གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲོམ་ས་བགོ་བཀྲམ་ཚུ་ ཁྲོམ་སྡེའི་བཅའ་ཁྲིམས་དང་འཁྲིལ་འབད་ཡོདཔ།

༤/༡/༢༠༡༣  ནང་སྲིད་བློན་པོ་གིས་ ས་ཆ་སྤྲོད་མི་དེ་ ཁོ་རའི་ནང་མི་དང་ མཛའ་མཐུན་ངོ་ཤེས་འདྲིས་ཤེས་ག་ནི་ཡང་མ་ཕོག་མི་ ངོ་རྐྱང་ཁེ་ཕན་མེད་མི་ཚུ་ལུ་ སྤྲོད་ཡོདཔ་ལས་ ཁྲིམས་ལས་འགལ་འགལཝ་མེད་ཟེར་ཨིན་པས།
༉ མོང་སྒར་རྫོང་ཁག་ཁྲིམས་ཀྱི་འདུན་སར་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་དང་འབྲེལ་བའི་ རྩོད་དོན་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་རྩོད་ཀྱི་ ཉེས་འཛུགས་འབད་མི་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེའི་ ཐོག་མའི་བརྗོད་དོན་དང་གཅིག་ཁར་ ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་བགྲེསཔ་ བདེ་ཆེན་སེངྒེ་གི་ བརྒལ་ལན་སྙན་གསན་དེ་ཡང་ ཁ་ཙ་མཛད་ཅི།


དེ་ཡང་ ནང་སྲིད་བློན་པོའི་ ངོ་ཚབ་སྦེ་ རྒྱབ་མི་འཇམ་དབྱངས་ཤེས་རབ་དབང་འདུས་ཀྱིས་ ཐོག་མའི་བརྗོད་དོན་ཕུལ་མིའི་ནང་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་འབད་མི་དེ་ སྤྱི་ལོ་༡༩༩༩ ལོའི་ཁྲོམ་སྡེ་བཅའ་ཁྲིམས་དང་འཁྲིལ་ འབད་ཡོདཔ་ལས་ ཁྲིམས་ལས་འགལ་འགལཝ་མིན་འདུག་ཟེར་ཨིན་པས།
རྒྱབ་མི་གིས་ འབྲུག་གི་རྩ་ཁྲིམས་ཆེན་མོ་དེ་ ཁྲིམས་ཀྱི་མ་ཨིནམ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྩོད་བཤེར་འབད་ནི་ལུ་ ཁྲིམས་འཐུན་མེད་མི་དེ་ཡང་ རྩོད་དཔོན་ཡོངས་ཁྱབ་ཀྱིས་འབད་དགོཔ་ལས་ ལྷན་ཚོགས་ཀྱིས་ ཉེས་འཛུགས་བཀོད་མི་དེ་ ཁྲིམས་མཐུན་མ་མཐོང་ཟེར་ ཁྲིམས་འདུན་ལུ་ཞུ་ཡི།
ཁོ་གིས་འབད་བ་ཅིན་ ནང་སྲིད་བློན་པོ་དེ་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ ཁྲི་འཛིན་སྦེ་ བཞུགས་པའི་སྐབས་ མོང་སྒར་དགྲ་མེད་རྩེ་དང་ བུམ་ཐང་མཁར་ཆུ་གྲྭ་ཚང་ དེ་ལས་ ཀུར་རི་ཆུ་གློག་མེ་ལས་འགུལ་ནང་ ལཱ་འབད་མི་ཅིག་ལུ་ སྤྱི་ལོ་༡༩༩༩ གི་ ཁྲོམ་སྡེའི་བཅའ་ཁྲིམས་དང་འཁྲིལ་ ས་ཚན་བགོ་བཀྲམ་འབད་ཡོདཔ་བཞིན་དུ་ བཅའ་ཁྲིམས་དེ་ནང་ ཁྲོམ་སྡེའི་ཚོགས་ཆུང་གིས་ ས་ཆ་ཉོ་བཙོང་དང་ གླ་ཁར་གཏང་ནི་གི་ དབང་ཚད་ཚུ་ཡོདཔ་ལས་ ས་ཆ་སྤྲོད་མི་དེ་ ཁོ་རའི་ནང་མི་དང་ མཛའ་མཐུན་ངོ་ཤེས་འདྲིས་ཤེས་ག་ནི་ཡང་མ་ཕོག་མི་ ངོ་རྐྱང་ཁེ་ཕན་མེད་མི་ཚུ་ལུ་ སྤྲོད་ཡོདཔ་ལས་ ཁྲིམས་འགལ་གྱི་གྲངས་སུ་ མི་ཚུད་ཟེར་ཨིན་པས།
འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ ཡིག་ཚང་གི་ བྱ་སྤྱོད་ངན་པའམ་ ཚུལ་མིན་འབད་འབདཝ་ཨིན་པ་ཅིན་ ཤེས་ཅི་མཐོང་ཅི་ར་ ཁྲིམས་འགལ་གྱི་ ལཱ་འབད་དགོཔ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁྲིམས་འགལ་ཨིན་ཟེར་ བཀོད་མི་དེ་ལུ་ ཁྲིམས་ག་ཅི་ལས་འགལ་ཡོདཔ་ཨིན་ན་དང་ འབྲུག་གི་ཁྲོམ་སྡེའི་བཅའ་ཁྲིམས་དང་མ་འཁྲིལ་བར་ ཁྲིམས་འགལ་ཐོག་ལུ་ ས་ཆ་བགོ་བཀྲམ་འབད་ནུག་ཟེར་བའི་ ར་ཁུངས་བཀལ་དགོ་ཟེར་ཨིན་པས།
དེ་མ་ཚད་ མི་དེ་ ཉེས་རྩོད་ཀྱི་ ཉེས་འཛུགས་འབད་དགོ་པ་ཅིན་ མི་དེ་གིས་ ཁྲིམས་འགལ་གྱི་ ལཱ་ཅིག་འབད་དགོཔ་ལས་ ཉེས་རྩོད་ཉེས་འཛུགས་དེ་ ག་དེ་སྦེ་ ཕོག་ཡོདཔ་ཨིན་ན་ ཁུངས་བཀལ་དགོཔ་ད་ ཁྲོམ་སྡེའི་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ ས་ཆ་བགོ་བཀྲམ་གྱི་ དབང་ཚད་དེ་ ཁྲོམ་སྡེའི་ཚོགས་ཆུང་ལུ་ཡོད་ཟེར་ རྒྱབ་མི་གིས་ཞུ་ཡི།
ད་རུང་ སྤྱི་ལོ་༢༠༠༥ ལུ་ ས་ཆ་བགོ་བཀྲམ་དེ་ གཞུང་གི་བཀའ་རྒྱ་དང་འཁྲིལ་འབད་ཡོདཔ་བཞིན་དུ་ གཞུང་ཞབས་ཀྱི་ བཀའ་རྒྱ་དེ་ཡང་ སྤྱི་ལོ་༡༩༩༩ གི་ཁྲོམ་སྡེ་བཅའ་ཁྲིམས་ནང་ཡང་ ཚུད་དོ་ཡོདཔ་མ་ཚད་ སྤྱི་ལོ་༡༩༨༧ གྱི་ བཀའ་རྒྱ་དང་འཁྲིལ་ཏེ་ར་ ས་ཆ་བགོ་བཀྲམ་འབད་ཡི་ཟེར་ཨིན་པས།
ཚོགས་ཆུང་གིས་ སྤྱི་ལོ་༡༩༩༡ ལུ་ བཀའ་རྒྱ་དང་འཁྲིལ་ཡོདཔ་མ་ཚད་ སྤྱི་ལོ་༡༩༩༩ གྱི་ བཀའ་རྒྱ་དང་འཁྲིལ་བ་ཅིན་ ས་ཆ་བགོ་བཀྲམ་གྱི་ ཁྱད་ཚད་དེ་ ས་གནས་དེ་ཁར་ཡོད་པའི་ ཁྲིམས་མཐུན་ཆོག་ཐམ་ཐོག་ ཚོང་ཁང་བཙུགས་སྡོད་མི་ རྐྱངམ་གཅིག་ལུ་ ཁྱབ་དབང་མེདཔ་ལས་ གྲྭ་ཚང་ལ་སོགས་པ་ཚུ་ལུ་ བགོ་བཀྲམ་འབད་མ་ཆོགཔ་སྦེ་ ཁ་གསལ་བཀོད་དེ་ མིན་འདུག་ཟེར་ཨིན་པས།
ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་དེ་ ཧེ་མར་ མོང་སྒར་རྫོང་བདག་སྦེ་ བཞུགས་པའི་སྐབས་ སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ ཁྲི་འཛིན་ཨིནམ་ད་ བློན་པོ་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༢༩༤ དང་ འགལ་ཡོད་མི་དེ་ཡང་ དགྲ་མེད་རྩེ་དང་ བུམ་ཐང་མཁར་ཆུ་གྲྭ་ཚང་ ཀུར་རི་ཆུ་གློག་མེ་ལས་འགུལ་གྱི་ ལས་བྱེདཔ་ཅིག་ དེ་ལས་ སྐུ་འཁོར་༢ འབདཝ་ད་ ས་ཚན་བསྡོམས་༥ བགོ་སྤྲོད་འབད་ཡོདཔ་ཨིན་པས།
དེ་ལས་ བདེ་ཆེན་སེངྒེ་དེ་ཡང་ ཉེས་རྩོད་ཀྱི་ ཉེས་འཛུགས་འབད་ཡོད་མི་དེ་ཡང་ ཁོ་གིས་ ས་ཆ་བགོ་བཀྲམ་དེ་ ཡིག་ཚང་གི་ བྱ་སྤྱོད་ངན་པ་དང་ ཚུལ་མིན་ཐོག་ལས་ གཞུང་ས་བཙོང་མི་དང་ སའི་བདག་དབང་ཚུ་ ཐོབ་འདོད་མེད་མི་ཚུ་ལུ་ སྤྲོད་ཡོད་མི་ལུ་བརྟེན་ཨིནམ་ད་ ཉེས་འཛུགས་ཅིག་ ཁོ་གིས་ ཁྲིམས་འགལ་ཐོག་ལུ་ ས་ཆ་ཐོབ་འདོད་མེད་པའི་ ཡིག་ཆ་བཟོ་ཐོག་ལས་ ཁོ་རའི་སྲིངམོ་གི་མིང་ཐོག་ལུ་ བཀོད་ནུག་ཟེར་ཨིན་པས།
ཁོ་གིས་ ཁྲོམ་ས་བགོ་བཀྲམ་འབད་བའི་སྐབས་ལུ་ ཁོ་རའི་སྲིངམོ་ག་ཅི་སྦེ་འོང་མ་ཚུགསཔ་ཨིན་ན་དང་ ཁྲིམས་མཐུན་ཐོག་ལས་ ག་ཅི་སྦེ་ ལཱ་འབད་མ་ཚུགསཔ་ཨིན་ན་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བཤེར་ལན་ནང་བཀོད་ནུག།
དེ་བསྒང་ ཁོ་ར་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ དྲུང་ཆེན་ཨིནམ་ལས་ ཁྱད་ཚད་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ ཤེས་དགོ་མི་དེ་ ཁོ་ར་ རྒྱལ་པོའི་ཞིང་དང་ ཀུར་རི་ཟམ་པ་བརྒྱུད་དེ་ གླིང་མེད་ཐང་ཚུ་ནང་ ས་ཆ་བགོ་བཀྲམ་འབད་ནིའི་དོན་ལུ་ ཚོང་པ་ཚུ་ལས་ ཁྱད་ཚད་ཀྱི་དོན་ལུ་ ཚོང་ཁང་ལ་སོགས་པ་ཚུ་གི་ ཁྲིམས་མཐུན་ཆོག་ཐམ་ཡོད་མེད་ཚུ་བལྟ་སྟེ་ ས་ཆ་བགོ་བཀྲམ་འབད་མི་ཨིནམ་ལས་ ཁོ་རའི་སྲིངམོ་ལུ་ གཞི་རྟེན་གྱི་ ཁྱད་ཚད་ཚུ་དང་མ་འཁྲིལ་བར་ ས་ཆ་བགོ་བཀྲམ་འབད་ནུག་ཟེར་ཨིན་པས།
དེ་མ་ཚད་ སྤྱི་ལོ་༡༩༩༡ གྱི་བཀའ་རྒྱ་དང་འཁྲིལ་བ་ཅིན་ ས་ཆ་བགོ་བཀྲམ་འབད་བའི་སྐབས་ལུ་ ས་ཆ་དེ་ ས་གནས་དེ་ནང་ ཚོང་འབྲེལ་ཆོག་ཐམ་འཆང་མི་ཚུ་ལུ་ སྤྲོད་དགོཔ་སྦེ་ ཡོདཔ་མ་ཚད་ རྒྱན་ཤོག་འཐུ་བར་ཡང་ ངོ་རྐྱང་ལྷོད་དགོཔ་སྦེ་ཡོད་རུང་ ཁོ་རའི་སྲིངམོ་དེ་ རྒྱན་ཤོག་འཐུ་བར་ འོང་མ་ཚུགས་མི་དེ་ གནད་དོན་ག་ཅི་ཨིན་ན་དང་ ཁོ་རའི་གནས་ཚང་ལུ་ རྒྱན་ཤོག་འཐུ་བཅུག་མི་ལུ་ མ་བཏུབ་འདུག་ཟེར་ཨིན་པས།
བདེ་ཆེན་སེངྒེ་དེ་ སྤྱི་ལོ་༡༩༥༣ གྱི་ ཁྲིམས་གཞུང་ཆེན་མོའི་དོན་ཚན་ན་༡-༢ ཀྱི་དགོངས་དོན་དང་འཁྲིལ་ ཉེས་འཛུགས་འབད་ཡོདཔ་ད་ ཁོ་གིས་ བརྒལ་ལན་སྙན་གསན་ཐེངས་༢ པ་དེ་ སྤྱི་ཟླ་༡ པའི་ཚེས་༨ ལུ་ མཛད་ནི་དང་ ནང་སྲིད་བློན་པོའི་ བརྒལ་ལན་སྙན་གསན་དང་པ་དེ་ ཚེས་༩ ལུ་མཛད་ནི་ཨིན་པས།
ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱི་ བརྒལ་ལན་༡ པ་དེ་ སྤྱི་ཟླ་༡ པའི་ཚེས་༧ ལུ་ ཕུལ་ནི་ཨིནམ་ད་ ཚོགས་དཔོན་ལུ་ཡང་ ཁྲིམས་གཞུང་ཆེན་མོའི་དོན་ཚན་ན་༡-༢ ཀྱི་ ཉེས་འཛུགས་འབད་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment