གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨམ་སྲུ་ཅིག་གིས་ ཡིག་ཆ་རྫུས་བཟོ་ཐོག་ ས་ཁྲམ་སྤོ་སོར་འབད་ཡོདཔ།

༢/༡/༢༠༡༣   ༉ སྤ་རོ་རྫོང་ཁག་ནང་ སོ་ནམ་གྱི་ ལཱ་འབད་མི་ ཨམ་སྲུ་ཅིག་གིས་ ལོ་༦ གི་ཧེ་མར་ གཡོ་སྒྱུ་དང་ ཡིག་ཆ་རྫུས་བཟོའི་ཐོག་ ཨ་ཁུའི་ས་ཆ་དེ་ མོ་གི་མིང་ཐོག་ཁར་ སྤོ་སོར་འབད་བའི་ཁར་ མོ་སྤུན་ལུ་ སྐལ་བགོ་སྤྲོད་མི་ལུ་བརྟེན་ ཆེ་མཐོའི་ཁྲིམས་འདུན་གྱིས་ སྤྱི་ཟླ་༡༢ པའི་ཚེས་༣༡ ལུ་ མོ་ལུ་ བཙོན་ཁྲིམས་ལོ་༡ བཀལ་ཡོདཔ་ཨིན་པས།


དེ་ཡང་ རྡོ་སྒར་རྒེད་འོག་ལས་ བསོད་ནམས་བཟང་མོ་གིས་ མོ་ར་ ཁྱིམ་གྱི་ནང་མི་གཙོ་ཅན་ཨིན་ལུགས་བཟོ་སྟེ་ མོ་རའི་ཨ་པ་རིག་འཛིན་ཟེར་མི་ཨིན་རུང་ ཤོབ་རྐྱབ་ཐོག་ལས་ ཚེ་འདས་ཨ་ཁུ་ དགྲ་ལི་དེ་ ཨ་པ་ངོ་མ་ཨིན་པའི་ ཡིག་ཆ་རྫུས་མ་བཟོ་ཡོདཔ་མ་ཚད་ ཚེ་འདས་དགྲ་ལིའི་ རང་དབང་ཅན་གྱི་ ས་ཆ་ཚུ་ སྤྱི་རོ་༢༠༠༦ ལུ་ མོ་དང་ མོ་རའི་ཨ་ཞེམོ་ལུ་ སྐལ་བགོ་སྤྲོད་ཡོདཔ་ཨིན་པས།
བསོད་ནམས་བཟང་མོ་དང་ ཨ་ཞེམོ་དར་སྒོ་དེ་གཉིས་ ཚེ་འདས་དགྲ་ལིའི་ གནས་ཚང་ལུ་བརྟེན་ཏེ་ ཚམོ་ཕོགཔ་མ་གཏོགས་ ཚེ་འདས་ཀྱི་ ས་ཆ་ཚུ་ ཐོབ་ལམ་མེད་རུང་ དེ་བསྒང་ ཁོང་༢ ཨ་པ་རིག་འཛིན་གྱིས་ བཀོ་བཞག་པའི་སྐབས་ ཚེ་འདས་དགྲ་ལི་གིས་ལྟ་སྐྱོང་འབད་དེ་ སྐབས་ཅིག་ཁྱིམ་༡ ནང་ ཁེ་རྒུད་གཅིག་སྦེ་ སྡོད་ཡོདཔ་ཨིན་པས།
ཚེ་འདས་དགྲ་ལིའི་ གནས་ཚང་གི་ ཨ་ཞེམོ་གི་ བུམོ་ཨིན་མི་ བསོད་ནམས་བཟང་མོ་དང་ མོ་སྤུན་དར་སྒོ་གཉིས་ཀྱིས་ སྐལཝ་བགོ་བཤའ་ཚུ་ ཁོང་རའི་ཨ་པ་དང་ ཨའི་གཉིས་ལས་ ཐོབ་ནི་མ་གཏོགས་ ཚེ་འདས་དགྲ་ལིའི་ རང་དབང་ཅན་གྱི་ ས་ཆ་ཚུ་ དགྲ་ལིའི་བུ་ ཚེ་འདས་དཔལ་འབྱོར་གྱི་ བུ་གཞི་༤ ལུ་ ཐོབ་ལམ་ཡོད་ཟེར་ འཁྲུན་ཆོད་ནང་ གསལ་བཀོད་འབད་ནུག།
སྤྱི་ལོ་༡༩༩༧ དང་༡༩༩༨ ཀྱི་ མི་རྩིས་ཐོ་བཀོད་དང་འཁྲིལཝ་ད་ བསོད་ནམས་བཟང་མོ་དང་ མོ་སྤུན་དར་སྒོ་གཉིས་ ཚེ་འདས་དགྲ་ལི་དང་ མི་རྩིས་གཅིག་ཁར་མེད་པའི་ ངོས་འཛིན་བྱུང་ཡི་ཟེར་ འཁྲུན་ཆོད་ནང་བཀོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment