི་དྭགས་སེམས་ཅན་ཚུ་གི་ ཡན་ལག་ཚོང་འབྲེལ་འཐབ་སའི་ ས་གནས་ཅིག་ཨིནམ་ལས་ རི་དྭགས་དེ་ཚུ་གི་ ཡན་ལག་ལུ་བརྟེན་པའི་ འོང་འབབ་ཀྱི་ གོ་སྐབས་རྒྱ་ཆེ་དྲགས་ཡོད་མི་ལུ་བརྟེན་ འབྲུག་ནང་འཁོད་ཀྱི་ རི་དྭགས་ཚུ་ལུ་ཡང་ ཉེན་ཁ་ཡོད་ཟེར་ སྙན་ཞུ་དེ་ནང་བཀོད་ནུག།
དེ་ཡང་ ཕྱིའི་ཚོང་འབྲེལ་གནས་སྟངས་ནང་ དེ་སྦེ་ རིན་གོང་སྦོམ་ཐོབ་མི་ལུ་བརྟེན་ ཕྱི་མི་ཚུ་གིས་ འབྲུག་མི་ལ་ལུ་ཅིག་ སེམས་ལྷུ་སྟེ་ རི་དྭགས་སེམས་ཅན་ཤ་བདའ་ནི་ལུ་ དང་འདོད་བསྐྱེད་བཅུག་སྟེ་ ཚུལ་མིན་ཐོག་ལས་ རི་དྭགས་སེམས་ཅན་ཚུ་གི་ ཡན་ལག་ནག་ཚོང་ནང་ འབྲེལ་གཏོགས་འབད་མི་ཡང་ འདུག་ཟེར་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment