གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙན་ཁྲིདཔ་ཚུ་གི་རྩོད་བཤེར་ ཐིམ་ཕུ་ལུ་འབད་ནི།

༢/༡/༢༠༡༣    བོ་དོ་ས་ཁོངས་ཚོགས་སྡེའི་ སྤྱི་ཁྱབ་འོག་མ་ལས་ ས་མཚམས་བདའ་སྟེ་ སྡོད་མི་ཚུ་ལུ་ ཉེན་སྲུང་ཡོདཔ་ ངེས་བརྟན་བཟོ་ནིའི་ཁས་ལེན།
༉ གསར་སྤང་ལས་ དགེ་ལེགས་ཕུག་ལུ་ འོང་པའི་ལམ་ཁར་ གླ་འཁོར་དེད་གཡོགཔ་དང་ དགའ་སྐྱིད་གླིང་རྒེད་འོག་ནང་ལས་ རྩིསཔ་རྡོ་རྗེ་ལ་༢ བཙན་ཁྲིད་འབད་མི་ མི་༥ པོ་དེ་ གསར་སྤང་ལུ་མིན་པར་ ཐིམ་ཕུ་རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཉེས་བཤེར་འབད་ནི་ཨིན་པས།


དེ་ཡང་ མི་བཙན་ཁྲིད་འབད་བའི་ ཉེས་འཛུགས་ཅན་ གསར་སྤང་ལུ་སྡོད་མི་༢ དང་ རྒྱ་གར་ཨ་སམ་ མུ་རེ་དང་ ཨུལ་ཏ་པ་ནི་རྫོང་ཁག་ཚུ་ལས་ཨིན་མི་ རྒྱ་གར་གྱི་ཕོ་སྐྱེས་༣ སྤྱི་ཟླ་༡༢ པའི་ཚེས་༢༢ ལུ་ ཐིམ་ཕུ་ལུ་ ཁྱིད་འོང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་མཐིལ་ཕྱིན་འབད་བའི་ཤུལ་ལུ་ མི་༥ པོ་དེ་ སྤྱི་ཟླ་༡༢ པའི་ཚེས་༦ དང་༧ ལུ་ འཛིན་བཟུང་འབད་ཡོདཔ་བཞིན་དུ་ ཁྲིམས་ཀྱི་འདུན་སར་ ཉེས་བཙུགས་ཀྱི་དོན་ལུ་ སྤྱི་ཟླ་༡༢ པའི་ཚེས་༣༡ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ བཏང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མི་༥ ལུ་ ཉེས་འཛུགས་ཐོག་ རྫོང་ཁག་ཁྲིམས་འདུན་ནང་ རྩོད་བཤེར་འབད་ནི་ཨིན་པས།
ཁྲིམས་སྲུང་འགག་པ་ལས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ སྤྱི་ཟླ་༡༢ པའི་ཚེས་༦ ལུ་ གསར་སྤང་ཁྲོམ་ལས་ འཛིན་བཟུང་འབད་མི་ ཕྱི་མི་སྐྱེས་ལོ་༣༨ ལང་མི་གཉིས་ཀྱིས་ སྤྱི་ཟླ་༡༠ པའི་ཚེས་༢༢ ཀྱི་ཕྱི་རུ་ གསར་སྤང་ལས་ དགེ་ལེགས་ཕུག་ལུ་ གླ་འཁོར་བཏང་སྟེ་འགྱོཝ་ད་ གླ་འཁོར་ནང་ལས་ སྐྱེས་ལོ་༣༧ ལང་མི་ དེད་གཡོགཔ་དེ་ ཕྱི་ཁར་འཐེན་ཐོག་ལས་ བཙན་ཁྲིད་འབད་མི་དང་ སྤྱི་ཟླ་༡༡ པའི་ཚེས་༡༦ གི་ཕྱི་རུ་ དགའ་སྐྱིད་གླིང་གཡུས་ཚན་ལས་ སྐྱེས་ལོ་༥༡ ལང་མི་ རྩིསཔ་རྡོ་རྗེ་ལ་ བཙན་ཁྲིད་འབད་མི་ནང་ ཐད་ཀར་འབྲེལ་གཏོགས་འདུག་ཟེར་ཨིན་པས།
ད་རུང་ སྤྱི་ཟླ་༡༢ པའི་ཚེས་༦ ལུ་ བདེ་སྐྱིད་གླིང་ལས་ སྐྱེས་ལོ་༣༥ ལང་མི་དང་ དགའ་སྐྱིད་གླིང་ལས་ སྐྱེས་ལོ་༦༩ ལང་མི་ འབྲུག་མི་༢ འཛིན་བཟུང་འབད་ཡོདཔ་ད་ སྐྱེས་ལོ་༣༥ ལང་མི་ ཕོ་སྐྱེས་དེ་ མི་༢ བཙན་ཁྲིད་འབད་མིའི་ནང་ འབྲེལ་གཏོགས་ཡོད་རུང་ ཕོ་སྐྱེས་གཞན་དེ་ རྩིསཔ་རྡོ་རྗེ་ལ་ བཙན་ཁྲིད་འབད་དགོ་པའི་ གྱོས་ངན་བརྩམས་མི་ཨིན་པས།
དེ་ལས་ སྤྱི་ཟླ་༡༢ པའི་ཚེས་༧ ལུ་ ཀ་མེ་ཁོ་ལ་ ཞིབ་དཔྱད་འགེགས་སྲུང་ནང་ལས་ སྐྱེས་ལོ་༢༥ ལང་མི་ རྒྱ་གར་གྱི་ ཕོ་སྐྱེས་༡ འགྲུལ་འཕྲིན་མོ་བཱལ་གྱི་ སིམ་ཀཱཌ་༧ དང་ དངུལ་ཀྲམ་༣,༥༥༠ གི་ བའུ་ཅར་དང་སྦྲགས་ འཛིན་བཟུང་འབད་ཡོདཔ་ད་ ཁོ་གིས་ བཙན་ཁྲིདཔ་ཚུ་ལུ་ ཆ་རོགས་འབད་ཡོདཔ་ཨིན་པས།
བདུན་ཕྲག་ཧེ་མའི་ནང་ དགའ་སྐྱིད་གླིང་ལུ་ ལྟ་སྐོར་འབད་མི་ བོ་དོ་ས་ཁོངས་ཚོགས་སྡེའི་ སྤྱི་ཁྱབ་འོགམ་ ཁམ་པ་ བོར་གོ་ཡར་རི་གིས་ སླབ་དོ་བཟུམ་འབད་བ་ཅིན་ འདི་བཟུམ་མའི་ བཙན་ཁྲིད་ཐེངས་གཉིས་འབད་མི་ལུ་ བློ་ཕམ་སྦོམ་ཡོད་རུང་ ད་ལས་ཕར་ བོ་དོ་ས་ཁོངས་ཚོགས་སྡེ་དང་ རྒྱ་འབྲུག་མཐུན་འབྲེལ་ལས་ཚོགས་ཀྱིས་ ས་མཚམས་ནང་སྡོད་མི་ མི་སེར་ཚུ་ལུ་ ཉེན་སྲུང་ཡོདཔ་ངེས་བརྟན་བཟོ་ནི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རུང་ བཙན་ཁྲིད་ཀྱི་ བྱ་ངན་ནང་ འབྲེལ་གཏོགས་ཡོད་པའི་ ངོས་འཛིན་ཅན་གྱི་ མི་༥ པོ་ལུ་ ཁྲིམས་ཀྱི་ངོས་ལེན་འབད་འོང་ཟེར་ཨིན་པས།
ས་མཚམས་བདའ་སྟེ་ཡོད་མི་ གཡུས་ཚན་ཨུལ་ཏ་པཱ་ནི་དང་ སེ་ལི་ཁ་གུ་རི་ ཁུང་རིང་ ཀོཀ་ཧ་ཇར་ལུ་སྡོད་མི་ མི་སེར་ཚུ་ལུ་ ས་མཚམས་ཁྲོམ་སྡེའི་ནང་ ཞི་བདེ་གནས་ནི་དང་ གཅིག་གིས་གཅིག་ལུ་ མཉམ་འབྲེལ་འབད་དགོ་པའི་སྐོར་ གོ་བརྡ་སྤྲོད་ནི་ཚུ་ ང་བཅས་ལུ་ འགན་ཁུར་ཕོགཔ་ཨིན་ཟེར་ སྤྱི་ཁྱབ་འོགམ་གིས་ བཤདཔ་ཨིན་པས།
ཁམ་པ་བོར་གོ་ཡར་རི་གིས་ བཤད་དོ་བཟུམ་འབད་བ་ཅིན་ བཙན་ཁྲིད་ལུ་བརྟེན་ ཉམས་རྒུད་བྱུང་མི་ བཟའ་ཚང་ཚུ་ལས་ སྲོག་རིན་དངུལ་ཀྲམ་༢༡༠,༠༠༠ དང་༥༠༠,༠༠༠ ལེན་མིའི་ཐད་ལུ་ ད་ལྟོ་ གྲོས་བསྟུན་འབད་འབདཝ་མེདཔ་ལས་  ལོག་ཐོབ་མི་ཐོབ་ སླབ་མི་ཤེས་ནི་ཨིན་རུང་ ད་ལས་ཕར་ དེ་བཟུམ་མའི་ བྱུང་རྐྱེན་ཚུ་ འབྱུང་མི་བཅུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱ་འབྲུག་གི་ས་མཚམས་ཚུ་ནང་ མི་ག་བཟུམ་འཛུལཝ་ཨིན་ན་ ལྟ་རྟོག་དམ་དམ་འབད་དགོཔ་མ་ཚད་ སྲུང་སྐྱོབ་ཀྱི་ ཐབས་ལམ་ཚུ་ཡང་ སྒྲིང་སྒྲིང་སྦེ་ ལག་ལེན་འཐབ་དགོཔ་འདུག་ཟེར་ཨིན་པས།
ཨིན་རུང་ བཙན་ཁྲིདཔ་ཚུ་ འཛིན་བཟུང་འབད་མི་དང་བསྟུན་ ད་ལས་ཕར་ ལྷོ་མཚམས་རྫོང་ཁག་གི་ ས་མཚམས་ཚུ་བདའ་སྟེ་ སྲུང་སྐྱོབ་གནས་སྟངས་ཡར་དྲག་འགྱོ་བའི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment