གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོང་འབྲེལ་གྱི་དོན་ལུ་བཟོ་མི་ མེ་རླུང་གེསི་རྒྱ་རྫི་དཀརཔོ་ལུ་ ཉོགས་བཤད།

 ༡༤/༠༡/༢༠༡༣། ༉ ཁ་ཙ་ ཉིན་མ་ཁམས་ཅིག་ཁར་ ཐིམ་ཁྲོམ་གྱི་སྦུག་ལུ་ཡོད་མི་ ཟངས་མདོག་དཔལ་རི་ལུ་ ཏཱུལ་སི་རམ་གྱི་བཟའ་ཁང་ནང་ ཚོང་མགྲོན་པ་ཚུ་འོངམ་ད་ ཏཱུལ་སི་རམ་གྱིས་ ཐབ་ཚང་ཆུང་ཀུ་ཅིག་ཡོད་མིའི་ནང་ ཚོང་མགྲོན་པ་ཚུ་གིས་ མཁོ་མངགས་འབད་མི་ བཞེས་སྒོ་ཚུ་ བཟོ་ཚར་བའི་ཤུལ་ལས་ དེ་འཕྲོ་ལས་ མེ་རླུང་གེསི་ བསད་བཞགཔ་ཨིན་པས།

དེ་ཡང་ ཁོ་གིས་ ལག་པའི་མཛུབ་མོ་དེ་ ཚོང་འབྲེལ་གྱི་དོན་ལུ་བཟོ་ཡོད་མི་ མེ་རླུང་གེསི་རྒྱ་རྫི་དཀརཔོ་ལུ་ དཔག་ཞིནམ་ལས་ མེ་རླུང་གེསི་རྒྱ་རྫི་དེ་ གོང་ཚད་མཐོ་དྲགས་ནི་དེ་གིས་ དུམ་གྲ་ཅིག་འབད་རུང་ འཕྲོ་བརླག་བཏང་མི་ཚུགས་ཟེར་ སླབ་ཨིན་པས།


ན་ཧིང་ སྤྱི་ཟླ་༡༡ པའི་ནང་ལས་ ཚོང་འབྲེལ་འཐབ་མི་ཚུ་གིས་ འབྲུག་ཚོང་འབྲེལ་མེ་རླུང་ཟེར་མི་ ལག་ལེན་འཐབ་དགོཔ་སྦེ་ བཟོ་བའི་ཤུལ་ལས་ བཟའ་ཁང་ཆུང་ཀུ་བཙུགས་མི་ཚུ་ལུ་ དཀའ་ངལ་བྱུང་ཡོདཔ་ད་ མེ་རླུང་གེསི་རྒྱ་རྫི་དེ་ཡང་ རྒྱ་གར་གྱི་ཚོང་འབྲེལ་གནས་ཚད་ནང་ བཟོ་ཡོདཔ་ཨིན་པས།

མེ་རླུང་གེསི་རྒྱ་རྫི་གསརཔ་དེ་གིས་ ཧེ་མའི་ མེ་རླུང་གེསི་རྒྱ་རྫི་དང་ཕྱདཔ་ད་ ཉིནམ་༢ རྐྱངམ་གཅིག་ ཐེབས་སྡོད་དོ་ཡོདཔ་ཨིན་རུང་ གོང་ཚད་༣ ལྟབ་ཀྱིས་ མཐོ་དྲགས་མི་དེ་ལུ་ བཟའ་ཁང་གི་ ཇོ་བདག་མང་ཤོས་ཀྱིས་ ཉོགས་བཤད་ཚུ་ བཀོད་དོ་ཡོདཔ་ཨིན་པས།


ཚོང་དཔོན་ལ་ལུ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ གོང་ཚད་དེ་གིས་ ཁོང་གི་ཚོང་འབྲེལ་ལུ་ རྒུད་ཕོག་ཡོདཔ་མ་ཚད་ ཁོང་གིས་ ཟླཝ་ཅིག་ནང་ ཉུང་ཤོས་མེ་རླུང་གེསི་རྒྱ་རྫི་༥ དེ་རེ་ ལག་ལེན་འཐབ་དགོཔ་ཐོན་མས་ཟེར་ཨིནམ་ད་ ཟླཝ་༡ ནང་ དངུལ་ཀྲམ་༡༠,༡༠༥ དེ་རེ་ ཟད་འགྲོ་བཏང་དགོཔ་འཐོན་མས་ཟེར་ཨིན་པས།


ཧེ་མ་འབད་བ་ཅིན་ ཟླཝ་༡ ནང་ མེ་རླུང་གེསི་རྒྱ་རྫི་ཆུང་ཀུ་༧ དེ་ཅིག་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ དངུལ་ཀྲམ་༣,༤༣༠ དེ་ཅིག་ལས་བརྒལ་ སྤྲོད་མི་དགོ་དོ་ཡོདཔ་ད་ ད་རེས་ མེ་རླུང་གི་ཟད་འགྲོ་དེ་ དངུལ་ཀྲམ་༦,༦༧༥ དེ་ཅིག་ གནས་དོ་ཡོདཔ་ཨིན་པས།


དེ་འབདཝ་ལས་ ཚོང་དཔོན་མང་ཤོས་ཅིག་གིས་ ཁོང་གི་ཚོང་འབྲེལ་དེ་ བཀོག་བཞག་སྟེ་ གཞན་གོ་ལའི་ཚོང་རིགས་ཚུ་ འགོ་བཙུགས་ནི་གི་ འཆར་གཞི་ཚུ་བརྩམ་དོ་ཡོདཔ་ད་ ཟངས་མདོག་དཔལ་རི་ལུ་ཡོད་མི་ ཚོང་དཔོན་ཅིག་གིས་ རྩེད་ཆས་ཀྱི་ཚོང་ཁང་བཙུགས་ནི་གི་ འཆར་གཞི་བཟོ་དོ་ཡོདཔ་ད་ ལ་ལུ་གིས་ བཟའ་ཆས་ཀྱི་གོང་ཚད་ཚུ་ སེང་སྟེ་ཡོདཔ་ཨིན་པས།


ཚོང་མགྲོན་པ་ལ་ལུ་ཅིག་གིས་ བཟའ་ཁང་ལ་ལུ་ནང་ མོ་མོ་ནང་ སྒོཔ་མང་སུ་བླུགས་ཏེ་ བཙོང་དོ་ཡོདཔ་སྦེ་ ཉོགས་བཤད་བཀོད་དོ་ཡོདཔ་ཨིན་པས།


དཔལ་འབྱོར་མཁས་མཆོག་ཅིག་གིས་ ཞིབ་འཚོལ་འབད་མི་དང་འཁྲིལཝ་ད་ དཀའ་ངལ་དེ་བཟུམ་ཐོནམ་ད་ ཚོང་དཔོན་ཚུ་གིས་ གོང་ཚད་ཉུང་སུ་གནས་མི་ གློག་མེ་ལག་ལེན་འཐབ་དགོ་ཟེར་ཨིནམ་ད་ མཁས་མཆོག་ཚུ་གི་ ཞིབ་འཚོལ་དང་འཁྲིལཝ་ད་ མེ་རླུང་ཀེ་ཇི་༡ དང་ གློག་མེ་མེ་ག་ཝཱཊ་ ཡུ་ནིཊ༡༣.༨ འདྲན་འདྲ་ཨིན་ཟེར་ཨིན་པས།


ཟངས་མདོག་དཔལ་རི་ལུ་ཡོད་མི་ ཇོ་བདག་ལ་ལུ་ཅིག་གིས་ ཆུ་ཚན་བཀོལ་ནི་གི་དོན་ལུ་ མེ་རླུང་མེན་པར་ གློག་མེ་གི་ཟར་ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་ད་ དུས་ཡུན་ཆུ་ཚོད་༣ གྱི་རིང་ གློག་མེ་ལག་ལེན་འཐབ་པ་ཅིན་ དངུལ་ཀྲམ་༥ ལས་བརྒལ་ མི་གནས་དོ་ཡོདཔ་ཨིན་པས།


གཞན་མི་ཇོ་བདག་ཅིག་གིས་ མེ་རླུང་དེ་ གོང་མཐོ་ནི་དེ་གིས་ ཚོང་འབྲེལ་ཡུན་བརྟན་བཞག་མི་ཚུགས་ནི་ཨིནམ་ལས་ གློག་མེ་ལག་ལེན་འཐབ་ནིའི་དོན་ལུ་ གློག་མེའི་ཐོག་ལས་ བཞེས་སྒོ་འབད་ནི་གི་ འཕྲུལ་ཆས་ཚུ་ འཚོལ་དོ་ཟེར་ཨིན་པས།


ཚོང་པ་ལ་ལུ་ཅིག་གིས་ ཚོང་མགྲོན་པ་ཚུ་གིས་ བཞེས་སྒོ་མཁོ་མངགས་འབད་བའི་སྐབས་ མགྱོགས་པར་དགོཔ་ལས་ གློག་མེ་གི་ཐོག་ལས་བཟོཝ་ད་ དུས་ཚོད་འགོརཝ་ལས་ སྟབས་ག་དེ་སྦེ་ བདེ་ག་ཟེར་བའི་ དོགས་པ་ཚུ་ཡང་ བཤད་དོ་ཡོདཔ་ཨིན་པས།


ལས་འཛིན་ཅིག་ནང་ ལཱ་འབད་མི་ཅིག་གིས་ ཨ་རྟག་ར་ གློག་མེའི་ཐོག་ལས་ བཞེས་སྒོ་འབད་དོ་ཡོདཔ་ལས་ ཁོ་གིས་འབད་བ་ཅིན་ ཉེན་སྲུང་གི་དཀའ་ངལ་ཡོདཔ་མ་གཏོགས་ སྟབས་མ་བདེཝ་སྦོམ་ཅིག་ མ་མཐོང་ཟེར་ཨིན་པས།


གཞུང་གིས་འབད་བ་ཅིན་ གློག་མེ་མངམ་ལག་ལེན་འཐབ་པའི་སྐབས་ རྒྱ་གར་ལུ་ གློག་མེ་བཙོང་ནི་དེ་ མར་ཕབ་འགྱོ་འོང་ཟེར་ཨིནམ་ད་ ཨིན་རུང་ མེ་རླུང་ཉུང་སུ་ནང་འདྲེན་འབདཝ་ད་ དཔལ་འབྱོར་ལེགས་ཤོམ་ འགྱོ་ནི་འོང་ཟེར་ཨིན་པས།


གློག་མེ་དབང་འཛིན་གྱི་ དྲགོས་ཡེ་ཤེས་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ དཔལ་འབྱོར་ལུ་ ག་གིས་ཕན་གནོད་ཡོད་ག་ ལྟ་ཞིབ་འབད་དགོཔ་འོང་ཟེར་ཨིན་པས།


གཞུང་གིས་ ཚོང་འབྲེལ་གྱི་ མེ་རླུང་གེསི་རྒྱ་རྫི་འགོ་བཙུགས་མི་དེ་གིས་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ དཀའ་ངལ་ཐོན་ཡོདཔ་ད་ གཞུང་གིས་ རྒྱ་གར་གཞུང་ལས་ ཟླ་རིམ་བཞིན་དུ་ མེ་རླུང་གེསི་ མེ་ཊིག་ཊཱོན་༧༠༠ གི་ ཐོབ་སྐལ་ཐོབ་དོ་ཡོད་མི་ལས་ མེ་ཊིག་ཊཱོན་༥༠༠ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ བཏང་དོ་ཡོདཔ་ད་ མེ་ཊིག་ཊཱོན་༡༠༠ དབུས་ཕྱོགས་དང་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ བཏང་དོ་ཡོད་པའི་གནས་ཚུལ།

No comments:

Post a Comment