གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཞུ་ཡིག་བཙུགས་ནིའི་ དུས་ཚོད་གངམ་མེདཔ།

༡༠/༠༡/༢༠༡༣། ༉ བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ཟླ་༡ པའི་ཚེས་༨ ལུ་ བརྡ་བརྒྱུད་ཐོག་ལས་ སྤྱི་ཚོགས་བཙག་འཐུའི་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་ཀྱི་ ཞུ་ཡིག་ཚུ་བཙུགས་དགོ་པའི་ གསལ་བསྒྲགས་འབད་མི་དང་བསྟུན་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཚུ་གིས་ ཐོ་བཀོདའབད་ནིའི་དོན་ལུ་ དུས་ཡུན་ཉིནམ་༡༥ དེ་ཅིག་ལས་ མེདཔ་ཨིན་པས།

གསལ་བསྒྲགས་དང་འཁྲིལཝ་ད་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མི་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་ཞུ་ཡིག་དེ་ སྤྱི་ཟླ་༡ པའི་ཚེས་༢༥ འི་ནང་འཁོད་ལུ་ བཙུགས་དགོཔ་སྦེ་ཨིན་པས།


གསལ་བསྒྲགས་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ དྲང་ཁྲིམས་ལྷན་སྡེ་དང་ ལྷན་ཁག་སོ་སོ་ དེ་ལས་ ལས་སྡེ་ཁག་དང་ རྫོང་ཁག་བདག་སྐྱོང་ གཞུང་མིན་ལས་སྡེ་དང་ དྲག་ཁག་༣ གྱི་དམག་མི་ཚུ་དང་ ཁོང་རའི་བཟའ་ཚང་ཚུ་གིས་ བཙག་འཐུ་ལྷན་ཚོགས་ལུ་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཐོ་བཀོད་དོན་ལུ་ བཙག་འཐུའི་ཡོངས་འབྲེལ་ནང་ལས་ ཞུ་ཡིག་གི་ ཤོག་བྱང་ཕབ་ལེན་ཐོག་ལས་ གསལ་བསྒྲགས་ནང་བཀོད་མི་ ཡོངས་འབྲེལ་ཁ་བྱང་ཐོག་ལུ་ རང་སོའི་ ལས་སྡེ་ཁག་གི་ འགོ་དཔོན་ཚུ་བརྒྱུད་དེ་ གཏང་དགོ་ཟེར་ཨིན་པས།

དེ་མ་ཚད་ འབྲུག་ནང་འཁོད་དང་ ཕྱིའི་རྒྱལ་ཁབ་ཚུ་ནང་ཡོད་མི་ འབྲུག་པའི་སློབ་ཕྲུག་ཚུ་ ག་ར་གིས་ ཚོགས་རྒྱན་བཙུགས་ཆོག་པའི་ལོ་ཚད་ སྐྱེས་ལོ་༡༨ ཡན་ཆད་འབད་མི་ཚུ་གིས་ཡང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཐོ་བཀོད་ཞུ་ཡིག་ཚུ་ བཙུགས་ཆོག་ནི་ཨིནམ་ད་ ཞུ་ཡིག་ཚུ་བསྐྱར་ཞིབ་ཐོག་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞབས་ཏོག་འཐོབ་ནིའི་ ཚད་གཞི་དང་ལྡན་མི་ཚུ་ལུ་ འགྲེམ་ཐོག་ཚོགས་རྒྱན་གྱི་ གོ་སྐབས་འཐོབ་ནི་ཨིན་པས།


དེ་དང་འབྲེལ་ དུས་ཅི་ བཙག་འཐུའི་སྐབས་ ཨ་མི་རི་ཀ་ལུ་སྡོད་མི་ འབྲུག་མི་ཚུ་གི་དོན་ལུ་ཡང་ འགྲེམ་ཐོག་ཚོགས་རྒྱན་གྱི་ གོ་སྐབས་སྤྲོད་ནི་ཨིན་རུང་ ཕྱིའི་རྒྱལ་ཁབ་གཞན་ཚུ་ནང་ འབྲུག་མི་རྒྱ་ཆེ་དྲགས་མེདཔ་ལས་ འགྲེམ་ཐོག་ཚོགས་རྒྱན་གྱི་ མཐུན་རྐྱེན་དེ་ མེདཔ་ཨིན་པས།


ཨིན་རུང་ གནས་སྐབས་དང་བསྟུན་ རྒྱལ་ཁབ་གཞན་ཚུ་ནང་ཡང་ འབྲུག་མི་ འབོར་ཆེ་ཏོག་ཏོ་ཡོད་པ་ཅིན་ འོས་འཚམས་དང་བསྟུན་ གོ་སྐབས་སྤྲོད་འོང་ཟེར་ བཙག་འཐུ་ལྷན་ཚོགས་ཀྱིས་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།


སྤྱིར་བཏང་བཙག་འཐུའི་སྐབས་ འགྲེམ་ཐོག་ཚོགས་རྒྱན་དེ་ འབོར་ཆེ་དྲགས་མེདཔ་ཨིན་རུང་ འདས་པའི་བཙག་འཐུའི་ ཉམས་མྱོང་དང་འཁྲིལཝ་ད་ བཙག་འཐུའི་གྲུབ་འབྲས་ནང་ འགྲེམ་ཐོག་ཚོགས་རྒྱན་ཚུ་གིས་ ཁྱད་པར་སྦོམ་བཟོ་དོ་ཡོདཔ་ལས་ འགྲེམ་ཐོག་ཚོགས་རྒྱན་དེ་ བཙག་འཐུའི་གནད་དོན་ནང་ གལ་ཅན་ཅིག་ཨིན་ཟེར་ བཙག་འཐུ་ལྷན་ཚོགས་ཀྱི་ འདེམས་ཁོངས་བཅད་མཚམས་འགོ་དཔོན་ ཚེ་རིང་དཔལ་འབྱོར་གྱིས་ བཤདཔ་ཨིན་པས།


སྤྱི་ལོ་༢༠༠༨ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་སྐབས་ ཚོགས་རྒྱན་བཙུགས་མི་བསྡོམས་༡༦༥,༩༦༢ ཐོན་ཡོད་ས་ལས་ འགྲེམ་ཐོག་ཚོགས་རྒྱན་༤,༧༤༢ ལས་ མེད་པའི་ཁར་ རྒྱལ་ཡོངས་ཚོགས་འདུའི་སྐབས་ ཚོགས་རྒྱན་བཙུགས་མི་བསྡོམས་༢༥༢,༦༧༢ ཐོན་ཡོད་ས་ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༡༧,༡༡༩ ལས་ མེདཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment