མཐུན་འབྲེལ་ཚོགས་པའི་འཐུས་མི་ ཆུ་སྨད་ཚོགས་པ་ ཡེ་ཤེས་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྩེད་འགྲན་དེ་ཡང་ གཙོ་བོ་ར་ ཁོང་འཐུས་མི་ཚུ་གིས་ སྤྱི་ལོ་༢༠༠༧ ལས་ ཐར་པ་གླིང་གི་གདན་ས་ལུ་ རྗེས་དྲན་གྱི་དོན་ལུ་ སྐུ་མཆོད་གནང་ནི་ འགོ་བཙུགས་ཡོད་མི་དེ་ ཡུན་བརྟན་བཟོ་ཐབས་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གདན་ས་བཅགས་མི་ ཀུན་མཁྱེན་ཁོ་ར་ ཟླ་༡༢ པའི་ཚེས་༡༨ ལུ་ དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས་ཡོདཔ་ལས་ རྗེས་དྲན་གྱི་ཚུལ་ལུ་ དགོན་པ་དེ་ནང་ ཉིནམ་ཅིག་གི་རིང་ ཆོ་ག་གནང་སྲོལ་ཡོད་མི་དེ་ ཁོང་འཐུས་མི་༢༥ གིས་ ད་ཚུན་ སྐོར་རྒྱབ་སྦེ་ འབད་ཡོད་རུང་ མ་འོངས་པ་ལུ་ དེ་གིས་ ཡུན་བརྟན་གནས་མི་ཚུགས་ནི་ཨིནམ་ལས་ ལས་རིམ་དེ་ དུས་ཅི་ལས་ འགོ་འདྲེན་འཐབ་ནི་འགོ་བཙུགས་ཅི་ཟེར་ཨིན་པས།
ཁ་ཙ་ དྲོ་པ་ ཀྲོང་བི་ཨོ་སི་དང་ སྤུན་ལྔ་ དེ་ལས་ འདོད་ཡོན་ལྔ་གི་བར་ན་ རྩེད་འགྲན་འབདཝ་ད་ བི་ཨོ་སི་སྡེ་ཚན་གྱིས་ བི་ཨོ་སི་སྡེ་ཚན་གྱིས་ སྐོར་ཐེངས་༢༠ འི་ནང་ སྐུགས་བསྡོམས་ཀྱིས་༥ ཆོད་ཡོད་རུང་ གཞན་མི་སྡེ་ཚན་གཉིས་ཀྱིས་ སྐུགས་ཅིག་ཡང་ཆོད་མ་ཚུགསཔ་ཨིན་པས།
དེ་བཟུམ་སྦེ་ ཁ་ཙ་ ཕྱི་རུའི་རྩེད་འགྲན་ནང་ མེ་ཏོག་ཧོནམ་དང་ འབྲུག་ དེ་ལས་ གྲུབ་འགྱུར་སྡེ་ཚན་གསུམ་གྱི་བར་ན་ རྩེད་འགྲན་འབདཝ་ད་ མེ་ཏོག་ཧོནམ་སྡེ་ཚན་གྱིས་ བཀག་རེག་བསྡོམས་ཀྱིས་༡༢ ཕོག་སྟེ་ སྐུགས་བཞི་ཆོད་ཡོདཔ་ད་ གྲུབ་འགྱུར ་སྡེ་ཚན་གྱིས་ བཀག་རེག་དྲུག་ཕོག་སྟེ་ སྐོར་ཐེངས་༢༠ འི་ནང་ སྐུགས་ཅིག་ཆོད་ཚུགས་རུང་ གཞན་མི་སྡེ་ཚན་གྱིས་ སྐུགས་ཅིག་ཡང་ཆོད་མ་ཚུགསཔ་ཨིན་པས།
ད་ལྟོའི་རྩེད་འགྲན་དེ་ ལིག་སྐོར་ཐེངས་ནང་ཨིནམ་ད་ སྤྱི་ཟླ་དེ་གི་ ཚེས་༩ ལུ་ སྐོར་ཐེངས་དེ་ མཇུག་བསྡུ་ནི་ཨིན་པས།
རྩེད་འགྲན་དེ་ནང་ ཀྲོང་གསར་ལས་ སྡེ་ཚན་༣ རྩིས་ཏེ་ སྡེ་ཚན་བསྡོམས་༡༨ ཀྱིས་ བཅའ་མར་གཏོགས་དོ་ཡོདཔ་ད་ གཡང་འཕེལ་ལུགས་སྲོལ་གྱི་ རྩེད་འགྲན་ནང་ མི་༥ ལས་བརྒལ་རྩེ་ནི་མེདཔ་ཨིན་པས།
ཚོགས་པ་གིས་ རྩེད་འགྲན་དེ་གཙོ་བོ་ར་ ཁེ་སང་གི་དོན་ལུ་མིན་པར་ དགེ་བའི་དོན་ལུ་འབད་དོ་ཡོདཔ་ལས་ རྒྱལ་ཁ་ཐོབ་མི་ཚུ་ལུ་ གསོལ་རས་ཚུ་ སྐུ་བྱིན་ནི་གི་འཆར་གཞི་ཡོད་ཟེར་ཨིནམ་ད་ བཀག་རེག་མཐོ་ཤོས་དང་ རྡོ་སྦྱེལ་མཐོ་ཤོས་ཕོག་མི་ཚུ་ལུ་ཡང་ གསོལ་རས་ཚུ་བྱིན་ནི་གི་ ལས་རིམ་ཡོདཔ་ད་ ལིག་སྐོར་ཐེངས་དེ་ སྤྱི་ཚེས་༩ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།
བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།
No comments:
Post a Comment