གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀོ་ཀ་ཀོ་ལ་ ཕུཊ་བཱོལ་ལིག་རྩེད་འགྲན་དེ་ སྤྲོ་བ་སྦོམ་ བྱུང་དོ་ཡོདཔ།

ཐིམ་ཕུ་ ལྕང་གླིང་མི་ཐང་ནང་ ཕུཊ་བཱོལ་རྩེད་འགྲན་འབད་བའི་བསྒང་།
༩/༠༡/༢༠༡༣། ༉ འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ རྒྱལ་ཁབ་ནང་ འགོ་ཐོག་ ཀོ་ཀ་ཀོ་ལ་ རྒྱལ་ཡོངས་ཕུཊ་བཱོལ་ལིག་རྩེད་འགྲན་འགོ་བཙུགས་ཅི།

དེ་ཡང་ སྤྱི་ལོ་༢༠༡༢ ཟླ་༡༢ པའི་ཚེས་༡༥ ལས་འགོ་བཙུགས་ཏེ་ བདུན་ཕྲག་༤ གི་རིང་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྩེད་ཐང་ནང་སྦེ་ སྡེ་ཚན་ཚུ་གི་བར་ན་ རྩེད་འགྲན་འབད་མིའི་ནང་ ཐིམ་ཕུ་ནང་འཁོད་ལས་ སྤྲོ་བ་ཡོད་མི་བརྒྱ་ལས་བཅད་དེ་ སྤུངས་འཛོམས་འབད་ཡོདཔ་ཨིན་པས།


དེ་བཟུམ་སྦེ་ སྤྱི་ལོ་༢༠༡༣ ཟླ་༡ པའི་ཚེས་༦ རེས་གཟའ་ཟླ་བ་ལུ་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་སྦེ་ གཟིམ་སྒྲ་དང་ ཡིད་འཛིན་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ སྡེ་ཚན་༢ ཀྱིས་ གཱོལ་རེ་རེ་འདྲན་འདྲ་བཙུགས་ཡོདཔ་ལས་ རྒྱལ་ཕམ་ཕྱེ་མ་ཚུགས་མི་ལུ་ལྟ་སྟེ་ ལྟདམོ་བལྟ་མི་ཚུ་ལུ་ སྤྲོ་བ་ཐེབས་ཅིག་ར་བྱུང་ཡོདཔ་ཨིན་པས།

ལྟདམོ་བལྟ་མི་ཚུ་གི་གྲས་ལས་ ན་གཞོན་སློབ་ཕྲུག་ཅིག་གིས་ ཀུན་གསལ་ལུ་ སླབ་མི་དང་འཁྲིལཝ་ད་ གཟིམ་སྒྲ་དང་ ཡིད་འཛིན་སྡེ་ཚན་གཉིས་ཀྱི་བར་ནའི་ རྩེད་འགྲན་དེ་ སྤྲོ་བ་སྦོམ་བྱུང་ཡི་ཟེར་ཨིནམ་ད་ དེ་ཡང་ སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་གིས་ རང་སོའི་ལྕོགས་གྲུབ་དང་འཁྲིལ་བའི་ རིག་རྩལ་དང་ མཁས་མཆོག་སྣ་ཚོགས་བཏོན་ཐོག་ལས་ དོ་འགྲན་འབད་ནི་དེ་གིས་ཨིན་པས།


རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༢༥ ཚུན་ གཅིག་གིས་གཅིག་ལུ་ གཱོལ་བཙུགས་མ་ཚུགས་རུང་ སྐར་མ་༣༠ ལུ་ གཟིམ་སྒྲ་སྡེ་ཚན་ལས་ རྩེད་འགྲན་པ་ཅིག་གིས་ རིག་རྩལ་གཞན་དང་མ་འདྲཝ་སྦེ་བཏོན་ཐོག་ལས་ གཱོལ་བཙུགས་ཡོདཔ་ཨིན་པས།


ཡིད་འཛིན་སྡེ་ཚན་གྱིས་ཡང་ དོ་འགྲན་འབད་དེ་ གཟིམ་སྒྲ་སྡེ་ཚན་གྱི་ས་ཁོངས་ནང་ གཱོལ་འབག་སྟེ་ རྩེད་འགྲན་པ་ཚུ་གིས་ བཱོལ་ཕར་ཚུར་སྤྲོད་དེ་ དོ་འགྲན་སྦོམ་ར་འབད་ཡི།


བར་མཚམས་ངལ་གསོའི་སྐབས་ ལྟདམོ་བལྟ་མི་ཚུ་གི་བར་ན་ ལོ་རྒྱུས་སླབ་མི་དང་འཁྲིལཝ་ད་ ལ་ལུ་ཅིག་གིས་ གཟིམ་སྒྲ་སྡེ་ཚན་གྱིས་ ད་རུང་ གཱོལ་༢ ཐེབས་བཙུགས་ཐོག་ལས་ རྒྱལ་ཁ་འཐོབ་ཚུགས་ཟེར་སླབ་རུང་ ལ་ལུ་གཅིག་གིས་ ཡིད་འཛིན་སྡེ་ཚན་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་འཐོབ་ཚུགས་ཟེར་ བསམ་འཆར་འདྲ་མིན་ཚུ་ བརྗེ་སོར་འབད་དེ་སྡོད་ཅི།


ཨིན་རུང་ རྒན་ཤོསམ་ཚུ་གིས་འབད་བ་ཅིན་ དུས་ཅི་ ལྕང་གླིང་མི་ཐང་ནང་སྦེ་ གྱིབ་རྩྭ་གདན་འཐིང་ཚར་བའི་ཤུལ་ལུ་ འབྲུག་པའི་ན་གཞོན་ཚུ་གིས་ རྩེད་འགྲན་འབད་ས་ལུ་ལྟ་བ་ཅིན་ ན་གཞོན་ཚུ་གི་རྒྱུད་ལུ་ མཁས་མཆོག་དང་ རིག་རྩལ་ ཤེས་ཡོན་ཚུ་ཡོད་རུང་ མཐུན་རྐྱེན་ཚང་མ་ཚུགས་ནི་དེ་གིས་ ཨིན་མས་ཟེར་སླབ་ཨིན་པས།


ན་གཞོན་ཚུ་གིས་ རྩེད་འགྲན་འབད་ཐངས་ལུ་ལྟ་བ་ཅིན་ འཛམ་གླིང་རྒྱལ་སྤྱི་ནང་ རྩེད་འགྲན་འབད་དོ་བཟུམ་སྦེ་ རྩེད་ཐང་དང་ རིག་རྩལ་ ལྕོགས་གྲུབ་ཚུ་ ལེ་ཤ་གིས་ ཡར་རྒྱས་སོང་ཡོདཔ་ལས་ མ་འོངས་འབྲུག་པའི་ན་གཞོན་ཚུ་གིས་ཡང་ གཞན་རྒྱལ་ཁབ་དང་གཅིག་ཁར་ དོ་འགྲན་འབད་ཚུགས་པའི་འོས་འབབ་འདུག་ཟེར་ བསམ་འཆར་བཀོདཔ་ཨིན་པས།


སྡེ་ཚན་གཉིས་ཀྱིས་ རྩེད་འགྲན་འབད་དེ་ དུས་ཡུན་སྐར་མ་༨༠ ལུ་ ཡིད་འཛིན་སྡེ་ཚན་གྱིས་ གཱོལ་བཙུགས་དཔ་ལས་ སྡེ་ཚན་༢ ཆ་ར་གིས་ རྒྱལ་ཁ་འཐོབ་འདོད་ལུ་རེ་བ་བསྐྱེད་དེ་ རིག་རྩལ་ག་དེམ་ཅིག་བཏོན་རུང་ མཐར་འཁྱོལ་བྱུང་མ་ཚུགས་པས།


དེ་བཟུམ་སྦེ་ བསམ་རྩེ་ཕུཊ་བཱོལ་རྩེད་ཐང་ནང་སྦེ་ བསམ་རྩེ་དང་ ཕུན་ཚོགས་གླིང་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཕུན་ཚོགས་གླིང་སྡེ་ཚན་གྱིས་ གཱོལ་༡ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།


ད་ཚུན་ ལིག་སྐོར་ཐེངས་༣ ཚུན་ སྡེ་ཚན་༦ གྱི་བར་ན་ རྩེད་འགྲན་འབདཝ་ད་ འབྲུག་པཱོལ་སྡེ་ཚན་གྱིས་ སྐུགས་༩ ཐོབ་སྟེ་ ཨང་དང་པ་ཐོན་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།
 

No comments:

Post a Comment