གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེས་ལོ་༦༠ ལང་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ།

༡༧/༡/༢༠༡༣   ༉ སྤ་རོ་ཤར་རི་ལས་ སྐྱེས་ལོ་༦༠ ལང་མི་ ཕོ་སྐྱེས་ཅིག་གིས་ ཏམ་ཁུ་དང་ ཏམ་ཁུའི་ཐོན་སྐྱེད་ཀྱི་ ཅ་ཁྲལ་དང་ ནང་འདྲེན་ཚོང་ཁྲལ་ཚུ་ མ་བཏབ་པར་འབག་འོངམ་མ་ཚད་ འཆང་སྤྱོད་འབད་མི་ལུ་བརྟེན་ ཐིམ་ཕུ་ ཁྲིམས་འདུན་གྱི་ ཁྲིམས་ཁྲི་༥ པ་གིས་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ་ཨིན་པས།


སྐྱེས་ལོ་༦༠ ལང་མི་ ཡེ་ཤེས་ཀྱིས་ སྤྱི་ལོ་༢༠༡༢ ཟླ་༡༢ པའི་ཚེས་༡༢ ལུ་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལས་ བཱ་བ་ཤོག་ལྟབ་༩༥༨ དང་ ནེ་བི་ཀཊ་ཕུད་རྡོག་༤༠༠ ཕི་ལེཀ་ཕུད་རྡོག་༢༤༠ བི་རི་ཕུད་རྡོག་༣,༧༤༠ ཁའི་ནི་ཀྲིམ་ཅུ་༢ ཛ་ཏི་༡ འབདཝ་ད་ རིན་གོང་དངུལ་ཀྲམ་བསྡོམས་༤,༨༣༤ གནས་པའི་གཏམ་ཁུ་ཚུ་ ཚུལ་མིན་ཐོག་ལས་ འབག་འོང་ཡོདཔ་ཨིན་པས།
འབྲུག་གི་ཏམ་ཁུ་དམ་འཛིན་བཅའ་ཁྲིམས་༢༠༡༠ ཅན་མའི་ དོན་ཚན་༡༡ པ་འཁྲིལཝ་ད་ ཏམ་ཁུ་དང་ ཡང་ཅིན་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཅ་ཁྲལ་དང་ ནང་འདྲེན་གྱི་ ཚོང་ཁྲལ་སྤྲོད་པའི་སྒྲུབ་བྱེད་མེད་པ་ ཡང་ཅིན་ སྤྱི་ཚོགས་ཀྱིས་ ཐག་བཅད་གྲུབ་པའི་ཚད་གཞི་ལས་ལྷག་སྟེ་ འཆང་སྤྱོད་འབད་མི་ཆོག་ཟེར་མི་ལས་ འགལ་ཡོདཔ་ཨིན་པས།
འབྲུག་གི་ ཏམ་ཁུ་དམ་འཛིན་བཅའ་ཁྲིམས་༢༠༡༠ ཅན་མའི་ དོན་ཚན་༥༡ པ་དང་འཁྲིལཝ་ད་ གལ་སྲིད་མི་ཅིག་གིས་ ཏམ་ཁུ་དང་ ཡང་ཅིན་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཚད་གཞི་ལས་༤ ལྟབ་ལྷག་སྟེ་ འཆང་སྤྱོད་འབད་བ་ཅིན་ འབྲུག་གི་ ཉེས་འགེལ་ཁྲིམས་དེབ་ལྟར་ དབྱེ་རིམ་༤ པའི་ ཉེས་ཁྲིམས་སྨིན་དགོ་ཟེར་ འཁོད་ཡོདཔ་ལས་ ཡེ་ཤེས་ལུ་ དབྱེ་རིམ་༤ པའི་ཉེས་ཁྲིམས་ ལོ་༣ བཀལ་ཡོདཔ་ཨིན་པས།
ཡེ་ཤེས་ཀྱིས་ སྤྱི་ལོ་༢༠༡༢ ཟླ་༡༢ པའི་ཚེས་༡༢ ལས་ སྤྱི་ལོ་༢༠༡༣ ཟླ་༡ པའི་ཚེས་༡༠ ཚུན་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ སྡོད་ཡོདཔ་ལས་ ད་ལས་ཕར་ བཙོན་ཁྲིམས་ལོ་༢ དང་ ཟླཝ་༡༡ ཞག་གྲངས་༢ འབག་དགོཔ་ཨིན་པས།
ཁོ་གི་ བཙོན་ཁྲིམས་དེ་ ཁྲིམས་འཐུས་བཏབ་མ་ཆོགཔ་ཨིནམ་ལས་ བསམ་པ་མ་རྫོགས་པ་ཅིན་ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ མཐོ་གཏུགས་འབད་ཆོགཔ་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment