གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༢༡/༦/༢༠༡༣   འདེམས་ངོ་དང་ སྲིད་ཚོགས་ག་ཅི་བཟུམ་ཅིག་ལུ་ ལྟ་དགོཔ་ཨིན་ན?
༉ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་མཆོག་གིས་ འབྲུག་གི་བློན་ཆེན་ཐེངས་མང་རབས་ཅིག་ མཛད་མི་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ ཞུ་ནི་ཨིན་རུང་ བསྐུལ་བསྒྲགས་ཀྱི་སྐབས་ལུ་ གསུང་བཤད་གནང་མི་ ལ་ལུ་ཅིག་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དགོངས་དོན་ལས་ འགལ་དོ་བཟུམ་མའི་ ཚོར་སྣང་བྱུངམ་མས་ཟེར་ཞུ་ནི།


དེ་ཡང་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ད་ལྟོ་ཚུན་ཚོད་ཡོད་པའི་ སྲིད་དོན་ཚོགས་པ་དང་ འདེམས་ངོ་ཚུ་ག་ར་ འབྲུག་པའི་མི་སེར་ཨིནམ་མ་ཚད་ ཤེས་ཡོན་དང་ བསམ་སྤྱོད་ལེགས་ཤོམ་ཡོད་པའི་ཁར་ ཁྲིམས་ལུགས་ལས་ འགལ་འགལཝ་མེད་པ་ལུ་བརྟེན་ བཙག་འཐུ་ལྷན་ཚོགས་ཀྱིས་ གནང་བ་གྲུབ་གྲུབ་ཨིན་ཟེར་ཞུ་ནི།
འདི་འབདཝ་ལས་ སྲིད་དོན་ཚོགས་པ་དང་ འདེམས་ངོ་ག་གིས་ར་ རྒྱལ་ཁ་ཐོབ་རུང་ འབྲུག་གི་རྩ་བ་གསུམ་ལུ་ ཕྱག་ཞུ་མི་ཨིན་ཟེར་ཞུ་ནི།
ཨིན་རུང་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་ བསྐུལ་བསྒྲགས་སྐབས་ མི་སེར་ཚུ་ལུ་ ཚོགས་རྒྱན་འདི་ ན་ཐན་བརྟག་ཞིབ་འབད་དེ་ མ་བཙུགས་པ་ཅིན་ སྟབས་མ་བདེཝ་དང་ ཉེན་ཁ་སྦོམ་ཡོད་ཟེར་ གསུངས་མི་ལུ་ ལྟ་བ་ཅིན་ སྲིད་ཚོགས་དང་ འདེམས་ངོ་ལ་ལུ་ཅིག་ རྩ་བ་གསུམ་ལུ་ ཤ་མ་ཚ་མི་དང་ ཁྲིམས་ལས་འགལ་བ་འབད་མི་རེ་ཡང་ ཡོདཔ་འོང་ནི་མས་ཟེར་བའི་ དོགས་པ་ཆགསཔ་མས་ཟེར་ཞུ་ནི།
གལ་སྲིད་ ཚོགས་པ་དང་ འདེམས་ངོ་རེ་གཉིས་ཀྱི་ སེམས་གོ་མ་ཆོདཔ་དང་ ཁྲིམས་ལས་འགལ་བའི་ ལཱ་བྱ་འཐབ་མི་རེ་ ཡོད་པ་ཅིན་ འདི་ག་ཨིན་ན་ མཁྱེན་མི་གིས་ སྟོན་མ་གནང་པ་ཅིན་ མི་སེར་གྱིས་ ཁས་བླངས་གསལ་བསྒྲགས་དང་ ལྟ་བ་ལུ་ ཆ་བཞག་ནི་མ་གཏོགས་ ཁྲིམས་འགལ་འབད་མི་ག་ཨིན་ན་ མི་ཤེསཔ་འོང་ཟེར་མནོཝ་མས།
འདེམས་ངོ་དང་ སྲིད་ཚོགས་ག་ར་ ཁྲིམས་དང་འཁྲིལ་ ཁྱད་ཚད་ཚང་མི་ཙང་ཙ་ཨིན་པ་ཅིན་ སྟབས་མ་བདེཝ་དང་ ཉེན་ཁ་སྦོམ་འཐོན་འོང་ཟེར་མི་འདི་ ག་ཅི་བཟུམ་འཐོན་ནི་ཨིན་ན་ཟེར་ ཚ་གྱང་དང་ སྡུག་བསྔལ་ལང་སྟེ་ དགའ་སྐྱིད་ལུ་ ཐོ་མི་ཕོག་ག་ཟེར་ དོགས་སྣང་བྱུངམ་མས་ཟེར་ཞུ་ནི།
དོན་ཚན་༢ པའི་ཐད་ལུ་ སྤ་རོ་རྡོ་སྒར་-ཤར་པའི་འདེམས་ཁོངས་ཀྱི་ ས་གནས་ཝ་ན་ཁ་ལུ་ གཙོ་འཛིན་གྱིས་ གསལ་བཤད་གནང་སྐབས་ ཚོགས་པ་ག་བཟུམ་ཅིག་ལུ་ ཚོགས་རྒྱན་བཙུགས་ནི་ཨིན་ན་ ཧ་གོ་ནིའི་དོན་ལུ་ མི་སེར་ཚུ་གིས་ སྲིད་ཚོགས་ཀྱི་ འཆར་གཞི་དང་ ཁས་བླངས་གསལ་བསྒྲགས་ཉན་ནི་དང་ འཆར་གཞིའི་རེ་འདོད་ག་གིས་ འགྲུབ་ཚུགས་འོང་ག་མནོ་སྟེ་ དྲི་བ་རེ་ཞུ་རུང་ གཙོ་འཛིན་གྱི་ ཁ་ཐུག་ལས་ མི་སེར་དམངས་གཙོ་ཚོགས་པའི་ རྒྱབ་སྐྱོར་པ་ཨིན་ན་ཟེར་ གསུངས་མི་ལུ་ལྟཝ་ད་ མི་དབྱེ་བ་ཕྱེ་དོ་བཟུམ་མའི་ ཚོར་སྣང་ཅིག་ཡང་ བྱུང་ཡི་ཟེར་ཞུ་ནི།
དོན་ཚན་༣ པ་དེ་ ཚོགས་རྒྱན་བཙུགསཔ་ད་ ན་ཐད་དྲནམ་བཏོན་དགོ་ཟེརཝ་ད་ བཟའ་ཚང་གི་ མི་ར་འབད་རུང་ མཇུག་ལུ་ ག་དྲགཔ་ཨིན་ན་ ཧ་གོ་མི་ཚུགས་ནི་ཨིནམ་ལས་ སྲིད་ཚོགས་དང་ འདེམས་ངོ་ དེ་ལས་ ཁས་བླངས་གསལ་བསྒྲགས་ཚུ་ལུ་ མ་ལྟ་བ་ཅིན་ ག་དྲག་ནི་ཨིན་ན་ ག་གིས་ ཕན་ཐོགས་ནི་ཨིན་ན་ མི་སེར་ཚུ་ལུ་ གསུང་གནང་ནི་དེ་ གལ་ཆེ་བས་ཟེར་ ཞུ་ནི་ཨིན།
སེངྒེ་རྡོ་རྗེ། རྒཔོ་བགྲེསཔ། ཝ་ན་ཁ།

No comments:

Post a Comment