གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙན་ཁྲིད་འབད་མི་བུཚ་ ལོག་བཏང་ཡོདཔ།

༉ སྤྱི་ཟླ་༡ པའི་ཚེས་༤ འི་ཉིན་མར་ གསར་སྤང་ཁྲོམ་ལས་ སྐྱེས་ལོ་༡༨ ལང་མི་ བུཚ་ཅིག་ ཀྲོབ་མདའ་དཔག་ཐོག་ལས་ བཙན་ཁྲིད་འབད་མི་དེ་ སྤྱི་ཟླ་༡ པའི་ཚེས་༡༣ ལུ་ ལོག་བཏང་ཡོད་རུང་ ན་སྟེ་ རྒྱ་གར་སི་ལི་གུ་རི་ལུ་ སྨན་ཁང་ཅིག་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས།


ལོ་རྒྱུས་དང་འཁྲིལཝ་ད་ བུཚ་དེ་གི་ ཨ་ཞང་གིས་ བཙན་ཁྲིདཔ་ཚུ་ལུ་ སྲོག་རིན་དངུལ་ཀྲམ་འབུམ་༥ སྤྲོད་དེ་ ཐད་ཀར་དུ་ སྨན་ཁང་ནང་ བསྐྱལ་ཡོདཔ་ལས་ ཉམས་རྒུད་པའི་ ཉེ་ཚན་ཚུ་གིས་ སྨན་ཁང་ག་ཏེ་ལུ་ཨིན་ན་ ཤེས་རྟོགས་བྱུང་མ་ཚུགས་པས་ཟེར་ཨིན་པས།
བཙན་ཁྲིད་འབད་མི་ཚུ་གིས་ བུཚ་དེ་ དགོ་པ་ཅིན་ སྲོག་རིན་དངུལ་ཀྲམ་ས་ཡ་༢༠ དགོཔ་སྦེ་ བློ་འདོད་བཀོད་ཡོད་རུང་ ཤུལ་ལས་ དངུལ་ཀྲམ་འབུམ་༥ སྤྲོད་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment