གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་འདུས་ལུ་ ལྕང་ལཱ་གིས་ སྤྱིར་བཏང་འཛོམས་འདུ་ལུ་ བར་ཆད།

༢༢/༦/༢༠༡༣   ༉ ཁ་ཙ་ དབང་འདུས་ཕོ་བྲང་ དགའ་སེང་ཚོ་གོངམ་དང་ ཚོ་འོགམ་རྒེད་འོག་༢ ནང་ སྤྱིར་བཏང་འཛོམས་འདུའི་སྐབས་ལུ་ བཅའ་མར་གཏོགས་མི་ ཉུང་སུ་ཅིག་ལས་བརྒལ་མེད་པའི་ཁར་ ཚོ་འོགམ་རྒེད་འོག་ནང་ མི་གྲངས་༢༤ ལས་བརྒལ་མེད་མི་དེ་ ད་ཚུན་གྱི་བར་ན་ རྒེད་འོག་༤ ནང་ འཛོམས་འདུ་འགོ་འདྲེན་འཐབ་ས་ལས་ ཉུང་ཤོས་ཅིག་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ པ་སངས་འཕྲིན་ལས་ཀྱིས་ གྲོས་འཛོམས་ནང་ འོང་མི་ཅིག་དང་ཕྱད་པའི་བསྒང་།


མ་གཞི་རྒེད་འོག་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་ཆོག་མི་༤༣༣ ཡོདཔ་ཨིན་རུང་ འཛོམས་འདུའི་ནང་ བཅའ་མར་གཏོགས་མི་ བརྒྱ་ཆ་ལས་བཅད་པ་ཅིན་༢༠ ལྷགཔ་ཅིག་ལས་བརྒལ་མེདཔ་ད་ ཁོང་༢༤ ལས་༡༠ དེ་ སྒྱིད་ཁ་གཡུས་ཚན་ནང་ ཞིང་ཆུའི་སྐོར་ལས་ཉོགས་བཤད་ཡོད་མི་དེ་ དྭངས་སེལ་བཟོ་ནིའི་དོན་ལུ་ རྒེད་འོག་ལྟེ་བ་ནང་ འབོ་ནི་དེ་གིས་ འོང་ཡོདཔ་ཨིན་པས།
རྒེད་འོག་བདག་སྐྱོང་ ཕུར་པ་རྡོ་རྗེ་གིས་སླབ་མིའི་ནང་ མི་མང་ཤོས་ཅིག་གིས་ སྤྱིར་བཏང་འཛོམས་འདུ་ནང་ མ་འོང་མི་དེ་ ད་རེས་ནངས་པ་ ག་ནི་བ་ཁག་ཆེ་བའི་ ལྕང་ལཱ་དང་ཁ་ཐུག་རྐྱབ་ནི་དེ་གིས་ཨིན་མས་ཟེར་ཨིནམ་ད་ ཁ་ཉིནམ་ སྦྱིས་ནག་རྒེད་འོག་ལུ་དང་ རུས་སྦལ་ས་རྒེད་འོག་ལུ་ འཛོམས་འདུ་འཚོགས་པའི་སྐབས་ཡང་ རུས་སྦིས་ས་ལུ་མི་༤༠ དང་ སྦྱིས་ནག་ལུ་མི་༦༨ ཀྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
དེ་ལས་ ཁ་ཙ་ དྲོ་པ་དགའ་སེང་ཚོ་གོངམ་རྒེད་འོག་ནང་ཡང་ མི་༣༥ གིས་བཅར་མར་གཏོགས་ཡོདཔ་ད་ མ་གཞི་རྒེད་འོག་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༡,༢༢༨ ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ ཨ་ཐང་-ཐད་ཚོ་འདེམས་ཁོངས་ཀྱི་ འདེམས་ངོ་ འཐུས་མི་བགྲེསཔ་ པ་སངས་འཕྲིན་ལས་ཀྱིས་སླབ་མིའི་ནང་ འབྲུག་རྒྱལ་ཁབ་དེ་ ཕྱིའི་གྲོགས་རམ་ལུ་བརྟེན་མིའི་རྒྱལ་ཁབ་ཅིག་ཨིནམ་ལས་ སྲིད་དོན་ཚོགས་པའི་གཙོ་འཛིན་གྱི་ ཕྱག་འགན་ངོ་མ་ར་ ཕྱིའི་རྒྱལ་ཁབ་ལས་ མ་དངུལ་གྲོགས་རམ་འཚོལ་ནི་དེ་ཨིནམ་བཞིན་དུ་ དེ་བཟུམ་གྱི་ཁྱད་ཚད་ལྡན་མི་ཅིག་ བཙག་འཐུ་འབད་དགོ་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་ལུ་ ཁྱད་ཚད་ཅན་གྱི་གཙོ་འཛིན་ཡོད་པའི་ཁར་ བློན་པོ་ཚུ་ཡང་ ལྕོགས་གྲུབ་ཡོདཔ་ལས་ གཞུང་སྐྱོང་ནིའི་དབང་ཚད་དེ་ ཚོགས་པ་ལུ་གནང་པ་ཅིན་ ལེགས་ཤོམ་འོང་ཟེར་བཤད་ཅི།
མི་མང་ཤོས་ཅིག་གིས་སླབ་མིའི་ནང་ པ་སངས་འཕྲིན་ལས་ཀྱིས་ སྤྱི་ལོ་༢༠༠༨ ལུ་ ཁས་བླངས་གསལ་བསྒྲགས་ཀྱི་སྐབས་ལུ་ དགའ་སེང་ལོ་ལུ་ སྣུམ་འཁོར་ཡན་ལག་ལམ་དེ་ རྩི་ནག་བཏང་ནི་ཟེར་མི་དེ་ གྲུབ་མ་ཚུགས་པའི་ཁར་ རྒེད་འོག་ནང་ གོང་འཕེལ་གྱི་ལཱ་མང་ཤོས་ཅིག་ བཤོལ་བཞག་སྦེ་ཡོད་ཟེར་ཨིན་པས།
དེ་མ་ཚད་ མི་སེར་ཚུ་ལུ་ འཕྲུལ་གླང་པ་ཝར་ཊི་ལར་བྱིན་ནི་ཟེར་མི་ཡང་ གྲུབ་མ་ཚུགས་པའི་ཁར་ དགའ་སེང་གི་ ཆུ་གཡུར་ཡང་ སེལ་མ་ཚུགས་ཟེར་ཨིནམ་ལས་ སྤྱི་ལོ་༢༠༠༨ ལུ་ ཚོགས་པའི་གཙོ་འཛིན་ལུ་བལྟ་སྟེ་ ཚོགས་རྒྱན་བཙུགས་མི་དེ་ འཛོལ་བ་སྦོམ་ཡར་སོ་ནུག་ཟེར་ཨིན་པས།
མི་སེར་དམང་གཙོ་ཚོགས་པའི་ འདེམས་ངོ་ སྐྱེས་ལོ་༤༧ ལང་མི་ རྟ་མགྲིན་དབང་ཕྱུག་ལུ་ རྒེད་འོག་༢ ཀྱི་ མི་སེར་ཚུ་གིས་ རྒྱབ་སྐྱོར་ཡོད་མི་དེ་ ཁོ་ར་ གཡུས་དགའ་སེང་ཚོ་གོངམ་ལས་ འབད་ནི་དེ་གིས་ཨིན་པས།
སྐྱེས་ལོ་༨༠ ལང་མི་ རིག་འཛིན་རྒྱལ་མཚན་གྱིས་སླབ་མིའི་ནང་ སྤྱི་བཏང་གི་བཙག་འཐུའི་སྐབས་ལུ་ ཚོགས་རྒྱན་དེ་ རྟ་མགྲིན་དབང་ཕྱུག་ལུ་བཙུགས་ནི་ཟེར་ཨིནམ་ད་ ཁོ་གིས་ འགོ་ཐོག་བཙག་འཐུའི་སྐབས་ལུ་ཡང་ མི་སེར་དམང་གཙོ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་ཡི་ཟེར་ཨིན་པས།
ཁས་བླངས་གསལ་བསྒྲགས་སྐབས་ འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པའི་སྐོར་ལས་ མ་བདེན་པའི་རྫུན་གཏམ་སླབ་མི་དང་ སྐྱོན་བརྗོད་འབད་མི་ཚུའི་སྐོར་ལས་ མི་སེར་ཚུ་ལུ་ དོགས་སེལ་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༧༦ ལང་མི་ བཙན་ཆུ་གིས་སླབ་མིའི་ནང་ མ་གཞི་ དེ་བཟུམ་གྱི་ཁས་བླངས་ཚུ་ བདེན་པ་མི་འོང་ནི་བཟུམ་འཚོར་རུང་ བསྒྱུར་བཅོས་ཀྱི་དོན་ལུ་ ཚོགས་རྒྱན་དེ་ རྟ་མགྲིན་དབང་ཕྱུག་ལུ་ར་བྱིན་ནི་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ གོ་སྐབས་དེ་ འདྲ་མཉམ་སྦེ་བྱིན་པ་ཅིན་ མི་སེར་ལུ་ཕན་ཐོགས་ འབྱུང་ནིའི་གོ་སྐབས་འདུག་ཟེར་ཨིན་པས།
རྟ་མགྲིན་དབང་ཕྱུག་གིས་འབད་བ་ཅིན་ གལ་སྲིད་ ཁོ་བཙག་འཐུ་འགྲུབ་པ་ཅིན་ དགའ་སེང་ཚོ་འོགམ་རྒེད་འོག་གི་ སྣུམ་འཁོར་ལན་ལག་ལམ་དེ་ རྩི་ནག་གཏང་ནི་དང་ ཆུ་གཡུར་སེལ་ནི་ དེ་ལས་ མེ་ཕད་ནང་དང་ ཅུང་ཐད་གཡུས་ཚན་གྱི་ སོ་ནམ་ཞིང་ལམ་ཚུ་ཡང་ སེལ་ནི་ཟེར་ ཁས་བླངས་འབད་ཡོད་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment