གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་ཐུག་རྐྱེན་ལུ་བརྟེན་ ཕོ་སྐྱེས་༢ ལུ་ཤི་རྐྱེན།

༡༤/༠༡/༢༠༡༣། ༉ སྤྱི་ཟླ་༡ པའི་ཚེས་༡༡ ལུ་ དབང་འདུས་ཕྲོ་བྲང་དང་ ཀྲོང་གསར་གྱི་གཞུང་ལམ་ཁར་ སྣུམ་འཁོར་མ་རུ་ཏི་བཱེན་ཅིག་ ལམ་འོག་ལས་མར་ རྦོབ་རིལ་མིའི་རྐྱེན་ངན་ནང་ སྐྱེས་ལོ་༢༨ ལང་མི་ ཕོ་སྐྱེས་ཅིག་ ས་གནས་དེ་ཁ་ར་ ཁ་འཐུམ་མར་བསད་ཡོདཔ་ད་ རྐྱེན་ངན་དེ་ ནུབ་མོའི་ཆུ་ཚོད་༩ དེ་ཅིག་ལུ་ བྱུང་ཡོདཔ་ཨིན་པས།

རྐྱེན་ངན་དེ་ དཔལ་ལི་ལ་ལས་ ཀྲོང་གསར་ཁ་ཐུག་ ཀི་ལོ་མི་ཊར་༡༢ དེ་ཅིག་གི་ས་གནས་ སྦ་སྦིས་ཆུ་ཟེར་སར་ བྱུང་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ རྐྱེན་ངན་དེ་ སྣུམ་འཁོར་ཤུགས་ཚད་ལས་བརྒལ་ཏེ་ བཏང་མི་ལུ་བརྟེན་ བྱུང་ཡོད་པའི་དོགས་པ་ཡོད་ཟེར་ཨིནམ་ད་ ཁོ་གི་ཕུངམ་དེ་ དེའི་ནངས་པ་རྐྱངམ་གཅིག་ བཏོན་ཚུགས་ཡོདཔ་ཨིན་པས།

ཚེ་འདས་ཕོ་སྐྱེས་དེ་ དབང་འདུས་ཕོ་བྲང་ སྲས་ཕུག་རྒེད་འོག་ འབུམ་མི་ལོགས་ལས་ཨིནམ་ད་ དེ་བསྒང་ ཁོ་ར་ གནས་ཚང་གི་གཡུས་ རུ་ཀུ་སྦྱིས་ལུ་ འགྱོ་བའི་བསྒང་ཨིན་པས།


ཉིནམ་དེ་ལུ་ར་ ད་རུང་ སྣུམ་འཁོར་ཊུཀ་སཱན་ཅིག་ ལམ་འོག་ལས་མར་ རྦོབ་རིལ་འགྱོ་མིའི་རྐྱེན་ངན་ནང་ སྐྱེས་ལོ་༢༧ ལང་མི་ ཕོ་སྐྱེས་ཅིག་ཡང་ ཤི་རྐྱེན་བྱུང་ཡོདཔ་ད་ རྐྱེན་ངན་དེ་ ཉིན་མའི་ཆུ་ཚོད་༡:༣༠ དེ་ཅིག་ལུ་ དཔལ་ལི་ལའི་འོག་ལུ་ ས་གནས་ལ་ཝ་ལ་ཟེར་སར་ བྱུང་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པའི་ སྙན་ཞུ་དང་འཁྲིལ་བ་ཅིན་ སྣུམ་འཁོར་ཊུཀ་སཱན་དེ་ འཁོར་ལམ་འོག་ལས་མར་ ཕིཊ་༢༥༠ དེ་ཅིག་ རྦོབ་རིལ་སོ་ནུག་ཟེར་ཨིནམ་ད་ ཚེ་འདས་དེ་ ས་གནས་དེ་ཁ་ལས་ བཏོན་པའི་ལམ་ཁར་ ཤི་ཡོདཔ་ད་ ཁོ་གི་གནས་ཚང་ སྐྱེས་ལོ་༢༥ ལང་མི་དེ་ ཕྱི་རུ་ཁམས་ཅིག་ཁར་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཐུག་རྐྱེན་བྱུང་དགོ་པའི་ རྒྱུ་རྐྱེན་དེ་ ཁྱེགས་གུ་ལས་འགྱེལ་ཏ་རྐྱབ་ཡོད་པའི་ དོགས་པ་ཡོད་ཟེར་ཨིནམ་ད་ དེ་ཡང་ སྣུམ་འཁོར་ཤུགས་ཚད་ཁར་བཏངམ་ད་ ཁྱེགས་ཁུ་ལས་ འགྱེལ་ཏ་རྐྱབ་སྟེ་ བཀག་ཆ་འབད་མ་ཚུགསཔ་ འོང་ནི་མས་ཟེར་ཨིན་པས།


རྐྱེན་ངན་བྱུང་བའི་སྐབས་ བཟའ་ཚང་དེ་ རུ་ཀུ་སྦྱིས་ལུ་ ཨང་རྒས་བསྐྱལ་བཞག་སྟེ་ ལོག་འོང་བའི་ལམ་ཁར་ བྱུང་ཡོདཔ་ད་ ཨང་རྒས་དེ་ སྤུ་ན་ཁ་ལུ་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཆེན་ཞུ་བར་འོང་ཡོདཔ་བཞིན་དུ་ ལོག་གཡུས་ཁར་ བསྐྱལ་བར་སོང་ཡོདཔ་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment