གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བློ་གསར་སློབ་རིམ་གྱི་དོན་ལུ་ ཨ་ལུ་ལོ་༦ ལང་དགོཔ།

/༡/༢༠༡༣   ཨིན་རུང་ སྤྱི་ལོ་༢༠༡༣ གྱི་ སློབ་ཡུན་སྐབས་ འཛུལ་ཞུགས་འབད་མིའི་ ཨ་ལུ་ཉུང་སུ་ཅིག་ལས་ མི་འོང་ནི།
༉ སྤྱི་ལོ་༢༠༡༣ ལོ་ནང་ བུམ་ཐང་རྫོང་ཁག་གི་ ཁྲོམ་སྡེ་ནང་འཁོད་ཀྱི་ སློབ་གྲྭ་ཁག་ཚུ་གི་ བློ་གསར་སློབ་རིམ་ནང་ འཛུལ་ཞུགས་འབད་མི་གི་ གྱངས་ཁ་དེ་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ ཉུང་སུ་ཅིག་ འོང་ནི་ཨིན་པས།


དེ་ཡང་ ན་ཧིང་ ཁྲོམ་སྡེ་ནང་འཁོད་ཀྱི་ ཨ་ལུའི་ཕམ་ལ་ལུ་ཅིག་གིས་ ཨ་ལུའི་སྐྱེས་ཚེས་ཚུ་ རྫུས་མ་བཟོ་སྟེ་ བཙུགས་ཡོད་རུང་ ལ་ལུ་ཅིག་ལུ་ གོ་སྐབས་མ་བྱིན་མི་ལུ་བརྟེན་ རྫོང་ཁག་བདག་སྐྱོང་དང་ ཐ་ན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ཡང་ ཞུ་ལོག་རྐྱབ་པའི་ཤུལ་ལས་ རྫོང་ཁག་ཤེས་རིག་འགོ་དཔོན་དང་ སློབ་གྲྭའི་དབུ་འཛིན་ཚུ་གི་བར་ན་ ལོ་བསྟར་ཞལ་འཛོམས་འཚོགས་པའི་སྐབས་ སྐྱེས་ལོ་༦ ལང་མི་ ཨ་ལུ་རྐྱངམ་གཅིག་ལུ་ གོ་སྐབས་བྱིན་ནི་གི་ གྲོས་ཐག་བཅད་ཡོདཔ་ཨིན་པས།
དབང་འདུས་ཆོས་གླིང་འབྲིང་རིམ་སློབ་གྲྭ་བར་བའི་ དབུ་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༡༣ གྱི་དོན་ལུ་ བློ་གསར་ནང་ འཛུལ་ཞུགས་འབད་ནི་གི་ འབྲི་ཤོག་ལེན་མི་༣༧ དེ་ཅིག་ ཐོན་ཡོད་རུང་ གྲོས་ཆོད་དང་འཁྲིལ་ རྫོང་ཁག་མི་རྩིས་སྡེ་ཚན་ནང་ བདེན་དཔྱད་འབད་བའི་ཤུལ་ལས་ ཨ་ལུ་༢༢ རྐྱངམ་གཅིག་ བཙུགས་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༡༣ ཟླཝ་༣ པའི་ཚེས་༡ ལུ་ ལོ་༦ ལང་མི་ ཨ་ལུ་ཚུ་ལུ་ གོ་སྐབས་བྱིན་ཡི་ཟེར་ཨིནམ་ད་ སྡེ་ཚན་ཅིག་ནང་ ཨ་ལུ་༣༢ དེ་ཅིག་ བཙུགས་དོ་ཡོདཔ་ལས་ ལྷག་ལུས་ཚུ་ གནས་སོར་འོང་མི་ཚུ་གི་དོན་ལུ་ ས་སྟོང་བཞག་ཅི་ཟེར་ཨིན་པས།
གཞུང་གི་ལམ་ལུགས་དང་འཁྲིལ་བ་ཅིན་ བློ་གསར་གྱི་དོན་ལུ་ ཨ་ལུ་ལུ་༦ ལས་༡༢ ཚུན་གྱི་བར་ན་འབད་མི་ཚུ་ལུ་ གོ་སྐབས་བྱིན་དགོ་པའི་ སྲིད་བྱུས་ཡོདཔ་ཨིན་པས།
དབུ་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ འདས་པའི་ལོ་ཚུ་ནང་འབད་བ་ཅིན་ ཨ་ལུ་ལོ་ཕྱེད་དང་དྲུག་ལང་མི་ཚུ་ལུ་ཡང་ ས་སྟོང་དང་འཁྲིལ་ གོ་སྐབས་བྱིན་ཡི་ཟེར་ཨིན་རུང་ ཞུ་ལོག་རྐྱབ་པའི་ཤུལ་ལས་ ག་ར་ལུ་ གོ་སྐབས་ཤོ་སྙོམས་བྱིན་ནི་གི་དོན་ལུ་ གྲོས་ཆོད་དེ་སྦེ་ བཏོན་ཡི་ཟེར་ཨིན་པས།
རྫོང་ཁག་ཤེས་རིག་འགོ་དཔོན་ ལམ་གྲགས་དབང་འདུས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ གངས་རི་ཐང་སློབ་གྲྭ་ཆུང་བའི་དོན་ལུ་ འཛུལ་ཞུགས་ཀྱི་ འབྲི་ཤོག་ག་དེམ་ཅིག་ བྱིན་ཡོདཔ་ཨིན་ན་ མ་ཤེས་རུང་ ཨ་ལུ་༡༤ དེ་ཅིག་ལས་བརྒལ་ མ་ཐོནམ་ཨིན་པས།
ཤེས་རིག་འགོ་དཔོན་གྱིས་ ཨ་ལུ་ལངམ་མ་ཐོན་རུང་ གཞུང་གི་སྲིད་བྱུས་དང་འཁྲིལ་ འབད་དོ་ཡོདཔ་ལས་ འབད་ཐབས་གཞན་མིན་འདུག་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ན་ཧིང་གི་ལོ་ནང་ ཨ་ལུ་ལོ་༦ མ་ལང་མི་ཚུ་ལུ་ཡང་ གོ་སྐབས་བྱིན་ཡོདཔ་ལས་ སང་ཕོད་ཀྱི་ལོ་ནང་ ལངམ་སྦེ་ཐོན་ནི་གི་ རེ་བ་ཡོད་ཟེར་ཨིན་པས།
སྲིད་བྱུས་དེ་ལུ་ ཕམ་ལ་ལུ་ སེམས་དགའ་ཡོད་རུང་ ལོ་༦ ཨ་ཙི་ཅིག་ མ་ལང་མི་ ཨ་ལུའི་ཕམ་ལ་ལུ་ སེམས་མ་དགའ་བར་ཡོད་མི་དེ་ཡང་ ཨ་ལུ་ལ་ལུ་ཅིག་ ཟླཝ་དག་པ་ཅིག་གིས་ ལོ་དྲུག་མ་ལང་པར་ཡོད་ནི་དེ་གིས་ཨིན་པས།
ཨ་ལུ་དག་པ་ཅིག་ལས་མ་ཐོན་མི་ སློབ་གྲྭ་དེ་ནང་ སློབ་རིམ་གཉིས་གཅིག་ཁར་ སློབ་སྟོན་འབད་ཚུགས་པའི་ སློབ་དཔོན་ཡོད་དེ་འབད་རུང་ ཨ་ལུའི་གྱངས་ཁ་ལུ་བལྟ་སྟེ་ བཙུགས་མི་ཚུགས་ནི་ཨིན་པས།
ཨིན་རུང་ སྲིད་བྱུས་དེ་ལུ་ བསྒྱུར་བཅོས་མེད་པའི་ཁར་ རྫོང་ཁག་གི་ ཤིང་གཉེར་དང་ ཁང་རབ་ དེ་ལས་ ཤིང་མཁར་མི་སྡེ་སློབ་གྲྭ་ཚུ་ནང་ བློ་གསར་ནང་འཛུལ་མི་ ཨ་ལུ་དག་པ་ཅིག་ལས་མེདཔ་ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment