གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྲོས་ཟུར་འབད་མི་ གཞུང་འཁོར་གྱི་དེད་གཡོགཔ་ཅིག་ འཛིན་བཟུང་འབད་ཡོདཔ།

༡༤/༠༡/༢༠༡༣། ༉ ཁ་ཙ་ དྲོ་པའི་ཆུ་ཚོད་༤ དེ་ཅིག་ཁར་ ཐིམ་ཕུ་མུ་ཏིག་ཐང་ལུ་ སྣུམ་འཁོར་གྱི་ མར་ཁུ་བླུག་སའི་ས་ཁོངས་ཀྱི་ ཉེ་འདབས་ལུ་ གཞུང་གི་སྣུམ་འཁོར་ པར་ཌོ་དཀརཔོ་ཅིག་གིས་ ལམ་བདའ་སྟེ་བཀག་བཞག་མི་ སྣུམ་འཁོར་༢ བརྡུང་མི་ལུ་བརྟེན་ དེད་གཡོགཔ་དེ་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།

བྱུང་རྐྱེན་དེ་ཡང་ དེད་གཡོགཔ་དེ་གིས་ སྣུམ་འཁོར་བཀག་མ་ཚུགསཔ་ལས་ དང་པ་ར་ སྣུམ་འཁོར་སེན་ཊོ་ཅིག་གུ་ཕོག་ཏེ་ འཁོར་ལམ་ཁ་ལས་ འཐུ་བཀོག་ཡོདཔ་ད་ དེ་གི་ཤུལ་ལུ་ ཤུགས་ཀྱིས་སྦེ་ གཞན་མི་སྣུམ་འཁོར་ ཊ་ཊ་ཨིན་ཌི་ཀ་ཅིག་གི་ རྒྱབ་ཁར་བརྡུངས་ཡོདཔ་ཨིན་པས།


སྣུམ་འཁོར་བརྡུང་བའི་སྐད་ ཤུགས་སྦེ་ར་ རྐྱབ་མི་ལུ་བརྟེན་ ས་ཁོངས་ནང་སྡོད་མི་ཚུ་ གཉིད་ཚོར་ཡོདཔ་ལས་ ཁོང་གིས་ སྒོ་སྒྲིག་ནང་ལས་ལྟཝ་ད་ སྣུམ་འཁོར་ཚུ་བརྡུང་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།

རྐྱེན་ངན་བྱུང་སར་ མཐོང་མི་ཅིག་གིས་ སླབ་མིའི་ནང་ བཀག་བཞག་མི་ སྣུམ་འཁོར་ཚུ་གུ་ བརྡུངས་པའི་ཤུལ་ལུ་ པར་ཌོ་དེ་ རྒྱབ་བཤུད་རྐྱབ་ཐོག་ལས་ ས་ཁོངས་དེ་ནང་ལས་ བྱོག་སོང་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ བདུན་ཕྲག་ངལ་གསོའི་སྐབས་ གཞུང་གི་སྣུམ་འཁོར་དེ་ དྲོ་པ་ཧ་སག་ལས་ར་ ག་ཅི་སྦེ་ ས་ཁོངས་དེ་ནང་ འོང་འོངམ་ཨིན་ན་ མ་ཤེས་ཟེར་ཨིན་པས།


དེ་གི་ཤུལ་ལས་ཡང་ཚར་ཅིག་ དེད་གཡོགཔ་དེ་ ས་ཁོངས་དེ་ནང་ ལོག་འོང་ཡོདཔ་ཨིན་རུང་ མི་ལེ་ཤ་ཅིག་ར་ སྤུངས་སྡོད་སར་ མཐོང་བའི་ཤུལ་ལུ་ ལོག་ཡར་སོཔ་ཨིན་པས།


ཨིན་རུང་ དེ་བསྒང་ ས་ཁོངས་ནང་ སྤུངས་འཛོམས་འབད་མི་ ལ་ལུ་ཅིག་གིས་ སྣུམ་འཁོར་དེ་གི་ ཨང་གྲངས་ཚུ་ འགྲུལ་འཕྲིན་གུ་ལས་སྦེ་ པར་བཏབ་བཞག་ཡོདཔ་ཨིན་པས།


བཅག་དཀྲུམ་བཏང་མི་ སྣུམ་འཁོར་༢ ལས་༡ རྒྱལ་ཡོངས་རྩིས་ཞིབ་དབང་འཛིན་ནང་ ལཱ་འབད་མི་ཅིག་གི་ཨིནམ་ད་ གཞན་མི་དེ་ ཕྱི་འབྲེལ་ལྷན་ཁག་ནང་ ལཱ་འབད་མི་ཅིག་གི་ཨིན་པས།


ས་ཁོངས་ནང་སྡོད་མི་ བསྟན་འཛིན་གྱིས་འབད་བ་ཅིན་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ཡིག་ཚང་ནང་ལཱ་འབད་མི་ ཁོ་རའི་ ནུ་གཅུང་དེ་ ད་ལྟོ་ གཞུང་དོན་ལུ་ ས་གནས་གཞན་ཁར་ ལཱ་འབད་བར་སོང་ཡོདཔ་ད་ ས་ཁོངས་ནང་ སྣུམ་འཁོར་ལེ་ཤ་ཅིག་ར་ བཀག་བཞག་ས་ལས་ ཁོ་གི་སྣུམ་འཁོར་དེ་ལུ་ར་ རྐྱེན་ངན་བྱུང་མི་དེ་ལུ་ སེམས་ཕམ་བྱུང་ཡི་ཟེར་ཨིན་པས།


དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་ཚུ་ལུ་ སྙན་ཞུ་འབད་མི་དང་འཁྲིལ་ ཁྲིམས་སྲུང་འགག་པ་ཚུ་ ས་ཁོངས་ནང་འོང་བའི་ཤུལ་ལུ་ གཞན་མི་ཁྲིམས་སྲུང་གག་པ་ཚུ་ལུ་ བརྡ་སྤྲོད་འབད་བའི་ཤུལ་ལུ་ པར་ཌོ་དཀརཔོ་དེ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཉེ་འདབས་ལས་ བདའ་ཟུན་ཡོདཔ་ད་ དེད་གཡོགཔ་དེ་གིས་ རྐྱེན་ངན་བྱུང་མི་དེ་ལུ་ རྫུན་ཁ་བཟེད་ཡོདཔ་ཨིན་པས།


མ་གཞི་ ཁོ་གིས་ ས་ཁོངས་དེ་ནང་ལས་ བྱོག་འགྱོ་ནིའི་ མནོ་བསམ་མ་བཏང་རུང་ ས་ཁོངས་དེ་ནང་ མི་ལེ་ཤ་ཅིག་ར་ སྤུངས་འཛོམས་འབད་ཡོདཔ་མཐོངམ་ལས་ ཁོ་ལུ་ བརྡུང་རྫོབ་མི་འབད་ག་མནོ་བའི་ འཇིགས་སྣང་ལུ་བརྟེན་ བྱོག་འགྱོ་དགོཔ་ཐོན་ཡི་ཟེར་ ཁྲིམས་སྲུང་འགག་པ་ལུ་ སླབ་ནུག།


དེད་གཡོགཔ་དེ་གིས་འབད་བ་ཅིན་ དེ་བསྒང་ ཁོ་གིས་ སྣུམ་འཁོར་ཤུགས་ཚད་ ཆུ་ཚོད་རེ་ལུ་ ཀི་ལོ་མི་ཊར་༣༠ དང་༤༠ མ་གཏོགས་མ་བཏངམ་ཨིན་རུང་ ག་དེ་སྦེ་ བཀག་མ་ཚུགསཔ་ཨིན་ན་ ཧ་གོ་མ་ཚུགས་ཟེར་ ཁྲིམས་སྲུང་འགག་པ་གིས་ དབྱེ་ཞིབ་འབད་བའི་སྐབས་ སླབ་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ གཞུང་འཁོར་པར་ཌོ་དེ་ ཕྱི་འབྲེལ་ལྷན་ཁག་གི་ཨིནམ་ད་ གནད་དོན་དེ་གི་སྐོར་ལས་ དབྱེ་ཞིབ་འབད་བའི་བསྒང་ ཡོདཔ་ཨིན་པའི་ནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment