སལ་མཱན་ ཁུར་ཤིཌ་གིས་ རྒྱ་འབྲུག་༢ ཀྱི་བར་ནའི་ ཚོང་འབྲེལ་གནས་སྟངས་དང་ ཟུང་ཕྱོགས་མཐུན་འབྲེལ་གྱི་ གནད་དོན་ཚུ་གི་ཐོག་ལུ་ གསུང་གྲོས་ཚུ་ གནང་ནི་ཨིན་པས།
ཕྱི་འབྲེལ་ལྷན་ཁག་གི་ གནས་ཚུལ་གསལ་བཏོན་ཅིག་དང་འཁྲིལཝ་ད་ ཕྱི་འབྲེལ་བློན་པོ་ སལ་མཱན་ ཁུར་ཤིཌ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མཇལ་ཕྲད་གནང་ནི་གི་ ལས་རིམ་ཡོདཔ་མ་ཚད་ བློན་ཆེན་འཇིགས་མེད་འོད་ཟེར་ཕྲིན་ལས་མཆོག་དང་ བསྟན་རྒྱས་བློན་པོ་མཁའ་འགྲོ་དབང་ཕྱུག་༢ དང་ཡང་ མཇལ་ཕྲད་གནང་ནི་ཨིན་པས།
རྒྱལ་ཁབ་༢ ཀྱི་བར་ནའི་མཐུན་འབྲེལ་ ལྷག་པར་དུ་ རྩ་བརྟན་བཟོ་ནིའི་ གནད་དོན་དང་འབྲེལ་བའི་ གསུང་གྲོས་ཚུ་གིས་མ་ཚད་ རྒྱ་གར་གཞུང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་མི་ འཆར་གཞི་༡༠ པའི་ ལས་འགུལ་ཚུ་གི་ གནས་སྟངས་ཡང་ བསྐྱར་ཞིབ་འབད་ནི་ཨིན་པས།
རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་བགྲེསཔ་ ཨེས་ ཨེམ་ ཀི་རིཤ་ན་ དགོངས་ཞུ་འབད་བའི་ཤུལ་ལུ་ སལ་མཱན་ ཁུར་ཤིཌ་དེ་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོའི་ གོ་གནས་ལུ་བཀོད་ཡོདཔ་ད་ ཁོ་གིས་ ཕྱི་འབྲེལ་བློན་པོའི་གོ་གནས་ཐོག་ འབྲུག་ལུ་ གཟིགས་སྐོར་འགོ་དང་པ་ གནང་ནི་ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment