གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྒྲུབ་བྱེད་སྙན་གསན་ལྷག་ཡོདཔ།

༡༢/༠༡/༢༠༡༣། ༉ རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་འཐུས་མི་བགྲེསཔ་ བདེ་ཆེན་སེངྒེ་གི་ སྒྲུབ་བྱེད་སྙན་གསན་དེ་ མོང་སྒར་ཁྲིམས་འདུན་གྱི་དྲང་དཔོན་ མགོནམ་རྡོ་རྗེ་གིས་ ལྷག་གནང་ཡི།

ད་ལྟོ་ཚུན་ ངག་ཐོག་ལས་ཞུ་མི་ཉེས་འཛུགས་ཚུ་ ཁ་ཙ་ སྒྲུབ་བྱེད་བཏོན་ནི་ ག་ཅི་ཡོདཔ་ཨིན་ན་ཚུ་ ལྷག་བྱིན་ཐོག་ལས་ སྙན་གསན་མཛད་ཡོདཔ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་འབད་བ་ཅིན་ བདེ་ཆེན་སེངྒེ་གིས་འབད་མི་ ས་ཆ་བགོ་བཀྲམ་དེ་ གཞུང་གིས་བཀོད་མི་ ཁྲིམས་ལུགས་ལས་ འགལ་སོ་ནུག་ཟེར་ཨིན་པས།


ཁོ་གིས་ས་ཆ་བགོ་བཀྲམ་འབད་བའི་སྐབས་ སྤ་རོ་ལུ་སྡོད་མི་ ཁོ་རའི་ སྲིངམོ་ལུ་བྱིན་ཡོདཔ་ད་ དེ་ཡང་ གཞུང་གི་ཚད་གཞི་དང་འཁྲིལ་བ་ཅིན་ ས་ཆ་བགོ་བཀྲམ་འབད་བའི་སྐབས་ལུ་ ངོ་རྐྱང་ལྷོད་དགོཔ་སྦེ་ཡོད་རུང་ ཁོ་རའི་སྲིངམོ་དེ་ བགོ་བཀྲམ་སྐབས་ ལྷོད་མ་ཚུགས་རུང་ ས་ཆ་སྤྲོད་ནུག་ཟེར་ཨིན་པས།

དེ་མ་ཚད་ ས་ཆ་བགོ་བཀྲམ་འབད་བའི་སྐབས་ སྲིངམོ་གི་ཞུ་ཡིག་ཡང་ ཁོ་ར་གིས་བྲིས་ཏེ་ བཙུགས་ཡོདཔ་མ་ཚད་ ཞུ་ཡིག་གུ་ ལག་ཐིའུ་ཡང་ ཁོ་གིས་རྐྱབ་ཐོག་ལས་ ཁོ་རའི་ སྲིངམོ་གི་ངོ་ཚབ་ལུ་ བདེ་ཆེན་སེངྒེ་གི་ གནས་ཚང་གིས་ རྒྱན་ཤོག་འཐུ་ཡོདཔ་ད་ དེ་བསྒང་ རྒྱན་ཤོག་འཐུ་མི་ གཞན་མི་ངོ་རྐྱང་ལྷོད་མ་ཚུགས་མི་ཚུ་ལུ་ ངོ་ཚབ་ཟེར་བྲིས་ཡོད་རུང་ ཁོ་རའི་ སྲིངམོ་གི་འབད་བ་ཅིན་ ག་ཅི་ཡང་མ་བྲིས་བར་ ཐད་ཀར་དུ་ ས་ཚན་༡ གི་ ཨང་བཀལ་བཞག་ནུག་ཟེར་ཨིན་པས།


ཁོ་གིས་འབད་བ་ཅིན་ ཁོ་གིས་ ཞུ་ཡིག་བཙུགས་ཏེ་ ལག་ཐིའུ་རྐྱབ་དགོ་མི་དེ་ཡང་ ཁོ་རའི་སྲིངམོ་གིས་ འགྲུལ་འཕྲིན་ཐོག་ལས་ ཁོ་གིས་ ངོ་ཚབ་འབད་དགོཔ་སྦེ་ སླབ་མི་ལུ་བརྟེན་ ཁོ་ར་ ཕོ་རྒནམ་ཅིག་འབད་ནི་དེ་གིས་ སྲིངམོ་གི་དོན་ལུ་ ཞུ་ཡིག་བཙུགས་ཏེ་ལག་ཐིའུ་རྐྱབ་ཅི་ཟེར་ཨིན་པས།


ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྒྲུབ་བྱེད་བཀོད་མི་དེ་ལུ་ རྒྱལ་པོའི་ཞིང་གི་ས་ཆ་ བགོ་བཀྲམ་འབད་ནི་དེ་ གཞུང་གིས་བཀོད་མི་ ཚད་གཞི་ཚུ་དང་འཁྲིལ་བ་ཅིན་ དང་པ་ར་ རྒྱལ་པོའི་ཞིང་གི་ས་གནས་དེ་ཁར་ ཁྲིམས་མཐུན་ལག་ཁྱེར་འཆང་མི་ཚུ་ལུ་ ས་ཆ་བགོ་བཀྲམ་འབད་དགོ་ཟེར་ཡོདཔ་ད་ གཉིས་པ་དེ་ ས་གནས་དེ་ཁར་སྡོད་མི་ཚུ་ལུ་ དེ་ལས་མཇུག་ར་ རྒྱལ་པོའི་ཞིང་ལུ་མ་སྡོད་མི་ གཞན་ཚུ་ལུ་ སྤྲོད་དགོ་པའི་བཀའ་རྒྱ་འདུག་ཟེར་ཨིན་པས།


དེ་མ་ཚད་ ཁོ་གིས་ སྲིངམོ་གི་དོན་ལས་ ས་ཆའི་ཞུ་ཡིག་ཡང་ ཁོ་ར་གིས་ བཙུགས་ཡོདཔ་མ་ཚད་ ལག་ཐིའུ་ཡང་ ཁོ་ར་གིས་རྐྱབ་སྟེ་ ས་ཆ་བགོ་བཀྲམ་འབད་བའི་སྐབས་ལུ་ རྒྱན་ཤོག་འཐུ་བར་ ཞུ་ཡིག་བཙུགས་མི་ངོ་རྐྱང་ཚུ་ ལྷོད་དགོཔ་ཨིན་རུང་ གཞན་མ་ལྷོད་མི་ཚུ་ལུ་ ངོ་ཚབ་ཟེར་བྲིས་ཡོད་རུང་ ཁོ་རའི་ སྲིངམོ་གི་དོན་ལུ་ རྒྱན་ཤོག་འཐུ་མི་དེ་ ཁོ་རའི་ ཨམ་སྲུ་ཨིན་རུང་ ངོ་ཚབ་ཟེར་ མ་བྲིས་བས་ཟེར་ཨིན་པས།


གནད་དོན་དེ་ཚུ་ལུ་བརྟེན་ ཁོ་གིས་ གཡོ་སྒྱུ་འཐབ་ནུག་ཟེར་ཨིནམ་ད་ བདེ་ཆེན་སེངྒེ་དེ་ སྤྱི་ལོ་༢༠༠༢ ལུ་ སྒྲིང་ཁྱིམ་ཚུ་གི་ ལྟ་རྟོག་པ་ཨིནམ་མ་ཚད་ ཚོགས་ཆུང་གི་འཐུས་མིའི་ དྲུང་ཆེན་ཡང་ཨིནམ་ལས་ ས་ཆ་བགོ་བཀྲམ་དང་འབྲེལ་བའི་ ཡིག་ཆ་་ཚུ་ ཆ་མཉམ་ར་ ཁོ་རའི་ལགཔ་ཁར་ ཨིན་ཟེར་ཨིན་པས།


དེ་བསྒང་ ཁོ་གིས་ ཁྲོམ་གྱི་ས་ཚན་༡༩ འགོ་ཐོག་དང་ ཐེངས་༢ པའི་སྐབས་ལུ་ ས་ཚན་༢༦ དེ་ལས་ ཐེངས་༣ པའི་ ས་ཆ་བགོ་བཀྲམ་སྐབས་ ས་ཚན་༤༡ བགོ་བཀྲམ་འབད་ཡོདཔ་ད་ བདེ་ཆེན་སེངྒེ་དེ་ དབང་ཚད་ལོག་སྤྱོད་དང་ ཡིག་ཆ་རྫུས་བཟོ་ དེ་ལས་ གཡོ་སྒྱུའི་ཉེས་འཛུགས་འབད་དོ་ཡོདཔ་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment