གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫོང་ཁག་༡༠ གྱིས་ ཚོད་བསྲེའི་རིགས་ མེ་ཊིག་ཊཱོན་༥,༠༠༠ དེ་ཅིག་ ཐོན་སྐྱེད་འབད་ཚུགས་པའི་རེ་བ།

༡༨/༡/༢༠༡༣    ༉ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༣ ཟླ་༡ པ་ལས་ ཟླ་༤ པའི་ནང་འཁོད་ལུ་ གནམ་དགུན་གྱི་ དུས་ཚོད་ནང་ རྫོང་ཁག་༡༠ གྱིས་ ཚོད་བསྲེའི་རིགས་ མེ་ཊིག་ཊཱོན་༥,༠༠༠ དེ་ཅིག་ ཐོན་སྐྱེད་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
ཐིམ་ཕུ་ཚོད་བསྲེ་ཁྲོམ་ཁར་ ནང་འཁོད་ལས་ བཀྲམ་སྤེལ་འབད་མི་ ཚོད་བསྲེའི་རིགས་ཚུ།


དེ་ཡང་ སྤྱི་ལོ་༢༠༡༢ ལས་ འགོ་བཙུགས་ཏེ་ ཕྱིའི་རྒྱལ་ཁབ་ལས་ ཚོད་བསྲེ་ཚུ་ ནང་འདྲེན་འབད་ནི་ལས་ བཀག་ནིའི་དོན་ལུ་ ཚོད་བསྲེའི་རིགས་ཚུ་ རྫོང་ཁག་༢༠ གི་ གྲོང་གསེབ་མི་སེར་ཚུ་གིས་ རང་མགོ་རང་འདྲོངས་སྦེ་ སྡོད་ཚུགསཔ་བཟོ་ནིའི་དོན་ལུ་ གནམ་བྱཱར་དགུན་མེད་པར་ ཚོད་བསྲེའི་རིགས་ཚུ་ ཐོན་སྐྱེད་འབད་ཚུགསཔ་བཟོ་ནི་ཨིན་པས།
དེ་འབད་ནི་འདི་གིས་ སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ སོ་ནམ་དང་འབྲེལ་བ་ཡོད་པའི་ འགོ་དཔོན་ཚུ་གིས་ རྫོང་ཁག་༢༠ གི་ རྒེད་འགོ་༢༠༥ ནང་ ཚོད་བསྲེའི་རིགས་ཚུ་ ཐོན་སྐྱེད་འབད་ཚུགས་པའི་འོས་འབབ་ཚུ་ ཞིབ་འཚོལ་འབད་བའི་སྐབས་ རྒྱལ་ཁབ་ཀྱི་ རྫོང་ཁག་༡༥ ལས་ ཚོད་བསྲེ་འཛུགས་སྐྱོང་འབད་དེ་ འཐོན་ཚུགས་པའི་ འོས་འབབ་སྦོམ་ཡོདཔ་སྦེ་ ཤེས་རྟོགས་བྱུང་ནུག།
རྫོང་ཁག་༡༥ པོ་དེ་ཡང་ བསམ་རྩེ་དང་ གསར་སྤང་ སྤུ་ན་ཁ་ སྤ་རོ་ ཐིམ་ཕུ་ གཞལམ་སྒང་ མོང་སྒར་ བཀྲིས་གཡང་རྩེ་ ལྷུན་རྩེ་ ཆུ་ཁ་ དར་དཀར་ནང་ བཀྲིས་སྒང་ རྩི་རང་ དབང་འདུས་ དེ་ལས་ ཀྲོང་གསར་རྫོང་ཁག་ཚུ་ལས་ ལེགས་ཤོམ་སྦེ་ ཚོད་བསྲེའི་རིགས་ཚུ་ འཐོན་ཚུགསཔ་ཨིན་རུང་ ཧཱ་དང་ མགར་ས་ བུམ་ཐང་ པདྨ་དགའ་ཚལ་ དེ་ལས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཚུ་ལས་ འོས་འབབ་སྦོམ་མ་མཐོངམ་ཨིན་པས།
བསམ་རྩེ་རྫོང་ཁག་ལས་ ཚོད་བསྲེའི་རིགས་ཚུ་ཡང་ མེ་ཏོག་ཀོ་པི་དང་ འདབ་མ་ཀོ་པི་ སྲནམ་ཅུམ་ མེ་ཏོག་ཧོན་ཚོད་ དོ་ལོམ་ སྒོགཔ་ བྱི་སྲན་ ཧོན་ཚོད་ བླམ་བན་ད་ ཨེ་མ་ཚུ་ཐོན་དོ་ཡོདཔ་ད་ སྤུ་ན་ཁ་ལས་ ལ་ཕུག་ ས་སྒ་ འོད་སུ་ ལ་ཕུག་དམརཔོ་ སྤ་རོ་ལས་ ཤ་མུ་ ཉ་ཁག་ཅུ་ ཐིམ་ཕུ་ལས་ ཀེ་བ་ གཡུང་རྡོག་ གཞལམ་སྒང་ལས་ ཀ་ཀུ་རུ་ སི་ཀུཤི་ ཁག་དྲགས་ཀུ་ ས་སྒ་ཚུ་ ཐོན་སྐྱེད་འབད་ཚུགས་ནི་བཟུམ་སྦེ་ གཞན་མི་ རྫོང་ཁག་ཚུ་ལས་ཡང་ ཅོག་འཐདཔ་སྦེ་ འཐོན་ནི་ཨིན་པས།
གསར་སྤང་རྫོང་ཁག་ལས་ འདབ་མ་ཀོ་པི་ མེ་ཊིག་ཊཱོན་༤༧༤ དང་ བླམ་བན་ད་ མེ་ཊིག་ཊཱོན་༢༡༤.༤༦ དེ་ལས་ སྲནམ་ཅུམ་མེ་ཊིག་ཊཱོན་༡༣༡ ཐོན་སྐྱེད་འབད་ཚུགས་ནི་ཨིན་མི་ཚུ་ ཟླཝ་༤ གི་ནང་འཁོད་ལུ་ རྫོང་ཁག་ཚུ་གི་གྲས་ལས་ ཐོན་སྐྱེད་མཐོ་ཤོས་ཅིག་ཨིནམ་ད་ མོང་སྒར་རྫོང་ཁག་ལས་ ལ་ཕུག་མེ་ཊིག་ཊཱོན་༡༣༧ ཐོན་སྐྱེད་འབད་ཚུགས་ནི་དང་ བཀྲིས་གཡང་རྩེ་ལས་ ས་སྒ་མེ་ཊིག་ཊཱོན་༡༤༡ ཐོན་སྐྱེད་འབད་མི་དེ་ མཐོ་ཤོས་ཅིག་ཨིན་པས།
ཟླཝ་༤ གི་ནང་འཁོད་ལུ་ ཐིམ་ཕུ་བརྒྱ་འཁོར་ཚོད་བསྲེ་ཁྲོམ་ཁར་ བཀྲམ་སྤེལ་འབད་མི་ཚུ་ཡང་ བསམ་རྩེ་ལས་ ཚོད་བསྲེའི་རིགས་མེ་ཊིག་ཊཱོན་༡༥༠.༩༤ དང་ གཞལམ་སྒང་ལས་ མེ་ཊིག་ཊཱོན་༤༣༢ མོང་སྒར་ལས་ མེ་ཊིག་ཊཱོན་༤༩༣.༥༨ བཀྲིས་གཡང་རྩེ་ལས་ མེ་ཊིག་ཊཱོན་༤༤༧.༩༩ གསར་སྤང་ལས་ མེ་ཊིག་ཊཱོན་༡༣༧༨.༩༡ ཆུ་ཁ་ལས་ མེ་ཊིག་ཊཱོན་༢༨.༤༦ དར་དཀར་ན་ལས་ མེ་ཊིག་ཊཱོན་༡༡༦.༠༢ བཀྲིས་སྒང་ལས་ མེ་ཊིག་ཊཱོན་༦༥༠.༨༩ རྩི་རང་ལས་ མེ་ཊིག་ཊཱོན་༣༦༥.༤༦༢ དེ་ལས་ དབང་འདུས་རྫོང་ཁག་ལས་ མེ་ཊིག་ཊཱོན་༦༠.༩༠ འབད་ནི་ཨིན་མི་ཚུ་གི་གྲས་ལས་ གསར་སྤང་རྫོང་ཁག་དེ་ མཐོ་ཤོས་ཅིག་སྦེ་ ཐོན་ཡོདཔ་ཨིན་པས།
སོ་ནམ་ཚོང་ལས་དང་མཉམ་འབྲེལ་ལས་ཁུངས་ཀྱི་མདོ་ཆེན་ དགྲ་འདུལ་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ རྒྱ་གར་ལས་ ཚོད་བསྲེའི་རིགས་ མེ་ཊིག་ཊཱོན་སྟོང་ཕྲག་ལས་བཅད་དེ་ ནང་འདྲེན་འབད་མི་ལས་བརྟེན་ རུ་པི་མ་ལང་པའི་དཀའ་ངལ་ རྒྱ་སྦོམ་སྦེ་ ཐོན་པའི་ཤུལ་ལུ་ གཞུང་གི་ ཚོད་བསྲེ་ནང་འདྲེན་འབད་ནི་མེན་པར་ ནང་འཁོད་ལུ་ འཛུགས་སྐྱོང་འབད་དེ་ བཀྲམ་སྤེལ་འབད་ནི་ཨིནམ་མ་ཚད་ ཕྱི་རྒྱལ་ཁབ་ཚུ་ནང་ བཀྲམ་སྤེལ་འབད་ཚུགསཔ་ བཟོ་ནིའི་འཆར་གཞི་དང་ལས་རིམ་ དེ་ལས་ སྲིད་བྱུས་དང་འཁྲིལ་ གནམ་དགུན་གྱི་དུས་ཚོད་ལུ་ ཚོད་བསྲེ་བཀྲམ་སྤེལ་འབད་ཚུགསཔ་བཟོ་ནིའི་དོན་ལུ་ འཆར་གཞི་དང་ལས་རིམ་ཚུ་ བཟོ་སྟེ་ཡོད་ཟེར་ཨིན་པས།
གནམ་དགུན་གྱི་སྐབས་ལུ་ ལྷོ་ཕྱོགས་རྫོང་ཁག་༥ དཔེ་འབད་བ་ཅིན་ བསམ་རྩེ་དང་ གསར་སྤང་ རྩི་རང་ ཆུ་ཁ་ དེ་ལས་ དར་དཀར་ནང་རྫོང་ཁག་ཚུ་ལས་ ཚོད་བསྲེའི་རིགས་ཚུ་ ཐོན་སྐྱེད་འབད་ཚུགས་པའི་ ཞིབ་འཚོལ་འབད་ཞིནམ་ལས་ རྫོང་ཁག་ཚུ་ནང་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ཁ་ཐུག་ལས་ དགོས་མཁོ་ཆེ་བའི་མཐུན་རྐྱེན་ཚུ་ བྱིན་ནི་སྦེ་ བཞག་སྟེ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment