ཁྱིམ་གྱི་འཚིགས་ཤུལ། |
ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་ ཀུན་གསལ་ལུ་སླབ་མིའི་ནང་ མེ་རྐྱེན་དེ་ ཉི་མའི་ཆུ་ཚོད་༣ དེ་ཅིག་ཁར་ བྱུང་ཡོདཔ་ད་ དུས་ཡུན ཆུ་ཚོད་༡ གི་ནང་འཁོད་ལུ་ ཁྲིམས་སྲུང་འགག་སྡེའི་ མེ་བསད་སྡེ་ཚན་དང་ སྣུམ་འཁོར་༤ གིས་སྦེ་ མེ་བསད་ཡོདཔ་ཨིན་པས།
མེ་རྐྱེན་དེ་ ག་དེ་སྦེ་བྱུང་ཡོདཔ་ཨིན་ན་ ད་ལྟོ་ཏན་ཏན་མ་ཤེསཔ་ཨིན་རུང་ བསམ་འཆར་བཀོད་མི་དང་འཁྲིལཝ་ད་ ཁྱིམ་ཐོག་གཅིག་འབད་མིའི་ ཐབ་ཚང་རྒྱུད་དེ་ སྦ་སྒོར་ཆུང་ཀུ་ཅིག་ཡོད་མི་ལས་ ཆུ་ཚན་དྲོད་བཏགས་ཧི་ཊར་གུ་ལས་སྦེ་ བྱུང་ཡོདཔ་བཟུམ་འདུག་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
ཉམས་རྒུདཔ་ཨམ་སྲུ་གིས་ ཀུན་གསལ་ལུ་སླབ་མི་དང་འཁྲིལཝ་ད་ རྐྱེན་ངན་མ་བྱུང་པའི་ཧེ་མར་ མོ་རའི་ཨ་ལུ་ སྐྱེས་ལོ་༥ འབད་མི་དང་ ཁོ་གི་ནུ་གཅུང་དེ་ ཁྱིམ་ནང་ ཧལ་བཞག་སྟེ་ མོ་ར་ ཆ་རོགས་ཀྱི་ཁྱིམ་ནང་འགྱོ་བའི་ལམ་ཁ་ལས་ ལོག་བལྟ་བའི་སྐབས་ ཐབ་ཚང་ནང་ལས་ དུ་པ་ཐོན་ས་མཐོང་སྟེ་ ཚར་ངེར་བཏོན་ཁྱིམ་ནང་ལས་ ཨ་ལུ་གཉིས་བཏོན་འབག་ཚུགས་ནི་དེ་གིས་ སྲོག་སྐྱབས་འབད་ཚུགས་རུང་ ཅ་ལ་དང་ གཞན་རྒྱུ་དངོས་ཚུ་ ག་ཅི་ཡང་ཐོབ་མ་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ སྦ་སྒོར་ནང་ ཁང་གླ་ཁར་སྡོད་མི་སྒོམ་ཆེན་ཅིག་ཡོདཔ་ལས་ ཁོ་གི་ བཀབ་གོ་ལ་ལས་འགོ་བཟུང་ ནང་ན་ཡོད་པའི་ཅ་ཆས་ཚུ་ག་ར་ མེ་གིས་འཚིགས་སོ་ཡི་ཟེར་ཨིན་པས།
མེ་རྐྱེན་བྱུང་བའི་སྐབས་ལུ་ མི་ལུ་གནོད་སྐྱོན་མ་བྱུངམ་ཨིན་རུང་ མཐོང་མི་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གལ་སྲིད་ སྣུམ་འཁོར་ལམ་དང་ མེ་བསད་སྡེ་ཚན་གྱི་སྣུམ་འཁོར་ཚུ་ དུས་ཚོད་ཁར་ ལྷོད་མ་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་ ཁྱིམ་དེ་ ག་ར་ཐལ་བ་བརླག་ནི་ཨིནམ་མ་ཚད་ སྦོ་ལོགས་ཁ་ཡོད་པའི་ཁྱིམ་ཚུ་ཡང་ མེ་གིས་འཚིགས་འཚིགསཔ་འོང་ཟེར་ཨིན་པས།
ཉམས་རྒུད་བྱུང་མི་བཟའ་ཚང་དེ་ལུ་ ཨ་ལུ་༣ ཡོད་པའི་ཁར་ མོ་གི་རྨགཔ་དེ་ ཧཱུན་ཌའི་འཕྲུལ་ལསཔ་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ མི་ལུ་རྐྱེན་ངན་མ་བྱུང་རུང་ ཅ་ལ་ཚུ་ག་ར་མེ་གིས་འཚིགས་སོཔ་ལས་ ཕྱི་རུ་ སྤུན་ཆ་ཚུ་གི་ ཁྱིམ་ནང་ སྡོད་དགོཔ་འབྱུང་ནི་མས་ཟེར་ ཨིན་པས།
ཉམས་རྒུད་བྱུང་མི་ཚུ་ལུ་ ཐིམ་ཕུ་རྫོང་ཁག་ལས་ གདན་མལ་ཆ་དང་ བཀབ་གོ་ལ་ དེ་ལས་ ཐབ་ཚང་གི་ ཅ་ཆས་ཚུ་ བྱིན་ཡོད་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment