གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོང་པ་ཅིག་གིས་ འབབ་ཁུངས་ཁྲལ་གྱི་ ཉེས་ཆད་བརྒྱ་ཆ་ཧྲིལ་བུམ་བཏབ་མ་དགོཔ།

༤/༡/༢༠༡༣   དེ་ཡང་ འབབ་ཁུངས་ཁྲལ་དང་ ཉེས་ཆད་དངུལ་ཀྲམ་ས་ཡ་༣.༨༧༡ སྤྲོད་དགོ་མི་ལས་ ས་ཡ་༡.༨༧༥ ལུ་མར་ཕབ།
༉ སྤ་རོ་ལུ་ བཟའ་ཁང་གི་ ཇོ་བདག་ཅིག་གིས་ སྤྱི་ལོ་༢༠༠༧ ལས་༢༠༠༩ ཚུན་འབདཝ་ད་ ལོ་ངོ་༣ གྱི་ ཚོང་འབྲེལ་འབབ་ཁུངས་ཁྲལ་དང་ བཙོང་ཁྲལ་གྱི་ རྩིས་ཁྲ་ཚུ་ འོང་འབབ་དང་ ཅ་དམ་ལས་ཁུངས་ལུ་ མ་བཙུགས་པར་ ཁྲལ་འབབ་ལས་ ཟུར་ཐབས་འབད་ཡོད་མི་ལུ་བརྟེན་ དངུལ་ཀྲམ་ས་ཡ་༡.༨༧༥ ལྷགཔ་ཅིག་ གཞུང་ལུ་ ཕུལ་དགོཔ་ཨིན་པས།


དེ་ཡང་ བདུན་ཕྲག་ཧེ་མའི་ནང་ ཆེ་མཐོ་ཁྲིམས་འདུན་གྱིས་ སྤ་རོ་རྫོང་ཁག་ཁྲིམས་འདུན་ལས་གནང་མི་ འཁྲུན་ཆོད་དེ་ ཆ་ཤས་ཅིག་ བསྒྱུར་བཅོས་འབད་མི་དེ་ཡང་ ཐོག་མའི་ཁྲིམས་འདུན་གྱིས་ དོབ་ཤར་རི་རྒེད་འོག་ལས་ སྐྱེས་ལོ་༥༢ ལང་མི་ སངས་རྒྱས་ཚེ་རིང་གིས་ ཚོང་འབྲེལ་འབབ་ཁུངས་ཁྲལ་དང་ བཙོང་ཁྲལ་གྱི་ ཉེས་ཆད་གཉིས་བསྡོམས་ཏེ་ དངུལ་ཀྲམ་ས་ཡ་༣.༨༧༡ ལྷགཔ་ཅིག་ གཞུང་གི་རྩིས་ཁྲ་ནང་ བཙུགས་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་ཨིན་རུང་ ཆེ་མཐོ་ཁྲིམས་འདུན་ལས་ ཉེས་ཆད་བརྒྱ་ཆ་༡༠༠ མེན་པར་ བརྒྱ་ཆ་༢༤ ལུ་ བརྩི་འཇོག་ཐོག་ དངུལ་ཀྲམ་ས་ཡ་༡.༨༧༥ ལས་ སྤྲོད་མ་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ནུག།
སངས་རྒྱས་ཚེ་རིང་གིས་ ལོ་ངོ་༣ གྱི་ ཚོང་འབྲེལ་འབབ་ཁུངས་ཁྲལ་དང་ བཙོང་ཁྲལ་གྱི་ རྩིས་ཁྲ་མ་བཙུགས་མི་ལུ་བརྟེན་ རྫོང་ཁག་ཁྲིམས་འདུན་གྱིས་ ཁོ་ལུ་ བཙོང་ཁྲལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༡.༠༧༩ གུ་ འབྲུག་གི་འབབ་ཁུངས་ཁྲལ་གྱི་བཅའ་ཁྲིམས་ སྤྱི་ལོ་༢༠༠༡ ཅན་མ་དང་འཁྲིལ་ ཉེས་ཆད་བརྒྱ་ཆ་༡༠༠ འབདཝ་ད་ དངུལ་ཀྲམ་ས་ཡ་༢.༦༣༧ བཀལ་ཡོདཔ་མ་ཚད་ ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་གིས་ ཁྲལ་རྩིས་བཙུགས་དགོ་པའི་སྐོར་ ཉེན་བརྡའི་ཡི་གུ་༢༧ བཏང་ཡོད་མི་ལུ་ སྣང་མེད་བཞག་པའི་ ཉེས་ཆད་དངུལ་ཀྲམ་༡༣,༥༠༠ བཀལ་ཡོདཔ་ཨིན་པས།
དེ་འབདཝ་ད་ ཐོག་མའི་ཁྲིམས་འདུན་ལས་ བཙོང་ཁྲལ་དངུལ་ཀྲམ་ས་ཡ་༡.༠༧༩ གཞུང་ལུ་བཙུགས་དགོཔ་སྦེ་ འཁྲུན་ཆོད་གནང་མི་ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ ཆ་གནས་ཧྲིལ་བུ་མཛད་ཡོད་རུང་ ཉེས་ཆད་བརྒྱ་ཆ་༡༠༠ ཐོག་ དངུལ་ཀྲམ་ས་ཡ་༢.༦༣༧ བཀལ་མི་དེ་ སྤྱི་ལོ་༢༠༡༡ ཟླཝ་༡༢ པའི་ཚེས་༣༠ ལུ་བཏོན་མི་ མངོན་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་བཞག་སྟེ་ ཆ་མེད་བཏང་ནུག།
སྤྱི་ཟླ་༡༢ པའི་ཚེས་༢༨ ལུ་གནང་མི་ འཁྲུན་ཆོད་དང་འཁྲིལཝ་ད་ སངས་རྒྱས་ཚེ་རིང་གིས་ སྤྱི་ལོ་༢༠༡༡ ལོའི་འབབ་ཁུངས་ཁྲལ་གྱི་བཅའ་ཁྲིམས་བསྒྱུར་བཅོས་འབད་མི་དང་འཁྲིལ་ ཉེས་ཆད་བརྒྱ་ཆ་ལས་བརྒྱ་སྨིན་དགོཔ་མེད་པར་ ཉེས་ཆད་དངུལ་ཀྲམ་ས་ཡ་༡.༢༦༩ དང་ ཁྱབ་བསྒྲགས་ལུ་མ་གནས་པའི་ཉེས་བྱ་ དངུལ་ཀྲམ་༡༣,༥༠༠ དེ་ལས་ སྤྱི་ལོ་༢༠༡༢ ཟླཝ་༡༢ པའི་ཚེས་༣༡ ཚུན་གྱི་ཉེས་ཆད་ བརྒྱ་ཆ་༢༤ ལུ་ དངུལ་ཀྲམ་ས་ཡ་༠.༥༩༢ རྩིས་ཏེ་ ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༡.༨༧༥ དེ་ འཁྲུན་ཆོད་བཏོན་པའི་ཉིནམ་ལས་འགོ་བཟུང་ ཟླཝ་༣ གྱི་ནང་འཁོད་ལུ་ གཞུང་ལུ་ ཕུལ་དགོཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༡ པའི་ནང་ རྩོད་ཟླ་སངས་རྒྱས་ཚེ་རིང་དང་ རྩོད་རྩ་རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གཉིས་ཆ་ར་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
གཞུང་གི་ཁ་ཐུག་ལས་ ཉེས་བཤེར་འབད་མི་ ངོ་ཚབ་ཀྱིས་ཕུལ་མི་ བཤེར་ཡིག་ནང་ བཟའ་ཁང་གི་ ཇོ་བདག་ལུ་ ཚོང་འབྲེལ་འབབ་ཁུངས་ཁྲལ་དང་ བཙོང་ཁྲལ་གྱི་ རྩིས་ཁྲ་བཙུགས་དགོ་པའི་ དྲན་བརྡའི་ཡི་གུ་༣༢ བཏང་ཡོད་རུང་ སངས་རྒྱས་ཚེ་རིང་གིས་ སྣང་མེད་རྒྱབ་བསྐྱུར་ཐོག་ལས་ ལན་གསལ་མེད་པར་ བཞག་ཡོདཔ་ལས་ ཁྲལ་ལས་ཟུར་ཐབས་འབད་ཡོད་པའི་ ཉེས་ཁྲིམས་སྨིན་དགོ་ཟེར་བཀོད་ནུག།
ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་ནང་ ཐོག་མའི་ཁྲིམས་འདུན་གྱིས་ རྩོད་ཟླ་ལུ་ ཁྲལ་འབབ་ལས་ ཟུར་ཐབས་འབད་བའི་ ཉེས་ཆད་བརྒྱ་ཆ་༡༠༠ བཀལ་ཡོད་མི་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཀྱིས་ ཁྲལ་ཟུར་ཐབས་ཀྱི་ ཉེས་ཁྲིམས་བཀལ་དགོ་པའི་ ཉེས་འཛུགས་བཀོད་ཡོད་མི་གཉིས་ ཉེས་སྤྱོད་གཅིག་སྒྲིལ་ལས་བྱུང་བའི་ ཉེས་འགལ་གཅིག་གི་ ཁྲིམས་གཅོད་ཨིནམ་ བརྩི་འཇོག་ཐོག་ སངས་རྒྱས་ཚེ་རིང་ལུ་ ཉེས་ཁྲིམས་བཀལ་ཐབས་མིན་འདུག་ཟེར་བཀོད་ནུག།
རྩོད་ཟླ་སངས་རྒྱས་ཚེ་རིང་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༦ ལས་༢༠༡༡ ཚུན་ཚོད་ འབྱུང་ཁུངས་ལས་བཏོག་བཞག་པའི་ཁྲལ་བརྒྱ་ཆ་༢ ཀྱི་ རྩིས་ཁྲ་ཚུ་དགོཔ་སྦེ་ འབྲེལ་ཡོད་ཡིག་ཚང་ཚུ་ནང་ ཞུ་བ་ཡང་བསྐྱར་འབད་རུང་ བྱིན་མ་བཏུབ་པའི་ཁར་ སྤྱི་ལོ་༢༠༠༨ ལུ་ ཁོ་ར་ ཨ་ལུའི་སྨན་བཅོས་ཀྱི་དོན་ལས་ རྒྱ་གར་ལུ་ འགྱོ་དགོཔ་བྱུངམ་ལས་ ཁྲལ་གྱི་རྩིས་ཁྲ་ཚུ་ ཕུལ་མ་ཚུགས་རུང་ རྒྱལ་ཁབ་ནང་ ལོག་ལྷོད་པའི་ཤུལ་ལུ་ རྩིས་ཁྲ་བཟོ་སྟེ་ བཙུགས་པའི་སྐབས་ འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ ངོས་ལེན་འབད་མ་བཏུབ་པར་ ལུས་སོ་ཡི་ཟེར་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment