གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཏམ་ཁུ་ནང་འདྲེན་དང་ འཕྱོག་བཟུང་གི་ གནས་སྡུད།

 ༡༢/༠༡/༢༠༡༣། ༉ ལུང་ཕྱོགས་སོ་སོའི་ འོང་འབབ་དང་ཅ་དམ་ཡིག་ཚང་ཚུ་གིས་ བསྡུ་སྒྲིག་འབད་མི་ གནད་སྡུད་ཚུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༢ ཟླ་དང་པ་ལས་འགོ་བཙུགས་ ཟླཝ་༡༢ པའི་ཚེས་༣༡ ཚུན་ལུ་ སྤ་རོ་ལུང་ཕྱོགས་ཡིག་ཚང་ནང་ རིན་གོང་དངུལ་ཀྲམ་༩༤༧༠༡༣.༤༨ གནས་པའི་ ཏམ་ཁུ་ཚུ་ རྒྱ་གར་དང་ ཕྱི་རྒྱལ་ཁབ་ཚུ་ནང་ལས་ ནང་འདྲེན་འབད་ཡོད་མི་དེ་ རྒྱལ་ཁབ་ཀྱི་ལུང་ཕྱོགས་ གཞན་མི་༤ དང་ཕྱདཔ་ད་ མཐོ་ཤོས་ཅིག་ཨིན་པས།

དེ་གི་གྲས་ལས་ རིན་གོང་དངུལ་ཀྲམ་༧༦༣,༦༩༦.༥༨ གནས་པའི་ ཏམ་ཁུའི་རིགས་ཚུ་ ཕྱི་རྒྱལ་ཁབ་ཚུ་ནང་ལས་ ནང་འདྲེན་འབད་མི་དེ་ མཐོ་ཤོས་ཅིག་ཨིན་པའི་ཁར་ རིན་གོང་དངུལ་ཀྲམ་༡༨༣,༣༡༦.༩ གནས་པའི་ ཏམ་ཁུ་ཚུ་ རྒྱ་གར་རྒྱལ་ཁབ་ལས་ ནང་འདྲེན་འབད་ཡོདཔ་ཨིན་པས།


ལུང་ཕྱོགས་ཡིག་ཚང་གིས་ ཕྱི་རྒྱལ་ཁབ་དང་ རྒྱ་གར་རྒྱལ་ཁབ་ལས་ ནང་འདྲེན་འབད་མིའི་ཁྲལ་ ཡོངས་བསྡོམས་ དངུལ་ཀྲམ་༡༧༡༠༧༡༠.༠༦ བསྡུ་ལེན་འབད་ཡོདཔ་ཨིན་པས།

གནད་སྡུད་དང་འཁྲིལཝ་ད་ ཕྱི་རྒྱལ་ཁབ་ ཐའི་ལེནཌ་དང་ རྒྱ་ནག་ མ་ལེ་ཤི་ཡ་ བང་ལ་དེཤི་ ཇ་པཱན་ ཀིའུ་བ་ ཡུ་ཀེ་ དེ་ལས་ ཇར་མ་ནི་ཚུ་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཡོདཔ་ཨིན་པས།


ཕྱི་རྒྱལ་ཁབ་ཚུ་ལས་ ནང་འདྲེན་འབད་མི་ ཏམ་ཁུའི་རིགས་ མཐོ་ཤོས་དེ་ སི་གེ་རེཊི་ཨིནམ་ད་ དེ་ཚུ་ ཐའི་ལེནཌི་དང་ མ་ལེ་ཤི་ཡ་ བང་ལ་དེཤི་ ཇ་པཱན་ དེ་ལས་ རྒྱ་ནག་རྒྱལ་ཁབ་ཚུ་ལས་ ནང་འདྲེན་འབད་ཡོདཔ་ཨིན་པས།


དེ་ལས་ ཁའི་ནི་དང་ ཏམ་ཁུ་གི་རིགས་གཞན་མི་ཚུ་ ཀིའུ་བ་དང་ ཡུ་ཀེ་ དེ་ལས་ ཇར་མ་ནི་ རྒྱལ་ཁབ་ཚུ་ལས་ ནང་འདྲེན་འབད་ཡོདཔ་ད་ གཞན་ཡང་ བི་རི་དང་ སི་གེ་རེཊི་ ཁའི་ནིའི་ཚུ་ རྒྱ་གར་རྒྱལ་ཁབ་ལས་ ནང་འདྲེན་འབད་ཡོདཔ་ཨིན་རུང་ དེ་ཚུ་གི་གྲས་ལས་ མཐོ་ཤོས་དེ་ སི་ག་རེཊི་ཚུ་ཨིན་པས།


ཕུན་ཚོགས་གླིང་གི་ ས་མཚམས་སྒོ་ར་བརྒྱུད་དེ་ རིན་གོང་དངུལ་ཀྲམ་༢༥༢ གནས་པའི་ སི་ག་རེཊི་དང་ དངུལ་ཀྲམ་༡༦༩༠ གནས་པའི་བི་རི་ དེ་ལས་ དངུལ་ཀྲམ་༢༠,༤༤༣ གནས་པའི་ ཁའི་ནི་ཚུ་ཡང་ ནང་འདྲེན་འབད་ནུག།


གནད་སྡུད་དང་འཁྲིལཝ་ད་ དགེ་ལེགས་ཕུག་ལུང་ཕྱོགས་ལས་ དངུལ་ཀྲམ་༥༩༣༠༣ གནས་པའི་ སི་ག་རེཊི་དང་ དངུལ་ཀྲམ་༢༠༥༩༥ གནས་པའི་ ཁའི་ནི་ དངུལ་ཀྲམ་༨༩༤ གནས་པའི་ བི་རི་དང་གཅིག་ཁར་ གཞན་ཡང་ བཏབ་ནི་དང་ བཟའ་ནིའི་རིགས་ཚུ་ ནང་འདྲེན་འབད་ཡོདཔ་བཞིན་དུ་ ཡོངས་བསྡོམས་ཁྲལ་ དངུལ་ཀྲམ་༨༡,༨༣༧ བསྡུ་ལེན་འབད་ཡོདཔ་ཨིན་པས།


བསམ་རྩེ་ལུང་ཕྱོགས་ནང་ལས་ དངུལ་ཀྲམ་༤,༡༧༡ གནས་པའི་ སི་ག་རེཊི་དང་ དངུལ་ཀྲམ་༦༣༠ གི་ ཁའི་ནི་ དེ་ལས་ དངུལ་ཀྲམ་༣༠ གནས་པའི་ ཏམ་ཁུ་གཞན་མིའི་རིགས་ཚུ་ ནང་འདྲེན་འབད་ཡོད་མི་དང་བསྟུན་ ཁྲལ་དངུལ་ཀྲམ་༡,༩༠༥ བསྡུ་ལེན་འབད་ནུག།


བསམ་གྲུབ་ལྗོངས་མཁར་ ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་ལས་ལྷོད་མི་ གནད་སྡུད་དང་འཁྲིལཝ་ད་ བསམ་གྲུབ་ལྗོངས་མཁར་གྱི་ སྒོ་ར་བརྒྱུད་དེ་ རིན་གོང་དངུལ་ཀྲམ་༢,༨༣༨ གནས་པའི་ ཁའི་ནི་ཀེ་ཇི་༦༧༢.༡༦ དང་ དངུལ་ཀྲམ་༡༤༢ གནས་པའི་ བི་རི་སྒམ་༢༢༠ དེ་ལས་ དངུལ་ཀྲམ་༢༠,༠༠༣ གནས་པའི་ སི་ག་རེཊི་ ཕུད་རྡོག་༤,༤༡༨ དེ་ཅིག་ ནང་འདྲེན་འབད་ཡོདཔ་ཨིན་པས།


སྤྱི་ལོ་༢༠༡༢ སྤྱི་ཟླ་༡༡ པ་ཚུན་ལུ་ ཁྲིམས་འགལ་ཐོག་ལས་ ནང་འདྲེན་འབད་བའི་ གནད་དོན་ཚུ་ནང་ སི་ག་རེཊི་ ཕུད་རྡོག་༦༨,༣༣༥ དང་ བི་རི་ཕུད་རྡོག་༢༣,༢༧༢ དེ་ལས་ ཏམ་ཁུའི་རིགས་ གཞན་མི་ཀེ་ཇི་༡,༣༠༢ འཕྱོག་བཟུང་འབད་ཡོདཔ་མ་ཚད་ སྤྱི་ཟླ་༡༢ པ་རྐྱངམ་གཅིག་ནང་ སི་ག་རེཊི་ ཕུད་རྡོག་༢༡,༠༠༠ དེ་ཅིག་དང་ བི་རི་ཕུད་རྡོག་༡༦,༠༠༠ དེ་ལས་ གཞན་མི་ཏམ་ཁུའི་རིགས་ ཀེ་ཇི་༤༣ འཕྱོག་བཟུང་འབད་ཡོད་པའི་གནས་ཚུལ།

No comments:

Post a Comment