གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆུ་མེད་མི་ལུ་བརྟེན་ ཀེ་བ་འཛུགས་སྐྱོང་བཤོལ་བཞག།

 ༡༤/༠༡/༢༠༡༣། ༉ བཀྲིས་སྒང་ བསམ་མཁར་རྒེད་འོག་ ཁི་རི་གཡུས་ཚན་ནང་ ཆུ་མེད་མི་ལུ་བརྟེན་ དུས་ཅི་ལས་འགོ་བཙུགས་ ཀེ་བ་འཛུགས་སྐྱོང་འབད་ནི་ བཤོལ་བཞག་འབད་དོ་ཡོདཔ་ཨིན་པས།

སྣུམ་འཁོར་མར་ཁུ་བླུགས་སའི་ས་ཁོངས་ཀྱི་ ལྟག་ལུ་ཡོད་པའི་ གཡུས་ཚན་དེ་ནང་ ཁྱིམ་གུང་༡༢ མ་གཏོགས་མེདཔ་ད་ བཀྲིས་སྒང་ཁྲོམ་ཁར་ལས་ ཀི་ལོ་མི་ཊར་༣ དེ་ཅིག་གི་ས་ཁར་ ཆགས་ཏེ་ཡོདཔ་ཨིན་པས།


མ་གཞི་ གཡུས་ཚན་དེ་གི་ མི་སེར་ཚུ་གིས་ གནམ་བྱཱར་གྱི་སྐབས་ གེ་ཟ་དང་ ཚོད་བསྲེའི་རིགས་ཚུ་ འཛུགས་སྐྱོང་འབད་དོ་ཡོདཔ་ད་ གནམ་དགུན་ལུ་ དངུལ་ཐོག་ངོ་མ་ཅིག་ཨིན་མི་ ཀེ་བ་འཛུགས་སྐྱོང་ འབད་དོ་ཡོདཔ་ཨིན་པས།

གཡུས་ཚན་དེ་ནང་གི་སོ་ནམ་པ་ ཟླ་བ་ཚེ་རིང་གིས་འབད་ཅིན་ ཆུ་མེད་པའི་དཀའ་ངལ་ལུ་བརྟེན་ དུས་ཅི་ལས་ ཀེ་བ་འཛུགས་སྐྱོང་མི་འབད་ཟེར་ ཨིནམ་ད་ ན་ཧིང་ཚུན་ལུ་ གཡུས་མི་ཚུ་གིས་ ཆུ་ཚུ་ ཁེ་རི་གྲང་ལས་སྦེ་ ལག་ལེན་འཐབ་ཡོདཔ་ཨིན་རུང་ ད་རེས་ ཆུ་དེ་ སྐམ་སོང་ཡོདཔ་ཨིན་པས།


གཡུས་མི་བསྟན་འཛིན་རྡོ་རྗེ་གིས་འབད་བ་ཅིན་ འཐུང་ཆུ་དེ་ཡང་ འཆར་གཞི་༩ པའི་སྐབས་ལུ་འཐེན་ཡོདཔ་ལས་ ད་རེས་ ཆུ་དེ་ ཀེ་བ་འཛུགས་སྐྱོང་གི་དོན་ལུ་ ལག་ལེན་འཐབ་ཚུགས་ནི་ཕར་བཞག་ འཐུང་ནིའི་དོན་ལུ་ཡང་ མི་ལང་པས་ཟེར་ཨིན་པས།


ཀེ་བ་འཛུགས་སྐྱོང་ལུ་བརྟེན་ ཁི་རིའི་མི་ཚུ་གིས་ འདས་པའི་ལོ་ཚུ་ནང་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་ཡོདཔ་ད་ ཁོང་གིས་ ཀེ་བ་ཚུ་ གནམ་དགུན་ལུ་ འཛུགས་སྐྱོང་འབད་མི་ལུ་བརྟེན་ གོང་ཚད་ལེགས་ཤོམ་ ཐོབ་ཚུགསཔ་ཨིན་ཟེར་ གཡུས་མི་དབང་ཕྱུག་གིས་སླབ་ཅི།


གཡུས་ཚན་དེ་ནང་ ཀེ་བ་ཀེ་ཇི་༣༠༠ དེ་ཅིག་ འཛུགས་སྐྱོང་འབད་བ་ཅིན་ འོང་འབབ་དངུལ་ཀྲམ་༣,༠༠༠ ལས་༩,༠༠༠ དེ་རེ་ ཐོབ་ནི་ཡོདཔ་བཞིན་དུ་ ལོ་རེ་ལུ་ གཡུས་མི་ཚུ་གིས་ ཀེ་བ་ཊཱོན་༡༢ རེ་ འཛུགས་སྐྱོང་འབད་ཡོདཔ་ཨིན་པས།


ཟླ་བ་ཚེ་རིང་གིས་ བཤད་དོ་བཟུམ་འབད་བ་ཅིན་ བཀྲིས་སྒང་རྫོང་ཁག་གིས་ ཁྲོམ་རྒྱ་སྐྱེད་འབད་ནིའི་ འཆར་གཞི་བརྩམ་དོ་ཡོད་མི་དང་འཁྲིལ་ ས་གནས་ཚུ་ནང་ ཁྱིམ་ཚུ་ཡང་ ལེ་ཤ་ཅིག་ར་ གསརཔ་རྐྱབ་མི་ཐོན་ནི་ཨིནམ་ལས་ ཆུ་ལངམ་སྦེ་ དགོཔ་ཡོད་ཟེར་ཨིན་པས།


གལ་སྲིད་ ཆུ་ལངམ་སྦེ་མེད་པ་ཅིན་ ཁང་གླར་སྡོད་མི་ཡང་ མི་ཐོན་ནི་ཨིནམ་ལས་ ཁྱིམ་ཚུ་རྐྱབ་རུང་ ཁུངས་མི་འོང་ནི་མས་ཟེར་ཨིནམ་མ་ཚད་ གཡུས་མི་ལ་ལུ་ཅིག་གིས་འབད་བ་ཅིན་ གཡུས་ཚན་ནང་ འཐུང་ཆུ་གསརཔ་བཏོན་ནིའི་ འཆར་གཞི་དགོཔ་ཡོད་རུང་ རྒེད་འོག་གིས་ འཆར་གཞི་༡༠ པའི་ནང་ལས་ ཕྱིར་བཏོན་བཏང་ནུག་ཟེར་ཨིན་པས།


ཟླ་བ་ཚེ་རིང་གིས་འབད་བ་ཅིན་ ཁོང་གི་རེ་བ་ལས་ མི་ཐི་གྲང་ལས་སྦེ་ འཐུང་ཆུ་དང་ ཞིང་ཚུ་ ལངམ་སྦེ་ བཏོན་དགོཔ་ཨིན་ཟེར་ སླབ་ཡོད་རུང་ བསམ་མཁར་རྒེད་འོག་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ གཡུས་ཚན་དེ་ནང་ ཀེ་བ་ཚུ་ རྒྱ་ཆེཝ་སྦེ་ འཛུགས་སྐྱོང་འབད་ནི་ མེད་ཟེར་ཨིན་པས།


བསམ་མཁར་རྒཔོ་ བསོད་ནམས་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཡུས་ཚན་དེ་ནང་ ཞིང་ཆུ་མེད་མི་དེ་ཡང་ ཆུ་ཞིང་མེད་མི་ཚུ་ལུ་ ཞིང་ཆུ་ཐོབ་ཁུངས་མེད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།


ཆུའི་བཀྲམ་སྤེལ་ཚུ་ རྒྱ་ཆེ་ཏོག་ཏོ་སྦེ་ བཟོ་ནིའི་དོན་ལུ་ ཟད་འགྲོ་ལེ་ཤ་གནས་ནི་ཨིནམ་བཞིན་དུ་ ས་ཁོངས་དེ་ ཁྲོམ་སྡེའི་ནང་ཚུད་པའི་ཤུལ་ལུ་ ཁྲོམ་སྡེ་གིས་ བཟོ་སྐྲུན་འབད་ནི་འོང་ཟེར་ བསོད་ནམས་རྡོ་རྗེ་གིས་ སླབ་ཡོད་པའི་གནས་ཚུལ།

No comments:

Post a Comment