གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉེས་ཁྲིམས་ལོ་༥ དང་ དངུལ་ཀྲམ་༡༣༠,༠༠༠ སོར་ཆུད་འབད་དགོ་པའི་ འཁྲུན་ཆོད་གནང་ཡོདཔ།

༢༩/༦/༢༠༡༣   ༉ ཐིམ་ཕུ་ཁྲིམས་ཁྲི་༥ པ་ལས་ སྤྱི་ལོ་༢༠༡༣ ཟླ་༦ པའི་ཚེས་༢༦ ལུ་ འབྲུག་ཉེན་བཅོལ་ལས་འཛིན་ཡིག་ཚང་ནང་ ལྟ་རྟོག་པ་སྦེ་ ལཱ་འབད་མི་ ཟླ་བ་དཔལ་འབྱོར་གྱིས་ ཡིག་ཆ་རྫུས་མ་བཟོ་བའི་ ཉེས་ཁྲིམས་ལོ་༥ བཀལ་བའི་ཁར་ དངུལ་ཀྲམ་༡༣༠༠༠༠ སོར་ཆུད་འབད་དགོཔ་ཨིན་པས།


དེ་ཡང་ ཐིམ་ཕུ་ཁྲིམས་ཁྲི་༣ པ་ལས་ ཟླ་བ་དཔལ་འབྱོར་གྱིས་ གཞུང་གི་མ་དངུལ་ དངུལ་ཀྲམ་༡༣,༤༢,༠༠༠ ཡིག་ཆ་རྫུས་མ་བཟོ་སྟེ་ མ་དངུལ་སྒེར་སྤྱོད་འབད་མི་ལུ་ ཉེས་ཁྲིམས་ལོ་༥ བཀལ་ཡོདཔ་མ་ཚད་ དངུལ་ཀྲམ་ཚུ་ཡང་ སོར་ཆུད་འབད་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༡ ཟླ་༥ པའི་ཚེས་༦ ལུ་ ཧཱ་རྫོང་ཁག་ དཀར་ཚོ་རྒེད་འོག་ གཡུས་ཝང་རྩ་ལས་ འཕྲིན་ལས་དབང་ཕྱུག་དང་ སྤ་རོ་རྫོང་ཁག་ རྡོ་སྟེང་རྒེད་འོག་ གཡུས་དཀར་ཏོ་ཁ་ལས་ རྡོ་རྗེ་ཉི་མའི་མིང་ རྫུས་མ་བཟོ་ཐོག་ རླུང་འཚུབས་འཕུ་བའི་རྐྱེན་གྱིས་ ཁང་ཁྱིམ་ལུ་ གནོད་སྐྱོན་བྱུང་ཡོད་པའི་ རྒུད་འཐུས་དངུལ་ཀྲམ་༢༥,༠༠༠ རེ་གི་རྩིས་ འབྲུག་གི་དངུལ་ཁང་ནང་ལས་ དངུལ་འཛིན་ཅེག་ཚུ་ བཏོན་འབག་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༡ ཟླ་༨ པའི་ཚེས་༡༩ ལུ་ སྤུ་ན་ཁ་ མགུ་མ་རྒེད་འོག་ གུས་སྣེབ་སྦྱིས་ལས་ ངོམ་རིན་ཆེན་ཟེར་བའི་མིང་ རྫུས་མ་བཟོ་སྟེ་ དངུལ་ཀྲམ་༨༠,༠༠༠ འབྲུག་གི་དངུལ་ཁང་ནང་ལས་ བཏོན་འབག་ཡོདཔ་སྦེ་ སྒྲུབ་བྱེད་དང་སྦྲགས་ཏེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ཡེ་ཤེས་རྡོ་རྗེ་གིས་ ཐིམ་ཕུ་ཁྲིམས་ཁྲི་༥ པ་ལུ་ ཕུལ་ཡོདཔ་མ་ཚད་ ཉེས་ཅན་གྱིས་འབད་རུང་ འབད་ཡོདཔ་སྦེ་ ཁ་བཟེད་ནུག།
ཉེས་ལས་དེ་ ཟླ་བ་དཔལ་འབྱོར་གྱིས་ འཕྲལ་ཁམས་ཅིག་ཁར་ འབད་འབདཝ་མེན་པར་ སྤྱི་ལོ་༢༠༡༢ ཀྱི་ཧེ་མར་ འབད་ཡོདཔ་ཨིན་རུང་ ལས་འཛིན་གྱིས་ ཉེས་ལས་ཁག་༣ འབད་ཡོད་མིའི་ནང་ དངུལ་ཀྲམ་༡༣༠,༠༠༠ དེ་ བདའ་མ་ཟུན་པར་ ལུས་ཡོདཔ་ཨིན་པས།
ཐིམ་ཕུ་ཁྲིམས་ཁྲི་༥ པ་ལས་ གནང་མི་འཁྲུན་ཆོད་དང་འཁྲིལཝ་ད་ ཟླ་བ་དཔལ་འབྱོར་གྱིས་ ཡིག་ཆ་རྫུས་མ་བཟོ་སྟེ་ གཞུང་གི་ དངུལ་ཡོངས་བསྡོམས་ དངུལ་ཀྲམ་༡༣༠,༠༠༠ སྒེར་སྤྱོད་འབད་མི་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དགོངས་དོན་ལྟར་ དབྱེ་རིམ་༣ པའི་ཉེས་ཆེན་ སྨིན་དགོཔ་ཨིན་རུང་ འབྲུག་ཉེན་བཅོལ་ལས་འཛིན་ལུ་ཡང་ ནོར་འཁྲུལ་ཡོད་མི་ལུ་བརྟེན་ ལྷོད་ཡངས་ཀྱི་སྒོ་ལས་ བཞག་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྩོད་ཟླ་ལུ་ ཁྲིམས་ཁྲི་༣ པ་ལས་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་༡༣,༤༢,༠༠༠ སྒེར་སྤྱོད་འབད་མི་དེ་ གཞུང་ལུ་སོར་ཆུད་དང་ ཉེས་ཁྲིམས་ལོ་༥ སྨིན་ཡོད་མི་ བཙོན་མཇུག་གི་ཁྲིམས་ཚད་དང་ ཤུལ་ལས་ བདའ་ཟུན་མིའི་ཉེས་པ་དེ་ སྟབས་གཅིག་ཁར་ སྨིན་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།
འཁྲུན་ཆོད་ནང་ སྤྱིར་བཏང་ སྒེར་སྤྱོད་འབད་མི་ དངུལ་ཀྲམ་༡༣༠,༠༠༠ དེ་ རྩོད་ཟླ་དང་ འབྲུག་ཉེན་བཅོལ་ལས་འཛིན་གྱི་ བདག་སྐྱོང་དང་འབྲེལ་ཡོད་ འགོ་དཔོན་ཚུ་གིས་ ཁྲིམས་ནང་ཆེད་དུ་བཀོད་པའི་ལམ་ལུགས་དང་འཁྲིལ་ འགན་འཁྲི་ཚུ་ ལག་ལེན་མ་འཐབ་པར་ ནོར་འཁྲུལ་རྒྱ་ཆེར་བྱུང་ཡོདཔ་ལས་ གོང་དངུལ་དེ་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ སོར་ཆུད་འབད་དགོཔ་ཨིན་པས།
ཨིན་རུང་ རྩོད་ཟླ་ཁོ་ར་གིས་ སོར་ཆུད་འབད་ནི་སྦེ་ ངོས་ལེན་འབདཝ་ལས་ ལོ་༡ གི་ནང་འཁོད་ སོར་ཆུད་འབད་ནི་སྦེ་ བཞག་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment