གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་བཱསི་ཀེཌ་བཱོལ་ཚོགས་པ་གིས་ གནམ་དགུན་ལུ་ སྦྱོང་བརྡར་ལས་རིམ་འགོ་འདྲེན་འཐབ་དོ་ཡོདཔ།

༡༨/༡/༢༠༡༣    ༉ ད་རེས་ནངས་པ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ ཊེ་བཱལ་ཊི་ནིསི་རྩེད་སའི་ཉེ་འདབས་ལུ་ཡོད་པའི་ ས་ཁོངས་ནང་སྦེ་ སྐྱེས་ལོ་༨ ལས་༡༦ ཚུན་འབད་མི་ ན་གཞོན་༡༥༠ ལྷགཔ་ཅིག་གིས་ གནམ་དགུན་གྱི་ བཱསི་ཀེཌ་བཱོལ་ སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་ནི་དེ་གིས་ མི་ཚེའི་ནང་ ལཱ་གཡོག་གི་ གོ་སྐབས་བཟང་པོ་ཅིག་ཨིན་པས།

ན་གཞོན་སློབ་ཕྲུག་ཚུ་གིས་ སྦྱོང་བརྡར་འབད་བའི་བསྒང་།

འབྲུག་བཱསི་ཀེཌ་བཱོལ་ཚོགས་པ་གིས་ གནམ་དགུན་ལུ་ སྦྱོང་བརྡར་ལས་རིམ་འགོ་འདྲེན་འཐབ་སྟེ་ ལོ་༣ ལང་ཡོདཔ་བཞིན་དུ་ ལོ་རེའི་ནང་ བཅའ་མར་གཏོགས་མི་ ཡར་ཕར་འགྱོ་དོ་ཡོདཔ་ལས་ འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་འགྲུབ་ཚུགས་ནི་ལུ་ འོས་འབབ་སྦོམ་འདུག་ཟེར་ འགོ་དཔོན་ཚུ་ སེམས་དགའ་ཡོདཔ་ཨིན་པས།
འབྲུག་བཱསི་ཀེཌ་བཱོལ་ཚོགས་པའི་འགོ་དཔོན་ རྒྱ་མཚོ་གིས་སླབ་མི་དང་འཁྲིལཝ་ད་ རྒྱལ་ཡོངས་བཱསི་ཀེཌ་བཱོལ་ རྩེད་འགྲན་འབད་མི་ཚུ་གིས་ ཨེ་ཤེ་ཡཱན་དང་ ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ མཐུན་འབྲེལ་གྱི་རྩེད་འགྲན་དང་ འགྲན་བསྡུར་འབད་བའི་སྐབས་ འབྲུག་མི་ཚུ་གི་རེ་བ་ལས་འབད་བ་ཅིན་ རྒྱལ་ཁ་འཐོབ་སྟེ་ རྒྱལ་རྟགས་ཚུ་ ལེན་དགོཔ་སྦེ་ཨིན་རུང་ རྒྱལ་ཁ་འཐོབ་མ་ཚུགས་པའི་སྐབས་ སེམས་ཕམ་ནི་དང་ སྐྱོན་བརྗོན་འབདཝ་མས་ཟེར་ཨིན་པས།
ཁོ་གིས་ འབད་བ་ཅིན་ འབྲུག་པའི་ན་གཞོན་ཚུ་གིས་ རྒྱལ་རྟགས་ཀྱི་གསོལ་རས་འཐོབ་ནི་བ་ འགྲན་བསྡུར་ཚུ་ནང་ བཅའ་མར་གཏོགས་ནི་དེ་ ཁག་ཆེ་ཟེར་ཨིནམ་ད་ རྩེད་འགྲན་ཚུ་ནང་ བཅའ་མར་གཏོགས་པའི་སྐབས་ ཤེས་ཡོན་ཡར་འཕེལ་གཏང་ཚུགས་པའི་ཁར་ རྒྱལ་ཁབ་ཚུ་དང་མཐུན་འབྲེལ་དང་ རིག་རྩལ་ ཤེས་ཡོན་ དེ་ལས་ ལྕོགས་གྲུབ་ཚུ་ ཡར་རྒྱས་འགྱོ་ཚུགས་པའི་ ཕན་ཐོགས་ཡོད་ཟེར་ཨིན་པས།
ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནི་ཨིན་མི་ སྦྱོང་བརྡར་ལས་རིམ་གྱི་ དམིགས་ཡུལ་དེ་ མ་འོངས་ན་གཞོན་ཚུ་གིས་ བཱསི་ཀེཌ་བཱོལ་རྩེད་འགྲན་གྱི་ ཤེས་ཡོན་འཐོབ་ཚུགསཔ་བཟོ་ནི་དང་ རིག་རྩལ་ཡར་དྲགས་གཏང་ནི་ དེ་ལས་ ན་གཞོན་ཚུ་གི་བར་ན་ སྤྲོ་བ་འབྱུང་ནི་དོན་ལུ་ ཨིན་ཟེར་ཨིན་པས།
སྦྱོང་བརྡར་ལས་རིམ་དེ་ཡང་ སྤྱི་ཟླ་༡ པའི་ཚེས་༧ ལས་༣༠ ཚུན་ འགོ་འདྲེན་འཐབ་ནི་ཨིནམ་ད་ ལས་རིམ་དེ་ ཕྱི་རྒྱལ་ཨ་མི་རི་ཀ་ལས་ མཁས་མཆོག་སྡེ་ཚན་ཅིག་གིས་ སློབ་སྟོན་འབད་དོ་ཡོདཔ་མ་ཚད་ སྦྱོང་བརྡར་གྱི་མཐུན་རྐྱེན་ཚུ་ འབག་འོང་ཡོདཔ་ཨིན་པས།
ལས་རིམ་དེ་ ཐིམ་ཕུ་རྫོང་ཁག་ནང་རྐྱངམ་གཅིག་ འགོ་འདྲེན་འཐབ་མེན་པར་ སྤ་རོ་རྫོང་ཁག་ནང་ཡང་ འགོ་འདྲེན་འཐབ་ཡོདཔ་ལས་ བཅའ་མར་གཏོགས་མི་༥༠ ལྷགཔ་ཅིག་འོང་ཡོདཔ་ཨིན་པས།
བཱསི་ཀེཌ་བཱོལ་རྩེད་འགྲན་འབད་ནི་ལུ་ སྤྲོ་བ་དང་དང་འདོད་ཡོད་མི་ གཞན་རྫོང་ཁག་ནང་ལས་ཡོད་པ་ཅིན་ སྦྱོང་བརྡར་ལས་རིམ་དེ་ རྫོང་ཁག་ཚུ་ནང་ འགོ་འདྲེན་འཐབ་ནིའི་དམིགས་ཡུལ་ཡོདཔ་ ཨིན་པའི་གནས་ཚུལ

བཀྲིས་ཕུན་ཚོགས།

No comments:

Post a Comment