གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་ཚུ་ལས་ རྩེད་རིགས་ལུ་ ཁས་བླངས་མེདཔ།

༡༩/༦/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོའི་ཚོགས་པ་༢ ཆ་རའི་ཁ་ཐུག་ལས་ འབྲུག་རྩེད་རིགས་ཚོགས་པའི་དོན་ལུ་ ཁས་བླངས་གསལབསྒྲགས་འབད་ནི་མེདཔ་ཨིན་པས།


ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་0 འབྲུག་ཨིསི་ཊར་དང་ མུ་ཏིག་ཐང་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་འབདཝ་ད་ འབྲུག་ཨིསི་ཊར་སྡེ་ཚན་གྱི་ འཛིན་སྐྱོང་པ་ བཀྲིས་དབང་ཕྱུག་གིས་ སླབ་མི་དང་འཁྲིལཝ་ད་ ཚོགས་པ་༢ ཀྱིས་ ད་ཚུན་ རྫོང་ཁག་དང་ རྒེད་འོག་ དེ་ལས་ གཡུས་སྒོ་ཚུ་ནང་ སོ་ནམ་ཞིང་ལམ་དང་ སྣུམ་འཁོར་ གནམ་གྲུ་ལ་སོགས་པ་ཚུ་ མཁོ་སྒྲུབ་འབད་ནི་གི་ ཁས་བླངས་གསལ་བསྒྲགས་འབད་མི་ལུ་ ཡིད་ཆེས་དང་ ངལ་རངས་ཡོད་ཟེར་ཨིན་པས།
དེ་འབདཝ་ད་ འབྲུག་རྩེད་རིགས་ཚོགས་པ་ལུ་ ཕན་ཐོགས་ཚུགས་པའི་འཆར་གཞི་དང་ ལས་སྣ་ དེ་ལས་ རྒྱབ་སྐྱོར་གྱི་ སྲིད་བྱུས་ཚུ་ མ་ཚུད་པའི་ གནད་དོན་དེ་ ཧ་གོ་མི་ཚུགས་པས་ཟེར་ སླབ་ཨིན་པས།
དེ་ཡང་ དཔེ་འབད་བ་ཅིན་ འབྲུག་ཕུཊ་བཱོལ་ཚོགས་སྡེའི་འོག་ལུ་སྦེ་ ཕུཊ་བཱོལ་སྡེ་ཚན་བཟོ་བའི་སྐབས་ ན་གཞོན་ལེ་ཤ་ཅིག་ལུ་ ལཱ་གཡོག་གི་གོ་སྐབས་བྱིན་ཚུགསཔ་མ་ཚད་ ཆ་རོགས་ངན་པ་དང་ ཁ་བསྡོམས་ཏེ་ འཐབ་འཛིང་འབད་ནི་ལས་ བཀག་ཚུགས་པའི་ཁར་ སྨྱོ་རྫས་ཆང་དང་ ཏམ་ཁུ་ཚུ་ ལོངས་སྤྱོད་ནི་ལས་ཡང་ བཀག་ཐབས་འབད་ཚུགསཔ་ཨིནམ་ ཀུན་གྱིས་ ཤེས་ས་ཡོད་ཟེར་ཨིན་པས།
ལྷག་པར་དུ་ ཕུཊ་བཱོལ་སྡེ་ཚན་ལས་ རྒྱལ་ཡོངས་རྩེད་འགྲན་པ་སྦེ་ བཙག་འཐུ་གྲུབ་པའི་ཤུལ་ལུ་ རྩེད་འགྲན་འབད་མིའི་ མིང་ཐོ་ལུ་ མེན་པར་ འབྲུག་རྒྱལ་ཁབ་ཀྱི་ ངོ་ཚབ་བཟུམ་སྦེ་ བཅའ་མར་གཏོགས་དོ་ཡོདཔ་ལས་ ཕུཊ་བཱོལ་སྡེ་ཚན་ལུ་ ཕན་ཐོགས་ཚུགས་པའི་འཆར་གཞི་དང་ སྲིད་བྱུས་ཚུ་ ཚུད་དགོཔ་གལ་ཆེ་བས་ཟེར་ སླབ་ཨིན་པས།
ཨིན་རུང་ རྩེད་འགྲན་འཕྲོ་མཐུད་འབདཝ་ད་ འབྲུག་ཨིསི་ཊར་གྱིས་ གཱོལ་༧ བཙུགས་ཏེ་ མུ་ཏིག་ཐང་སྡེ་ཚན་ཕམ་བཏང་པའི་སྐབས་ མུ་ཏིག་ཐང་སྡེ་ཚན་གྱིས་ གཱོལ་༢ ལས་བརྒལ་ བཙུགས་མ་ཚུགསཔ་ལས་ འབྲུག་ཨིསི་ཊར་གྱི་ འཛིན་སྐྱོང་པ་ བཀྲིས་དབང་ཕྱུག་གིས་འབད་བ་ཅིན་ ཐིམ་ཕུ་ཕུཊ་བཱོལ་སྡེ་ཚན་ཁ་པ་ལས་ རྒྱལ་ཁ་ཐོབ་ཚུགས་ནི་ཨིནམ་ལས་ ཚ་གྱང་ལང་དགོཔ་མེད་ཟེར་ཨིན་པས།
མུ་ཏིག་ཐང་སྡེ་ཚན་གྱི་ འཛིན་སྐྱོང་པ་ ཨྱོན་རྡོ་རྗེ་གིས་ སླབ་མིའི་ནང་ བྱང་ཕྱད་སྡེ་ཚན་ལས་ ཕམ་སོ་མི་དེ་ སྡེ་ཚན་གྱིས་ སློབ་སྦྱོང་དང་ སྦྱོང་བརྡར་ དེ་ལས་ སློབ་སྟོན་ཚུ་ ལེགས་ཤོམ་འཐོབ་མ་ཚུགས་པའི་ཁར་ ད་རེས་ནངས་པ་ སྡེ་ཚན་གྱི་ རྩེད་འགྲན་འབད་མི་ཚུ་ ག་ར་ སློབ་ཕྲུག་འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོགས་སྡེ་ལུ་ ཕུཊ་བཱོལ་སྡེ་ཚན་ཁ་པ་དང་ ག་པ་༢ ནང་ ཕུཊ་བཱོལ་རྩེད་འགྲན་འབད་མི་ཚུ་ག་ར་ སློབ་ཕྲུག་འབདཝ་ལས་ གནམ་བྱཱར་སློབ་གྲྭའི་ ངལ་གསོའི་སྐབས་ ཕུཊ་བཱོལ་འགྲན་བསྡུར་ཚུ་ འགོ་འདྲེན་འཐབ་དགོཔ་འདུག་ཟེར་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

1 comment:

  1. ང་བཅས་སྒེར་སྡེ་གི་ལས་གཡོགཔ་ཆ་ཁྱབ་ལུ་ཡང་ཁས་བླངས་མིན་འདུག། དམངས་གཙོའི་ཚོགས་པའི་གཞུང་གཡོགཔ་ལུ་དངུལ་ཕོགས་ཡར་སེང་དང་ཁང་གླའི་ཟུར་འཐུས་གནང་ནི་གི་ཁས་བླངས་འདི་ ལྷག་པར་དུ་ཡང་ང་བཅས་སྒེར་སྡེ་ཆ་ཁྱབ་ལུ་ཉེན་བརྡ་ཅིག་ཨིན་མས། ག་ཅི་སྦེ་ཟེར་བ་ཅིན་ཁོང་ལུ་དངུལ་ཕོགས་ཡར་སེང་དང་ཁང་གླའི་འཐུས་ཐོབ་པ་ཅིན་ཁྱིམ་གྱི་སྦྱིན་བདག་ཚུ་གིས་ཁང་གླ་ཡར་སེང་འབདཝ་ཐག་ཆོད་ཨིན། ཧེ་མ་འབྲུག་ཕུན་སུམ་ཚོགས་པ་གིས་གཞུང་སྐྱོང་མཛད་པའི་སྐབས་ལུ་ཡང་གཞུང་གཡོགཔ་ལུ་དངུལ་ཕོགས་ཡར་སེང་གནང་མི་དེ་གིས་ང་བཅས་སྒེར་སྡེ་པ་ཆ་ཁྱབ་ལུ་རྒུད་སྦོམ་ར་ཕོག་ཅི། ཁ་ལས་སྒེར་སྡེ་གོང་འཕེལ་ཟེར་སླབ་ཅི་ར་ ལག་ལེན་ལུ་སྒེར་སྡེ་རྩ་མེད་གཏང་ནི་གི་ཅ་ལ་ར་བསྒྲིག་པས། 

    ReplyDelete