ལས་མིའི་སྒར་ མེ་གིས་འཚིགས་པའི་བསྒང་། |
ད་རུང་ མེ་རྐྱེན་ནང་ ལས་མི་སྡོད་སྒར་༦ གི་ རྒྱུ་དངོས་ཚུ་ཡང་ འཚིགས་ཡོདཔ་ད་ ལས་མིའི་སྒར་ཚུ་ ཤིང་དྲ་ཁང་གི་ ཇོ་བདག་གི་ཁྱིམ་ལས་ མི་ཊར་དག་པ་ཅིག་གི་ས་ཁར་ཡོདཔ་ཨིན་པས།
ཤིང་དྲ་ཁང་གི་ ཇོ་བདག་གི་ ཁྱིམ་འཚིགས་མིའི་ རྒྱུ་དངོས་ག་དེམ་ཅིག་ འཚིགས་ཡོདཔ་ཨིན་ན་ གནས་གོང་མ་བཏོན་པར་ཡོདཔ་ད་ མེ་རྐྱེན་དེ་ ག་དེ་སྦེ་ བྱུང་ཡོདཔ་ཨིན་ན་ ཤེས་མ་ཚུགས་པས།
རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གིས་ ཉམས་རྒུད་བྱུང་མི་ བཟའ་ཚང་ཚུ་ལུ་ བཟའ་ཚང་གི་ མཁོ་ཆས་ཚུ་ བགོ་སྤྲོད་འབད་ཡོད་པའི་གནས་ཚུལ།
No comments:
Post a Comment