ཨིན་རུང་ ཚོགས་པ་གིས་ འག་ར་དབང་ཚོགས་པ་འདི་ རྒྱལ་ཡོངས་ཚོགས་འདུའི་བཙག་འ་༢༠༡༣ ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཁྱད་ཚད་དང་ལྡན་དགོ་པ་ཅིན་ ཚོགས་པ་གིས་ ལྷན་ཚོགས་ཀྱི་བཀའ་རྒྱ་ལྟར་དུ་སྦེ་ གནད་དོན་དག་པ་ཅིག་ དག་བཅོས་འབད་དགོཔ་ཨིན་པས།
དེ་ཡང་ ལྷན་ཚོགས་ཀྱིས་ གསལ་བསྒྲགས་འབད་མི་དང་འཁྲིལ་བ་ཅིན་ འབྲུག་སྤྱིར་དབང་ཚོགས་པའི་ ག་ཡིག་འདི་ བཙག་འ་ན་ཚོགས་ས་ དག་བཅོས་འབད་དེ་ ཡོད་མི་ཚིག་དོན་ཐོག་ལུ་སྦེ་ ཚོགས་པ་ན་འཛོམས་ཐོག་ ཆ་འཇོག་བ་པའི ག་ཡིག་ཕུལ་དགོཔ་ཨིན་པས།
དེ་བཟུམ་སྦེ་ ཚོགས་པ་ཡུན་བརྟན་་གནས་སྟངས་གསལ་སྟོན་ལུ་ ཐོ་བཀོད་གླ་ཡོན་ འས་མི་འགན་དབང་གླ་ཡོན་ ཁས་བླངས་ཞལ་འདེབས་ཚུ་གི་ འབྱོར་རྟགས་་ཁ་གསལ་ཚུ་དང་ ཚོགས་པའི་ན་འཛོམས་ཐོག་ ཆ་འཇོག་བ་པའི་ ས་ཁྲའི་སྙན་ཞུ་་འདྲ་ཚུ་ཡང་ ལྷན་ཚོགས་ལུ་ ཕུལ་དགོཔ་ཨིན་པས།
ཚོགས་པའི་ག་ཡིག་དང་ འག་་བཙག་འའི་མས་ལུགས་ཚུ་དང་འལ་ ཚོགས་པ་ན་འཛོམས་ནང་ ཚུལ་མན་བཙག་འ་བ་པའི་ རྒྱལ་ཡོངས་བཀོད་ཁྱབ་ཚོགས་ཆུང་་འས་མིའི་ མིང་གསལ་ཚུ་ཡང་ ཁ་གསལ་སྦེ་ བཀོད་དགོ་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པ་གིས་ སྤྱི་ཟླ་དང་པའི་ཚེས་༢ ལུ་ ཡོངས་ཁྱབ་ཞལ་འཛོམས་ཅིག་འཚོགས་མིའི་ནང་ ཆོགས་ཆུང་ཁག་༧ གཞི་བཙུགས་འབད་ཡོདཔ་ད་ དེ་ཡང་ འདེམས་ངོ་གདམ་འཐུའི་ཚོགས་ཆུང་དང་ འཐུས་མི་ཐོ་བཀོད་ཚོགས་ཆུང་ བརྡ་བརྒྱུད་དང་མི་སྡེ་མཐུན་འབྲེལ་ཚོགས་ཆུང་ དེ་ལས་ རྫོང་ཁག་དང་ རྒེད་འོག་མཉམ་འབྲེལ་ཚོགས་ཆུང་ ན་གཞོན་དང་ ཨམ་སྲུའི་ཚོགས་ཆུང་ ཞིབ་འཚོལ་དང་ གོང་འཕེལ་ཚོགས་ཆུང་ འཆར་གཞི་དང་ ལས་རིམ་ཚོགས་ཆུང་ཚུ་ གཞི་བཀོད་འབད་ཡི་ཟེར་ ཚོགས་པའི་གནས་ཚུལ་གསར་སྟོན་ནང་ བཀོད་ནུག།
ཚོགས་པའི་ཐོ་བཀོད་ཅན་གྱི་ འདེམས་ངོ་༤༦ དེ་ཅིག་ཡོད་མི་ཚུ་ བསྐྱར་ཞིབ་ཐོག་ གཏན་འཁེལ་བཟོ་དགོཔ་ཡོདཔ་མ་ཚད་ ད་ཚུན་ དང་འདོད་ཡོད་རུང་ རང་སོའི་ཞི་གཡོག་གི་འགན་འཁྲི་ལུ་བརྟེན་ ངོ་སྟོན་མེད་པར་ཡོད་མི་ འོས་འབབ་ཅན་གྱི་འདེམས་ངོ་ཚུ་དང་ཡང་ འབྲེལ་གཏུགས་འབད་དེ་ གཏན་འཁེལ་བཟོ་ནི་ཟེར་ཨིན་པས།
རྫོང་ཁག་༢༠ འི་ནང་ ལུགས་མཐུན་གྱི་ ཚོགས་པའི་ཡན་ལག་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་ ལཱ་ཚུ་ཡང་ འབད་ནི་ཨིན་ཟེར་ ཨིན་པའི་ཁར་ ཚོགས་པའི་ཡོངས་ཁྱབ་ཞལ་འཛོམས་དེ་ སྤྱི་ཟླ་༢ པའི་ནང་ འགོ་འདྲེན་འཐབ་ནི་དང་ ཞལ་འཛོམས་དེ་ནང་ ཚོགས་པའི་བཀོད་ཁྱབ་འཐུས་མི་ཚུ་དང་ ཡིག་ཚང་འགན་འཁྲི་འབག་མི་ཚུ་ བཙག་འཐུ་འབད་དེ་ ཚོགས་པའི་རྩ་ཁྲིམས་དང་ རྩིས་ཁྲ་ཚུ་ གསལ་སྟོན་འབད་དེ་ ཆ་འཇོག་འབད་ནི་ཟེར་ ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment