གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་ལུ་ ཁྲིམས་འགལ་གནད་དོན་ཚུ་ མར་བབས་སོང་ཡོད་པའི་མངོན་གསལ།

༧/༡/༢༠༡༣   ༉ སྤྱི་ལོ་༢༠༡༡ ལུ་ ཐིམ་ཕུ་རྫོང་ཁག་ནང་ ཁྲིམས་འགལ་གྱི་གནད་དོན་ ཡོངས་བསྡོམས་༡,༧༥༢ ཐོན་ཡོདཔ་ཨིན་རུང་ ན་ཧིང་གི་ལོ་ནང་༡,༣༤༡ ལུ་ མར་བབས་སོང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ གནད་སྡུད་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༡ ལུ་ ཁྲིམས་སྲུང་འགག་པའི་ གྲོང་གསེབ་སྡེ་ཚན་ནང་ གནད་དོན་༢༨༧ དང་ ཁྲོམ་སྡེའི་སྡེ་ཚན་ནང་༧༨༥ ཐོན་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༡༢ ལུ་ གྲོང་གཡུས་སྡེ་ཚན་ནང་༢༨༩ དང་ ཁྲོམ་སྡེའི་སྡེ་ཚན་ནང་༥༧༡ མ་གཏོགས་ མ་ཐོནམ་ཨིན་པས།



སྡེ་ཚན་དེ་གཉིས་ནང་ དཔེ་འབད་བ་ཅིན་ ཨར་རྐུན་འབད་མི་དང་ སྣུམ་འཁོར་མེདཔ་བཏང་མི་དང་འབྲེལ་བའི་ གནད་དོན་གཞན་ཚུ་ ཚུདཔ་ཨིན་པས།
དེ་བཟུམ་སྦེ་ ཁྲིམས་སྲུང་འགག་སྡེའི་ སྡེ་ཚན་གཞན་ ཨམ་སྲུ་དང་ཨ་ལུའི་ཉེན་སྲུང་སྡེ་ཕྲན་ནང་ སྤྱི་ལོ་༢༠༡༡ ལུ་ གནད་དོན་༥༠༠ ཐོ་བཀོད་འབད་ཡོདཔ་ཨིན་རུང་ སྤྱི་ལོ༢༠༡༢ ལུ་ གནད་དོན་༤༦༧ ཐོན་ས་ལས་༣༢༠ མ་གཏོགས་ ཐོ་བཀོད་མ་འབད་བས།
སྡེ་ཕྲན་གྱི་ འདས་པའི་ལོ་༣ གྱི་ གནད་སྡུད་ཚུ་དང་འཁྲིལཝ་ད་ འདས་པའི་ལོ་ཚུ་ནང་ ཁྲིམས་འགལ་གྱི་གནད་དོན་ཚུ་ མར་བབས་སོང་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས།
སྡེ་ཕྲན་གྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བཅིན་ གནད་དོན་ཚུ་གི་གྲས་ལས་ མཐོ་ཤོས་ར་ བརྡུང་རྫོབ་ཀྱི་གནད་དོན་ཚུ་ཨིནམ་ད་ དེ་ཡང་ སྐྱེས་ལོ་༢༥ ཡན་ཆད་འབད་མི་ཚུ་གི་གྲས་ཁར་ བྱུང་ནུག་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མ་གཞི་ གནད་དོན་གཞན་ཚུ་ དུམ་གྲ་རེ་ མར་བབས་སོང་ཡོདཔ་ཨིན་རུང་ བཟའ་ཚང་དང་འབྲེལ་བའི་ གནད་དོན་ཚུ་ ཧ་ལམ་ འདས་པའི་ལོ་ཚུ་དང་ ཅོག་འཐདཔ་སྦེ་ར་ འདུག་ཟེར་ཨིན་པས།
གཞན་མི་གནད་དོན་ཚུ་ མར་བབས་སོང་མི་དེ་ཡང་ ཁྲིམས་སྲུང་དང་ན་གཞོན་མཉམ་འབྲེལ་ལས་རིམ་ཚུ་ འགོ་བཙུགས་མི་གིས་མ་བརྩིས་བར་ སྤྱི་ལོ་༢༠༡༡ ལུ་ ཁྲིམས་སྲུང་འགག་སྡེ་གིས་ ཁྲིམས་འགལ་དང་ ཁྲིམས་འགལ་བརྡ་དོན་ལམ་ལུགས་གསརཔ་ཅིག་ གཞི་བཙུགས་འབད་མི་དང་ རྒྱལ་ཁབ་ཀྱི་ རྫོང་ཁག་ཆ་མཉམ་ནང་ བཟའ་ཚང་དང་འའབྲེལ་བའི་ གནད་དོན་གྱི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་མི་ལུ་བརྟེན་ཏེ་ཨིན་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
དེ་ལས་ སྨྱོ་རྫས་སྡེ་ཕྲན་གྱི་ཐད་ལུ་ སྤྱི་ལོ་༢༠༡༡ ལུ་ སྨྱོ་རྫས་འཆང་སྤྱོད་འབད་བའི་ གནད་དོན་༡༨༠ ནང་ མི་གྲངས་༣༢༨ འཛིན་བཟུང་འབད་ཡོདཔ་ད་ སྤྱི་ལོ་༢༠༡༢ ལུ་ གནད་དོན་༡༦༡ ཐོ་བཀོད་འབད་མི་དང་འབྲེལ་ མི་གྲངས་༢༦༣ མ་གཏོགས་ འཛིན་བཟུང་མ་འབད་བས།
སྨྱོང་རྫས་ཀྱི་ གནད་དོན་ཚུ་ནང་ སྐྱེས་ལོ་༡༡ ཡན་ཆད་འབད་མི་ལས་༢༤ རེ་འབད་མི་ཚུ་ ཚུད་ཡོདཔ་ད་ བརྒྱ་ཆ་ལས་འབད་བ་ཅིན་ ན་གཞོན་བརྒྱ་ཆ་༨༠ དང་ ན་ལོན་བརྒྱ་ཆ་༢༤ ཐོནམ་ཨིན་པས།
སྡེ་ཕྲན་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྨྱོ་རྫས་འཆང་སྤྱོད་དང་འབྲེལ་བའི་གནད་དོན་ཚུ་ མར་བབས་སོང་མི་དེ་ གཅིག་ལས་འབད་བ་ཅིན་ གཞུང་གིས་ ཆུ་འཛོམས་སྒོ་ར་ཁ་ལུ་ སྣུམ་འཁོར་ཚུ་ དབྱེ་ཞིབ་འབད་མ་དགོཔ་ བཟོ་མི་ལུ་བརྟེན་ཏེ་ཨིནམ་ད་ གཞན་འབད་བ་ཅིན་ རྒྱལ་ཁང་ནང་ ནང་འདྲེན་འབད་མི་ སྨྱོ་རྫས་ཀྱི་རྒྱ་ཚད་དེ་ མཐོ་སུ་ཅིག་སྦེ་ར་ གནས་ཏེ་ཡོད་ཟེར་ཨིན་པས།
ཨིན་རུང་ དགོས་མཁོ་དང་འཁྲིལ་ ཆུ་འཛོམས་སྒོ་ར་ཁ་ལུ་ ཁྲིམས་སྲུང་འགག་པ་ཚུ་གིས་ ད་རེས་ནངས་པ་ཡང་ འཕྲལ་འཕྲལ་སྦེ་ར་ དབྱེ་ཞིབ་ཚུ་ འབད་ནི་ཡོད་ཟེར་ འགོ་དཔོན་ཚུ་གིས་སླབ་ཅི།
སྨྱོ་རྫས་སྡེ་ཕྲན་གྱི་ ཐོ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༡ ལུ་ སྨྱོ་རྫས་འཆང་སྤྱོད་ཀྱི་ གནད་དོན་ཅིག་ནང་ འཕྱོགས་བཟུང་འབད་བའི་ སྨྱོ་རྫས་ཀྱི་རིགས་མཐོ་ཤོས་དེ་ ཨིསི་པེ་སི་མོ་ པོ་རོག་སི་མཱོན་ལེབ་༢,༦༣༢ དང་ ཀེ་རྣམ་ཀེ་ཇི་༡.༦ ཨིནམ་ད་ སྤྱི་ལོ་༢༠༡༢ ལུ་ ཨིསི་པེ་སི་མོ་ པོ་རོག་སི་མཱོན་ལེབ་༡,༨༢༢ ཨིན་པས།
ཨིན་རུང་ རྒྱལ་ཡོངས་ཀྱི་ ཁྲིམས་འགལ་གནད་དོན་ཚུ་ བསྡུ་སྒྲིག་འབད་མ་ཚར་བར་ ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment