གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མ་ཎི་གདངས་རིངམོ་ཅིག་སློངས་ཏེ་ ནང་གཟུངས་ཚུ་ བཏོན་འབག་ཡོདཔ།

༡༧/༡/༢༠༡༣   ༉ འཕྲལ་ཁམས་ཅིག་ཁར་ བུམ་ཐང་སྟང་རྒེད་འོག་ སྤང་ཞིང་དང་ འཇམ་གྱོང་བར་ན་ མ་ཎི་གདངས་རིངམོ་ཅིག་ སློངས་ཡོདཔ་ཨིན་པས།


གནད་དོན་དེ་གི་སྐོར་ལས་ སྤྱི་ཟླ་༡ པའི་ཚེས་༡༥ ལུ་ བུམ་ཐང་གི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་ལྷོད་ཡོདཔ་ཨིན་རུང་ མཆོད་རྟེན་དེ་ ནམ་སློངས་ཡོདཔ་ཨིན་ན་ ས་གནས་ཀྱི་ མི་ཚུ་གིས་ མི་ཤེས་པས་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ མ་ཎི་གདངས་རིངམོ་དེ་ གཏོར་བཤིག་བཏང་སྟེ་ ནང་གཟུངས་ཚུ་ག་ར་ བཏོན་འབག་ཡོདཔ་མ་ཚད་ མཆོད་རྟེན་གཞན་ཅིག་གི་ རྡོ་ལེབ་དག་པ་ཅིག་ བཏོན་བཀོག་ཡོད་རུང་ ནང་གཟུངས་ཚུ་ ག་ཅི་ར་ འབག་ཡོདཔ་ཨིན་ན་ མི་ཤེས་པས་ཟེར་ཨིན་པས།
དེ་བཟུམ་མའི་ མཆོད་རྟེན་སློངས་མི་དེ་ སྤྱི་ལོ་༢༠༡༣ གྱི་ ལོ་འགོ་བཙུགསཔ་ད་ བུམ་ཐང་རྫོང་ཁག་ནང་ འགོ་དང་པ་ཨིནམ་ད་ ན་ཧིང་ རྒེད་འོག་དེ་གི་ས་གནས་ ཕོ་རོང་ལུ་ མཆོད་རྟེན་ཅིག་སློངས་ཏེ་ ནང་གཟུངས་ཚུ་ བཏོན་འབག་ཡོད་རུང་ མཆོད་རྟེན་སློང་མི་ག་ཨིན་ན་ བདའ་མ་ཟུན་པར་ཡོདཔ་ཨིན་པས།
གཡུས་ཁའི་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མ་ཎི་གདངས་རིངམོ་ནང་ཡང་ ནང་གཟུངས་ག་ཅི་ར་ཡོདཔ་ཨིན་ན་ ག་གིས་ཡང་མི་ཤེས་པས་ཟེར་ཨིན་པས།
རྫོང་ཁག་དེ་ནང་ མཆོད་རྟེན་ཚུ་ འཕྲལ་འཕྲལ་ར་ སློང་དོ་ཡོདཔ་ལས་ ན་ཧིང་ རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་དང་ ཁྲིམས་སྲུང་འགག་པ་ཚུ་ རྒེད་ནང་ལས་ཕར་སོང་སྟེ་ གོ་བརྡའི་ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ཡོད་རུང་ བྱ་ངན་ཚུ་ འཕྲོ་མཐུད་དེ་ར་ བྱུང་བཞིན་དུ་ཡོདཔ་ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment