གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གག་འགྲམ་ཐོན་མི་ལུ་ ཐག་བཅད་མ་ཚུགས་པར་ཡོདཔ།

ཀྲོང་གསར་ལྟག་རྫོང་།
 ༨/༠༡/༢༠༡༣། ༉ འབྲུག་པའི་ཞིབ་དཔྱད་སྡེ་ཚན་ཅིག་གིས་ ཀྲོང་གསར་རྫོང་དང་ ལྟག་རྫོང་གཉིས་ལུ་ གས་རྫས་ལུ་བརྟེན་ སེར་གུ་ཐོན་ཡོད་པའི་དོགས་པ་ཡོད་མི་ལུ་ དབྱེ་ཞིབ་འབད་ཡོདཔ་ཨིན་པས།

ལམ་སྲོལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་ ཆོས་ཉིད་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྡེ་ཚན་གྱིས་ ཉིནམ་ཅིག་གི་རིང་  སེར་གུ་ཐོན་ཡོད་མི་ གྱང་རྩིག་ཚུ་ལུ་ ལྟ་བའི་སྐབས་ ཧེ་མ་ལས་ སེར་གུ་རྙིངམ་ ལེ་ཤ་ཐོན་ཡོདཔ་ལས་ ག་ནི་ཡང་ ཐག་བཅད་མ་ཚུགས་ཟེར་ཨིན་པས།


ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྫོང་ཁག་གི་ འགོ་དཔོན་ཚུ་གིས་ སེར་གུ་ཚུ་ གསརཔ་ཨིནམ་སྦེ་ སླབ་སྟེ་འབད་རུང་ བདེན་ཁུངས་བཀལ་ནི་ ག་ནི་ཡང་མིན་འདུག་ཟེར་ཨིནམ་ད་ རྫོང་ཁག་གིས་ ཧེ་མ་ལས་ སེར་གུ་ཐོན་ཡོད་མི་ཚུ་ ལྟ་བཞག་པ་ཅིན་ ཤེས་ཚུགས་ཚུགསཔ་འོང་ཟེར་ཨིནམ་ད་ སེར་གུ་ཚུ་ ག་དེ་སྦེ་ ཐོན་ཡོདཔ་ཨིན་ན་ ཤེས་ནིའི་དོན་ལུ་ ལེགས་ཤོམ་སྦེ་ དབྱེ་ཞིབ་འབད་དགོཔ་འདུག་ཟེར་ཨིན་པས།

དབྱེ་ཞིབ་འབད་མི་ཚུ་ཡང་ འབྲུག་སླར་འབྱུང་ཐོན་སྐྱེད་སྡེ་ཚན་གྱིས་ ཁོང་གི་ཧོངས་ལས་ དབྱེ་ཞིབ་འབད་ནིའི་དོན་ལུ་ ད་རུང་ ཧེ་མ་ལས་ རྒྱ་གར་གྱི་ མཁས་མཆོག་ཚུ་གིས་ སྦྱར་ཡོད་མི་ ཤེལ་གུ་ ད་རུང་ རྫོང་དང་ ལྟག་རྫོང་གཉིས་ལུ་ ཤེལ་དུམ་སྦྱར་བཞག་ཡོདཔ་ཨིན་པས།


སྡེ་ཚན་དེ་ནང་ ཧེ་མ་ ཀྲོང་གསར་རྫོང་ཉམས་བཅོ་འབད་བའི་སྐབས་ ལཱ་འབད་མི་ འབྲུག་སླར་འབྱུང་ཐོན་སྐྱེད་གོང་འཕེལ་ལྟེ་བ་གི་ གྲོས་སྟོན་པ་ ཡེ་ཤེས་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་ དེ་བསྒང་ ཁོ་ར་ རྫོང་གི་བཟོ་བཀོད་རྐྱངམ་གཅིག་ ལྟ་རྟོག་འབད་ཡོདཔ་ལས་ ག་ནི་ཡང་ སླབ་མི་ཤེས་པས་ཟེར་ཨིན་པས།


སྡེ་ཚན་གྱིས་ ཞིབ་དཔྱད་འབད་རུང་ འཕྲུལ་ཆས་ག་ནི་ཡང་ ལག་ལེན་མ་འཐབ་པར་འབད་ཡོདཔ་ད་ ཆོས་ཉིད་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་རེས་ཀྱི་ ཞིབ་དཔྱད་དང་འཁྲིལ་ དགོཔ་ཐོན་པ་ཅིན་ འབྲེལ་བ་ཡོད་པའི་འཕྲུལ་ཆས་ཚུ་ ལག་ལེན་འཐབ་སྟེ་ དབྱེ་ཞིབ་འབད་འོང་ཟེར་ཨིན་པས།


གཞན་མི་དབྱེ་ཞིབ་འབད་མི་ འཐུས་མི་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་ལྟོ་ ཁོང་གིས་ ག་ནི་ཡང་ ཐག་བཅད་མི་ཚུགས་པས་ཟེར་ཨིནམ་ད་ རྒྱ་གར་གྱི་ མཁས་མཆོག་གིས་ ཞིབ་དཔྱད་འབད་ཡོད་མི་ གྲུབ་འབྲས་ལུ་ བལྟ་དགོ་པས་ཟེར་ཨིན་པས།


ཨིན་རུང་ ལྟ་རྫོང་ནང་ སྡོད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཆུ་མཛོད་ནང་ གས་རྫས་གས་པའི་སྐབས་ ད་ལྟོ་ཡང་ ལྟག་རྫོང་ནང་ བྱེམ་འོང་ནི་འདུག་ཟེར་ ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།
 

No comments:

Post a Comment