གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཆར་གཞི་༡༠ པའི་ནང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ གྲུབ་འབྲས་ལེགས་ཤོམ་ཡོདཔ།

༡༡/༣/༢༠༡༣   ༉ ལོ་༥ འི་འཆར་གཞི་༡༠ པའི་ནང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱིས་ མི་སྡེ་གྲོང་གསེབ་ནང་ ནགས་ཚལ་ཐོན་སྐྱེད་དང་ ཆུ་གཡུར་ ཡུན་བརྟན་སྦེ་ བདག་འཛིན་འཐབ་ཐོག་ལས་ ལག་ལེན་འཐབ་ནིའི་ནང་ གཙོ་བོར་བཏོན་དོ་ཡོད་པའི་གསལ་བཏོན་བྱུང་ཡོདཔ་ཨིན་པས།


གསར་བཏོན་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ སྤྱི་ཟླ་༣ པའི་ཚེས་༡ ལུ་ ཐིམ་ཕུ་གཏེར་མ་གླིང་ཀའི་ ཞལ་འཛོམས་ཁང་ནང་སྦེ་ སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ ལས་སྡེའི་འགོ་དཔོན་ཚུ་གིས་ གྲོས་ཚོགས་ཞལ་འཛོམས་ཅིག་འཚོགས་མིའི་ནང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལས་སྡེ་གིས་ འཆར་གཞི་༡༠ པའི་ནང་ གྲོང་གསེབ་དབུལ་ཕོངས་ཀྱི་དཀའ་ངལ་ བརྒྱ་ཆ་༣༠ ཡོད་མི་དེ་ བརྒྱ་ཆ་༡༦ ལུ་ མར་ཕབ་འབད་ཡོདཔ་སྦེ་ཨིན་པས།
རྒེད་འོག་རེ་ནང་ ཐོན་སྐྱེད་གསུམ་ཟེར་མི་བརྗོད་དོན་ཐོག་ལས་ ལས་སྡེའི་འགོ་དཔོན་ཚུ་གིས་ གཡུས་སྒོའི་མི་སེར་དང་འབྲེལ་བ་འཐབ་སྟེ་ ལཱ་འབད་ཡོདཔ་ལས་ མི་སེར་གྱི་ འཚོ་བའི་གནས་སྟངས་གོང་འཕེལ་དང་ ལེགས་བཅོས་སོང་ཡོད་མི་ལུ་བརྟེན་ དབུལ་ཕོངས་ཀྱི་དཀའ་ངལ་ མར་ཕབ་འབད་ཡོད་པའི་ངོས་འཛིན་བྱུང་ཡོདཔ་ཨིན་པས།
དེ་ཡང་ གཡུས་སྒོ་ཚུ་ནང་ རང་མགོ་རང་འདྲོངས་ཐོག་ལས་ སྒོང་རྡོག་གི་ ཐོན་སྐྱེད་ཡར་དྲག་གཏང་ཡོདཔ་བཞིན་དུ་ ཨོམ་གྱི་ཐོན་སྐྱེད་དང་ ཚོད་བསྲེ་ དེ་ལས་ ཆུམ་ཚུ་ རྒྱལ་ཁབ་ནང་འཁོད་ལས་ ཐོན་སྐྱེད་འབད་ཚུགས་ཐབས་ལུ་ ལཱ་ཚུ་འབད་བའི་བསྒང་ཡོད་མི་དེ་གིས་ ནང་འདྲེན་འབད་ནི་ལས་ མར་ཕབ་འབད་ཚུགས་ནི་ཨིན་པས།
འཆར་གཞི་༡༠ པའི་ནང་ ལས་སྡེ་གིས་ སོ་ནམ་ཞིང་ལམ་བཏོན་ཐོག་ལས་ ཚོང་ལམ་ཚུ་སྒོ་ཕྱེ་ཡོདཔ་ད་ དེ་ཡང་ སོ་ནམ་ཞིང་ལམ་ ཀི་ལོ་མི་ཊར་༣༢༨༩ སེལ་མི་གིས་ གཡུས་སྒོའི་གུང་པ་ བརྒྱ་ཆ་༥༨ ལུ་ ཕན་ཐོགས་བྱུང་ཡོདཔ་མ་ཚད་ ལས་སྡེའི་འཆར་གཞི་དང་འཁྲིལ་ གཡུས་སྒོའི་ནང་ མི་སེར་ཚུ་གིས་ མཐུན་འབྲེལ་གྱི་ཐོག་ལས་ཚོགས་པ་བཟོ་སྟེ་ སོ་ནམ་ཐོན་སྐྱེད་གོང་འཕེལ་གཏང་ནི་ལུ་ གཙོ་བོ་བཏོན་ཏེ་ ལཱ་འབད་དོ་ཡོདཔ་ཨིན་པས།
ལས་སྡེ་གིས་ མི་སྡེ་གྲོང་གསེབ་ནགས་ཚལ་སྲུང་སྐྱོབ་དང་ ཆུ་གཡུར་བསལ་ནི་ གནམ་གཤིས་འགྱུར་བགྲོད་ ཉེན་སྲུང་དང་ལྡན་པའི་ ཟད་བཅུད་ཀྱི་ བཞེས་སྒོ་བཟའ་ནི་ སོ་ནམ་ཞིང་ལམ་བདག་འཛིན་དང་ རྒྱལ་ཡོངས་ནགས་ཚལ་སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ཡོདཔ་མ་ཚད་ ནགས་ཚལ་གྱི་ཤིང་ཚུ་ ཡུན་བརྟན་སྦེ་ལག་ལེན་འཐབ་ཚུགས་ནིའི་དོན་ལུ་ འཆར་གཞི་དང་ སྲིད་བྱུས་བརྩམས་ཡོདཔ་ཨིན་པས།
ལས་སྡེ་ལུ་ དོ་འགྲན་སྦོམ་ཤོས་ར་ སོ་ནམ་ཞིང་ལཱ་འབད་མི་ ཚད་ཅིག་ལས་མེད་དོ་བཟུམ་སྦེ་ ཆུ་ལང་མ་ཚུགས་པའི་དཀའ་ངལ་དང་ རིགས་དྭགས་སེམས་ཅན་དང་ མིའི་བར་ན་ འབྲེལ་ཟིང་ དེ་ལས་ ས་ཞིང་ཚུ་ ཆུ་རུད་དང་ ས་རུད་ཀྱིས་ མེདཔ་བཏང་མི་ཚུ་ ལས་སྡེ་གིས་ བཀག་མ་ཚུགས་པའི་གནས་སྟངས་སྦོམ་ཡོདཔ་ལས་ འཆར་གཞི་༡༡ པའི་ནང་ དཀའ་ངལ་བསལ་ནི་ལུ་ ཐབས་ལམ་དང་ འཆར་གཞི་ཚུ་ ཡོདཔ་ཨིན་པས།
ལྷག་པར་དུ་ འཆར་གཞི་༡༡ པའི་ནང་ ས་ཁ་མཐོ་ས་ སྒོ་ནོར་སེམས་ཅན་ཚུ་ལུ་བརྟེན་ འཚོ་སྐྱོང་འཐབ་སྡོད་མི་ཚུ་ལུ་ གཙོ་རིམ་སྒྲིག་སྟེ་ འཆར་གཞི་དང་ ལས་རིམ་ཚུ་ཡོདཔ་ད་ དེ་ཡང་ ལས་སྡེ་གིས་ ན་གཞོན་ཚུ་ལུ་ སྔོན་དང་ཕུ་ལས་ འབད་སྲོལ་ཡོད་པའི་ལམ་ལུགས་ཚུ་ བདག་འཛིན་འཐབ་ནིའི་ནང་ གཙོ་བོར་བཏོན་ནི་ཟེར་ཨིན་པས།
ན་གཞོན་ཚུ་གི་དོན་ལུ་ སློབ་གྲྭ་དང་ སྨན་ཁང་ དེ་ལས་ ལཱ་གཡོག་གི་གོ་སྐབས་ཚུ་ སྤྲོད་ནི་ཨིནམ་མ་ཚད་ འོང་འབབ་བཟོ་ཚུགས་པའི་ ཐབས་ལམ་ གཏོན་ནིའི་ལས་རིམ་ཚུ་ ཡོདཔ་ཨིན་པས།
སོ་ནམ་དང་ནགས་ཚལ་བློན་པོ་ ཌོག་ཊར་ པདྨ་རྒྱ་མཚོ་གིས་ རྒྱལ་ཁབ་ཀྱི་མི་སྡེ་གོང་འཕེལ་དང་ དཔལ་འབྱོར་ཡར་དྲག་ དེ་ལས་ སྔར་སྲོལ་ལམ་ལུགས་ཚུ་ མི་ཉམས་གོང་འཕེལ་བཏང་ཚུགས་པའི་ གནད་དོན་གཙོ་བོ་ར་ ཕྱི་རྒྱལ་གྱི་ གྲོགས་རམ་དང་ རྒྱབ་སྐྱོར་ཐོག་ལས་ ཨིནམ་ལས་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་གསུངས་ཡི།
འཆར་གཞི་༡༠ པའི་གྲུབ་འབྲས་སྙན་ཞུ་ཚུ་ གསལ་སྟོན་འབད་མི་དང་འབྲེལ་ སོ་ནམ་དང་ནགས་ཚལ་ལྷན་ཁག་ལུ་ འཆར་གཞི་༡༡ པའི་ནང་ ལས་རིམ་དང་ སྲིད་བྱུས་བརྩམ་ནི་ལུ་ ཕན་ཐོགས་ཚུགས་ཡོདཔ་མ་ཚད་ འབྲེལ་བ་ཡོད་པའི་ལྷན་ཁག་དང་ གྲོགས་རམ་འབད་མི་ ཕྱི་རྒྱལ་གྱི་རྒྱབ་སྐྱོར་པ་ཚུ་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment