གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཏམ་ཁུ་ནང་འདྲེན་འབད་མི་༢ བཙོན་ནང་བཙུགས་ཡོདཔ།

༡༨/༡/༢༠༡༣   ༉ དར་དཀར་ནང་ རྫོང་ཁག་ལས་ སྐྱེས་ལོ་༢༢ ལང་མི་ ཕོ་སྐྱེས་ཅིག་གིས་ ཏམ་ཁུ་ནང་འདྲེན་འབད་བའི་ཐད་ཁར་ ཐིམ་ཕུ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༥ པ་གིས་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ་ད་ ཁོ་གི་ཆ་རོགས་ སྐྱེས་ལོ་༣༧ ལང་མི་དེ་ལུ་ བཙོན་ཁྲིམས་ལོ་༡ དང་ ཟླཝ་༦ བཀལ་ཡོདཔ་ཨིན་པས།


དེ་ཡང་ སྐྱེས་ལོ་༣༧ ལང་མི་ ཉི་མ་ཤེར་པ་གིས་ སྤྱི་ལོ་༢༠༡༢ ཟླ་༡༢ པའི་ཚེས་༡༢ ལུ་ ཉིན་མའི་ཆུ་ཚོད་༡:༣༠ དེ་ཅིག་ཁར་ ཕུན་ཚོགས་གླིང་ལས་ ཐིམ་ཕུ་ལུ་ སྐྱེས་ལོ་༢༢ ལང་མི་ ཨར་ཇཱུན་ སུ་བྷ་གི་ ཏམ་ཁུ་བཅུ་རྡོག་༨,༢༠༠ འབད་མི་དེ་ ཁོ་གི་ སྣུམ་འཁོར་ནང་བཙུགས་ཏེ་ འབག་འོང་ཡོདཔ་ཨིན་པས།
ཉེས་ཅན་ཨར་ཇུན་ སུ་བྷ་གིས་ ཏམ་ཁུ་ཚུ་ ཁོ་གི་ཨིན་པའི་ ཁ་བཟེད་ཡོདཔ་ལས་བརྟེན་ འབྲུག་གི་ཏམ་ཁུ་དམ་འཛིན་བཅའ་ཁྲིམས་༢༠༡༠ ཅན་མའི་ དོན་ཚན་༥༡ པ་དང་འཁྲིལ་ཏེ་ གལ་སྲིད་མི་ཅིག་གིས་ ཏམ་ཁུ་དང་ ཡང་ཅིན་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཚད་གཞི་ལས་༤ ལྟབ་ལས་ལྷག་སྟེ་ འཆང་སྤྱོད་འབད་བ་ཅིན་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ལྟར་ དབྱེ་རིམ་༤ པའི་ ཉེས་ཁྲིམས་སྨིན་དགོ་ཟེར་ འཁོད་ཡོདཔ་བཞིན་དུ་ ཨར་ཇཱུན་ སུ་བྷ་ལུ་ དབྱེ་རིམ་༤ པའི་ ཉེས་ཁྲིམས་ལོ་༣ བཀལ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཉི་མ་ཤེར་པ་གིས་ ཏམ་ཁུ་དེ་ ཁོ་གི་སྣུམ་འཁོར་ནང་ བཙུགས་འབག་འོངམ་ལས་བརྟེན་ ཉེས་ཅན་ལུ་ གྲོགས་རམ་འབད་ཡོད་པའི་ཐད་ཁར་ ཉེས་ཅན་ལུ་ཕོག་མི་ ཉེས་བྱ་ཕྱེད་ཀ་ ཁོ་ལུ་ཕོག་ཡོདཔ་ལས་ ཉི་མ་ཤེར་པ་ལུ་ བཙོན་ཁྲིམས་ལོ་༡ དང་ཟླཝ་༦ བཀལ་ཡོདཔ་ཨིན་པས།
ཨར་ཇཱུན་ སུ་བྷ་གིས་ སྤྱི་ལོ་༢༠༡༢ ཟླ་༡༢ པའི་ཚེས་༡༢ ལས་ སྤྱི་ལོ་༢༠༡༣ ཟླ་༡ པའི་ཚེས་༡༠ ཚུན་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ སྡོད་མི་ལུ་བརྟེན་ ཁོ་གིས་ བཙོན་ཁྲིམས་ལོ་༢ དང་ ཟླཝ་༡༡ དེ་ལས་ ཞག་གྲངས་༢ འབག་དགོཔ་ཨིན་པས།
དེ་བཟུམ་སྦེ་ ཉི་མ་ཤེར་པ་གིས་ སྤྱི་ལོ་༢༠༡༢ ཟླ་༡༢ པའི་ཚེས་༡༢ ལས་ སྤྱི་ལོ་༢༠༡༢ ཟླ་༡ པའི་ཚེས་༡༠ ཚུན་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ སྡོད་ཡོདཔ་བཞིན་དུ་ ཁོ་གིས་ བཙོན་ཁྲིམས་ལོ་༡ དང་ ཟླཝ་༥ ཞག་གྲངས་༢ འབག་དགོཔ་ཨིནམ་བཞིན་དུ་ ཁོ་གིས་ ཁྲིམས་འཐུས་བཏབ་ཆོགཔ་ཨིན་པས།
དེ་འབདཝ་ད་ ཉེས་ཅན་ཨར་ཇཱུན་ སུ་བྷ་གིས་ བཙོན་ཁྲིམས་དེ་ ཁྲིམས་འཐུས་བཏབ་མ་ཆོགཔ་ཨིནམ་ལས་ བསམ་པ་མ་རྫོགས་པ་ཅིན་ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ མཐོ་གཏུགས་འབད་ཆོགཔ་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment