གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ ཉི་ལོག་བརྩི་སྲུང་འབད་ནི།

༢/༡/༢༠༡༣   ༉ ཨིང་ལིཤ་གི་ ལོ་ཐོ་ལུ་ ཆ་བཞག་མི་ཚུ་གིས་ དགུན་གྱི་ཉི་ལོག་དེ་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༡ ལུ་ གནམ་དགུན་གྱི་ཉིནམ་དང་པ་སྦེ་ དུས་སྟོན་བརྩི་སྲུང་འབད་ཡོདཔ་བཞིན་དུ་ རང་ལུགས་ནང་པའི་ ཟླ་ཐོ་ལག་ལེན་འཐབ་མི་ཚུ་གིས་ ད་རིས་ ཉི་ལོག་ཕོགཔ་བཞིན་དུ་ འབྲུག་མི་ལ་ལུ་ཅིག་གིས་ ལོ་གསར་སྦེ་ བརྩི་སྲུང་འབདཝ་ཨིན་པས།


ལོ་གསར་སྦེ་ བརྩི་སྲུང་འབད་དགོ་མི་དེ་ ཉི་ལོག་ལུ་ དུས་བཞི་གསརཔ་ འགོ་བཙུགས་པའི་ཉིནམ་འབད་ནི་དེ་གིས་ཨིན་ཟེར་ ཀྲོང་གསར་སྟག་རྩེ་ སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭའི་རྩིས་སློབ་ བསམ་གཏན་གྱིས་ བཤདཔ་ཨིན་པས།
ནང་པའི་ཟླ་ཐོ་ནང་ཡང་ ཕྱིའི་བརྩི་སྲོལ་དང་ ཅོག་འཐདཔ་སྦེ་ དགུན་གྱི་ཉི་ལོག་དང་ བྱཱར་གྱི་ཉི་ལོག་ཟེར་ བརྩི་སྲོལ་ཡོདཔ་མ་ཚད་ ཕྱིའི་ལོ་ཐོ་ནང་ ཉིན་མཚན་མཉམ་པ་བརྩི་སྲོལ་ཡོད་མི་ཚུ་ཡང་ ཅོག་འཐདཔ་སྦེ་ར་ བརྩི་སྲོལ་ཡོད་ཟེར་ཨིན་པས།
དགུན་གྱི་ཉི་ལོག་གི་ཉིནམ་དེ་ཁར་ ལོ་གཅིག་གི་ ཉིན་མའི་དུས་ཡུན་ཐུང་ཤོས་ཨིནམ་ད་ ཉིནམ་དེ་ལུ་ཚུན་ ཉིམ་གི་འོད་མདངས་དེ་ དུས་ཡུན་ཉུང་སུ་ཅིག་ལས་ འཛམ་གླིང་ནང་ ཤར་ནི་མེད་མི་དེ་ ལོག་སྟེ་ ཤུལ་མའི་ཉིནམ་ལས་འགོ་བཟུང་ ཉིན་རེ་བཞིན་དུ་ ཉིན་མའི་དུས་ཡུན་དེ་ རིང་སུ་རིང་སུ་དང་ ཕྱི་རུའི་དུས་ཚོད་དེ་ ཐུང་སུ་ཐུང་སུ་ འགྱོ་ནི་འགོ་བཙུགསཔ་ཨིན་ཟེར་ཨིན་པས།
དེ་སྦེ་ དགུན་གྱི་ཉི་ལོག་ལས་འགོ་བཙུགས་ ཉིནམ་རིང་སུ་འགྱོ་ནི་འགོ་བཙུགས་ཏེ་ གནམ་བྱཱར་གྱི་ ཉི་ལོག་གི་ཉིནམ་དེ་ཁར་ ཉིནམ་རིང་ཤོས་གུ་ ལྷོད་ཞིནམ་ལས་ དེ་གི་ཤུལ་ལས་ ད་རུང་ ཉིན་མ་གི་དུས་ཚོད་དེ་ ཐུང་སུ་འགྱོ་སྟེ་ ཕྱི་རུའི་དུས་ཚོད་དེ་ རིང་སུ་འགྱོ་ནི་ འགོ་བཙུགསཔ་ཨིན་ཟེར་ཨིན་པས།
དགུན་ཉི་ལོག་དང་ བྱཱར་གྱི་ཉི་ལོག་གི་བར་ན་ ཟླཝ་༦ གི་ཁྱད་པར་འོང་ནི་ཨིནམ་ད་ ཉི་ལོག་དེ་ ལོ་ཨ་རྟག་ར་ ཕྱིའི་ལོ་ཐོ་གི་ སྤྱི་ཟླ་དང་པའི་ཚེས་༢ དེ་ཅིག་ཁར་ཚུདཔ་ཨིན་རུང་ རང་ལུགས་ཟླ་ཐོའི་ ཚེས་གྲངས་གཅིག་ཁར་མ་ཕོག་མི་དེ་ཡང་ ཉི་ལོག་དེ་ རྩིས་ཀྱི་ལུགས་ལས་ ཁྱིམ་ཞག་ཟེར་ ཉིམ་གི་ ཉིན་ཞག་ལུ་གཞི་བཞག་སྟེ་ རྩིས་ཕབ་དོ་ཡོདཔ་ད་ དེ་ཡང་ ནང་པའི་ལུགས་ལས་ ཉིམ་གིས་ འཛམ་གླིང་བསྐོར་ར་རྐྱབ་དོ་ཡོདཔ་སྦེ་ ཆ་བཞག་མི་ལུ་བརྟེན་ཨིན་ཟེར་ རྩིས་སློབ་བསམ་གཏན་གྱིས་བཤད་ཅི།
དེ་བཟུམ་སྦེ་ ཕྱིའི་ལོ་ཐོ་གི་ཚེས་གྲངས་ཚུ་ཡང་ དེ་དང་ཆ་འདྲཝ་སྦེ་ ཉིན་ཞག་ཟེར་ འཛམ་གླིང་གི་ ཉིན་ཞག་ལུ་ གཞི་བཞག་སྟེ་ ཚེས་རྩིས་ཕབ་དོ་ཡོདཔ་ད་ དེ་ཡང་ ཕྱིའི་འདོད་ཚུལ་ལུ་ འཛམ་གླིང་གིས་ ཉིམ་བསྐོར་ར་རྐྱབ་དོ་ཡོདཔ་སྦེ་ ཆ་བཞག་མི་ལུ་བརྟེན་ཨིནམ་ད་ ཉིན་ཞག་དང་ཁྱིམ་ཞག་གི་ཐད་ལུ་ ཉིན་ཞག་གི་ཁྱད་པར་ སྦོམ་ཐོན་ནི་མེད་པ་ལུ་བརྟེན་ཨིན་ཟེར་ ཁོ་གིས་བཤད་ཅི།
ཨིན་རུང་ ལོ་༣ རེའི་ཤུལ་ལས་ ཟླ་ཐེབས་ཀྱི་སྐབས་ལུ་ ཉིནམ་༡ གིས་ ཕར་ཚུར་བཤུད་ནི་གི་ འོས་འབབ་ཡོད་ཟེར་ཨིནམ་ད་ དེ་ཡང་ ཕྱིའི་ཉིན་ཞག་གི་ ལོ་ཐོ་རྩིས་སྲོལ་ལས་ ལོ་༣ གྱི་ཤུལ་ལས་ སྤྱི་ཟླ་༢ པའི་ནང་ ཉིན་གྲངས་༡ ཐེབས་འོང་དོ་ཡོད་མི་ལུ་བརྟེན་ཨིན་ཟེར་བཤད་ཅི།
དེ་འབདཝ་ད་ ཟླ་ཐོའི་ཚེས་གྲངས་ལས་ དཔེར་ན་ ན་ཧིང་གི་ཉི་ལོག་དེ་ རང་ཟླ་༡༡ པའི་ཚེས་༩ ལུ་ ཕོག་ཡོདཔ་ཨིན་རུང་ དུས་ཅི་རང་ཟླ་༡༡ པའི་ཚེས༢༠ ལུ་ཕོག་སྟེ་ ཚེས་གྲངས་གཅིག་ཁར་ མ་ཕོག་མི་དེ་ཡང་ ཟླ་ཐོ་གི་ཚེས་གྲངས་དེ་ ཕྱིའི་ལོ་ཐོའི་ཚེས་གྲངས་རྩིས་སྲོལ་དང་ ཉི་ལོག་གི་རྩིས་ཕབ་ཚུལ་ལས་མ་འདྲཝ་སྦེ་ ཚེས་ཞག་གྱི་རྩིས་སྲོལ་ ཟླཝ་གི་ཉིན་ཞག་ལུ་གཞི་བཞག་སྟེ་ ཚེས་གྲངས་ཉིན་ཞག་གི་ རྩིས་ཕབ་མི་ལུ་བརྟེན་ཨིན་ཟེར་ཨིནམ་ད་ དེ་ཡང་ ཟླཝ་ལུ་འཕེལ་སྒྲིབ་ཡོད་པའི་ཁར་ ཚེས་གྲངས་ལྷག་ཆད་བྱུང་དོ་ཡོད་མི་ལུ་བརྟེན་ཨིན་ཟེར་ཨིནམ་ད་ དེ་ཡང་ ལོ་རེའི་ནང་ ཉིན་ཞག་༡༠ རེ་ ཚེས་གྲངས་ལྷག་ཆད་བྱུང་དོ་ཡོདཔ་ལས་ ཕྱིའི་ཉི་ལོག་དང་ ནང་པའི་ཉི་ལོག་གི་བར་ན་ ཉིནམ་༡༠ དེ་ཅིག་གི་ ཁྱད་པར་འོང་ཟེར་ཨིན་པས།
ལོ་༣ རེའི་རྒྱབ་ལས་ ཟླ་ཐེབས་ཐོན་མི་དེ་ཡང་ ཚེས་གྲངས་ལྷག་ཆད་ཚུ་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཉི་ལོག་རེའི་བར་ན་ ཉིན་མཚན་མཉམ་པ་རེ་ཡོདཔ་ད་ དེ་ཡང་ དགུན་གྱི་ཉི་ལོག་དེ་ རང་ཟླ་༡༡ པའི་ནང་ཕོག་པའི་ཤུལ་ལུ་ ཟླཝ་༣ གྱི་རྒྱབ་ལས་ རང་ཟླ་༢ པའི་ནང་ སོ་ཀའི་ཉིན་མཚན་མཉམ་པ་ཕོག་ནི་དང་ ཟླཝ་༣ གྱི་རྒྱབ་ལས་ རང་ཟླ་༥ པའི་ནང་ བྱཱར་གྱི་ཉི་ལོག་ དེ་ལས་ རང་ཟླ་༨ པའི་ནང་ སེར་ཁའི་ཉིན་མཚན་མཉམ་པ་ཕོགཔ་ཨིན་ཟེར་བཤད་ཅི།
ཉིན་མཚན་མཉམ་པ་ཟེར་མི་དེ་ ཉིནམ་དེ་ཁར་ ཉིན་མ་དང་ ཕྱི་རུའི་དུས་ཚོད་ཁྱད་པར་མེད་པར་ འདྲན་འདྲ་འོང་དོ་ཡོད་མི་དེ་ལུ་ སླབ་ཨིན་པས།
དེ་བཟུམ་སྦེ་ ཕྱིའི་ལོ་ཐོ་ལྟར་དུ་འབད་བ་ཅིན་ དགུན་གྱི་ཉི་ལོག་དེ་ སྤྱི་ཟླ་༡༢ པའི་ནང་དང་ སོ་ཀའི་ཉིན་མཚན་མཉམ་པ་དེ་ སྤྱི་ཟླ་༣ པའི་ནང་ དེ་ལས་ བྱཱར་གྱི་ཉི་ལོག་དེ་ སྤྱི་ཟླ་༦ པའི་ནང་དང་ སེར་ཁའི་ཉིན་མཚན་མཉམ་པ་དེ་ སྤྱི་ཟླ་༩ པའ་ིནང་ཕོགཔ་ཨིན་པས།
དེ་འབད་ནི་དེ་གིས་ ནང་པའི་ཟླ་ཐོ་གི་རྩིས་སྲོལ་ཚུ་ ཕྱིའི་མཚན་རིག་གི་ གཟའ་སྐར་ཉིན་ཞག་གི་ རྩིས་སྲོལ་ལས་ ཁྱད་པར་ག་ནི་ཡང་མེད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment