ཕུན་ཚོགས་གླིང་ འབྲུག་གི་དངུལ་ཁང་ལྟེ་བའི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཏི་རུ་དེ་ དངུལ་གཉེར་ཚུ་ལུ་ སྤྲོད་ཚར་ཞིནམ་ལས་ བྱང་སྟོར་ཤོར་བ་ཅིན་ ཁོང་རའི་ འགན་འཁྲི་ཨིནམ་ལས་ ཁོང་གིས་ར་ དངུལ་ཚབ་བཙུགས་དགོ་ཟེར་ཨིན་པས།
ཨིན་རུང་ སྤུ་ན་ཁའི་ གནད་དོན་སྐོར་ལས་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ལས་ ག་དེ་སྦེ་ བྱང་སྟོར་ཤོར་སོཔ་ཨིན་ན་ སླབ་མི་ཤེས་པས་ཟེར་ བཤདཔ་ཨིན་པས།
དངུལ་ཁང་ནང་ལས་ དངུལ་གཉེར་ཚུ་ལུ་ ཉིན་བསྟར་བཞིན་དུ དངུལ་འབོར་བགོ་བཀྲམ་འབད་དེ་ ཕྱི་རུ་ དངུལ་འབྲེལ་གྱི་ ལཱ་མཇུག་བསྡུ་བའི་བསྒང་ལས་ ཏི་རུ་ཚུ་ རྩིས་རྐྱབ་སྟེ་ སྤྲོད་དགོཔ་ཨིན་པས།
དེ་འབདཝ་ལས་ སྤུ་ན་ཁའི་ དངུལ་ཁང་ཡན་ལག་གི་ དངུལ་གཉེར་དེ་གིས་ ཕྱི་རུ་ ཏི་རུ་རྩིས་སྤྲོད་པའི་སྐབས་ མ་ཚངམ་ཨིནམ་ ཤེས་ནུག་ཟེར་ དངུལ་ཁང་གི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ འབྲུག་གི་དངུལ་ཁང་གི་ཡན་ལག་ ཐིམ་ཕུ་དང་ ཕུན་ཚོགས་གླིང་གཉིས་ནང་ སི་སི་ཊི་བི་ཚུ་ བཙུགས་ཡོད་རུང་ ཡན་ལག་དངུལ་ཁང་གཞན་ཚུ་ནང་ དེ་བཟུམ་མའི་ མཐུན་རྐྱེན་ཚུ་མེདཔ་ལས་ སྲུང་རྒྱབ་ཚུ་ སྐོར་རྒྱབ་སྦེ་ ལྟ་རྟོག་འབད་དགོཔ ་ཨིན་ཟེར་ཨིན་པས།
ཨིན་རུང་ དཀའ་ངལ་ཚུ་ ག་ཅི་ལས་བརྟེན་ ཐོན་དོ་ཡོདཔ་ཨིན་ན་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ དངུལ་ཁང་གི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།
No comments:
Post a Comment