གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙག་འཐུའི་ནང་ ཚུལ་མིན་ཐོག་ ཏི་རུ་ལག་ལེན་འཐབ་པ་ཅིན་ ཚོགས་རྒྱན་ཐོབ་ཚུགས་ག?

༢༤/༦/༢༠༡༣    ༉ སྲིད་ཚོགས་ཚུ་གིས་ བཙག་འཐུ་ནང་ལས་ རྒྱལ་ཁ་འཐོབ་ནིའི་དོན་ལུ་ མི་སེར་གྱི་སེམས་ལྷུ་ཚུགས་པའི་ ཁས་བླངས་འབདཝ་མ་ཚད་ ཐབས་ཤེས་སྣ་ཚོགས་བཏོན་དོ་ཡོདཔ་ད་ དེའི་གྲས་ལས་ གཅིག་ ཚོགས་རྒྱན་བཙུགས་མི་ཚུ་དང་ རྒྱབ་སྐྱོར་པ་ཚུ་ལུ་ ཚུལ་མིན་ཐོག་ལས་ ཏི་རུ་འབོར་ཆེ་ཏོག་ཏོ་སྦེ་ བྱིན་དོ་ཡོད་པའི་ ལོ་རྒྱུས་ཚུ་གོཝ་ཨིན་རུང་ ཏི་རུ་གིས་ ཚོགས་རྒྱན་ཐོབ་ཚུགས་མི་ཚུགས་ མ་ཤེསཔ་ཨིན་པས།


དེ་ཡང་ སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུའི་གྲུབ་འབྲས་དང་འཁྲིལཝ་ད་ འདེམས་ངོ་ལ་ལུ་ཅིག་གིས་ རང་སོའི་རྒྱབ་སྐྱོར་པ་ཚུ་ལས་ཡང་ ཚོགས་རྒྱན་མ་ཐོབ་པའི་གནད་དོན་ཚུ་ བྱུང་ཡོདཔ་ལས་ རྒྱབ་སྐྱོར་པ་ཚུ་ལུ་ ཏི་རུ་འབོར་ཆེ་ཏོག་ཏོ་སྦེ་ ཟད་འགྲོ་བཏང་སྟེ་འབད་རུང་ འདེམས་ངོ་དང་ སྲིད་ཚོགས་ཚུ་གིས་ ཚོགས་རྒྱན་ཐོབ་པའི་ངེས་པ་མེདཔ་ཨིན་པས།
ཨིན་རུང་ དུས་ཅི་ སྤྱིར་བཏང་བཙག་འཐུ་ནང་ འདེམས་ངོ་དང་ སྲིད་ཚོགས་ཚུ་གིས་ཡང་ ཐབས་ཤེས་སྣ་ཚོགས་ཐོག་ལས་ ཏི་རུ་འབོར་ཆེ་ཏོག་ཏོ་སྦེ་ ཟད་འགྲོ་བཏང་སྟེ་ ཚོགས་རྒྱན་འཐོབ་ཐབས་འབད་དོ་ཡོད་པའི་ ལོ་རྒྱུས་ཚུ་ བཤདཔ་ཨིན་པས།
སྲིད་འབྲེལ་མཁས་མཆོག་ཅིག་གིས་འབད་བ་ཅིན་ དུས་ཅི་གི་གནས་སྟངས་ནང་ ཚུལ་མིན་ཐོག་ལས་ ཟད་འགྲོ་བཏང་སྟེ་ བརྩོན་ཤུགས་བསྐྱེད་མི་ འདེམས་ངོ་དང་ སྲིད་ཚོགས་ཚུ་གིས་ རྒྱབ་སྐྱོར་པ་ཚུ་ལུ་ ཏི་རུ་འབོར་ཆེ་དྲགསསྦེ་ བྱིན་དོ་ཡོདཔ་མ་ཚད་ འགོ་ཐོག་བཙག་འཐུའི་གྲུབ་འབྲས་ལུ་བརྟེན་ ཚོགས་རྒྱན་གྱི་ ཚོང་སྒྱུར་གནས་སྟངས་ཚུ་ཡང་ ལག་ལེན་འཐབ་ནི་གི་ གོ་སྐབས་ཡོདཔ་བཞིན་དུ་ ལ་ལུ་ཅིག་གིས་ ལག་ལེན་འཐབ་དོ་བཟུམ་ཅིག་ཡང་ འདུག་ཟེར་ཨིན་པས།
དེ་ཡང་ དཔེ་འབད་བ་ཅིན་ འདེམས་ངོ་ཅིག་གིས་ འདེམས་ཁོངས་གང་རུང་གི་ སྤྱི་འོག་ཅིག་ནང་ལས་ འགོ་ཐོག་བཙག་འཐུའི་སྐབས་ ཚོགས་རྒྱན་༡༠ ཐོབ་ཡོད་པ་ཅིན་ ད་རེས་ འདེམས་ངོ་དེ་གིས་ ཁོ་རའི་རྒྱབ་སྐྱོར་པ་ལུ་ སྤྱིར་བཏང་བཙག་འཐུའི་སྐབས་ ཚོགས་རྒྱན་དེ་ལས་ལྷག་སྟེ་ འཐོབ་པ་ཅིན་ ཚོགས་རྒྱན་རེ་ལུ་ ཏི་རུའི་ཚད་གཞི་ཅིག་ བཟོ་ཐོག་ལས་ བྱིན་ནི་ཨིན་ཟེར་བའི་ ཁ་ཚིག་བཟོ་སྟེ་ ལཱ་འབད་བཅུག་པའི་ ལོ་རྒྱུས་ཚུ་འདུག་ཟེར་ཨིན་པས།
ཨིན་རུང་ གཡུས་མི་ལ་ལུ་ འདེམས་ངོ་ཚུ་གིས་ རྒྱབ་སྐྱོར་པ་འབད་དགོཔ་སྦེ་ ཏི་རུ་བྱིནམ་ད་ མི་དགོ་ཟེར་སླབ་མ་ནུམ་པར་ ལེན་ཐོག་ལས་ རྒྱབ་སྐྱོར་པ་ཨིནམ་སྦེ་ སླབ་དོ་ཡོད་པའི་ཁར་ ལ་ལུ་གིས་ སྲིད་ཚོགས་ག་གིས་ཏི་རུ་བྱིན་རུང་ ལེན་ཐོག་ལས་ ལག་ལེན་འཐབ་ཨིན་རུང་ ཚོགས་རྒྱན་དེ་ ག་ལུ་བཙུགསཔ་ཨིན་ན་ མ་ཤེསཔ་ཨིན་པས།
འདེམས་ཁོངས་ཅིག་ནང་ ཨམ་སྲུ་སྐྱེས་༢༩ ལྷགཔ་ཅིག་འབད་མི་ལུ་ འདེམས་ངོ་ཅིག་གིས་ ཁོ་གི་རྒྱབ་སྐྱོར་པ་འབད་དགོཔ་སྦེ་སླབ་སྟེ་ དངུལ་ཀྲམ་༡༠༠༠ ལྷགཔ་ཅིག་བྱིན་ཡོད་རུང་ མོ་ལུ་ ཚོགས་རྒྱན་ག་ལུ་བཙུགས་ནི་སྨོ་ཟེར་ དྲི་བའི་སྐབས་ ཚོགས་རྒྱན་དེ་ གསང་བའི་ཚོགས་རྒྱན་ཨིནམ་ལས་ སླབ་ནི་མེད་ཟེར་ བཤད་པའི་ཁར་ ཚོགས་རྒྱན་དེ་ ག་ལུ་བཙུགསཔ་ཨིན་ན་ ག་གིས་ཡང་མི་ཤེས་ནི་ཨིན་པས།
སྲིད་ཚོགས་དང་ འདེམས་ངོ་ཚུ་གིས་ ཏི་རུ་ག་དེམ་ཅིག་ ཟད་འགྲོ་བཏང་སྟེ་འབད་རུང་ སྲིད་ཚོགས་དང་ འདེམས་ངོ་ཕྱོགས་༢ ཆ་ར་ལས་ ཟད་འགྲོ་བཏང་སྟེ་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ ཏི་རུ་བྱིན་པའི་བསྒང་ལས་ ལེན་པའི་སྐབས་༢ ཆ་ར་ལེནམ་ཨིན་རུང་ ཚོགས་རྒྱན་དེ་ ག་ལུ་བཙུགས་ནི་ཨིན་ན་ བཙུགས་མི་ཁོང་རའི་ ལག་པར་ ལུས་ནི་ཨིན་པས།
དེ་བཟུམ་སྦེ་ བཙག་འཐུའི་བྱ་རིམ་ནང་ ཏི་རུ་ཚུལ་མིན་ལག་ལེན་འཐབ་ནི་དེ་ ངན་ལྷད་ཀྱི་ལཱ་བྱ་ཨིནམ་ལས་ གལ་སྲིད་ དེ་སྦེ་ལག་ལེན་འཐབ་དོ་ཡོད་པའི་ ལོ་རྒྱུས་ཚུ་ བདེན་ཁུངས་ཡོད་དེ་འབད་བ་ཅིན་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ག་དེ་སྦེ་ར་ ངོས་ལེན་ཐོག་ ཏི་རུ་ལེན་ཏེ་འབད་རུང་ མཐའན་མཇུག་ལུ་ ཚུལ་མིན་ཐོག་ལས་ ཏི་རུ་ལག་ལེན་འཐབ་མི་ ཚོགས་པ་དང་ འདེམས་ངོ་ག་འབད་རུང་ དེ་ཚུ་གིས་ ཚོགས་རྒྱན་འཐོབ་ནི་ལས་ལྷགཔ་སྦེ་ ཚོགས་པ་དང་ མི་ངོ་དེ་ཚུ་ལུ་ བློ་གཏད་མེདཔ་འགྱོ་ནི་གི་ ཉེན་ཁ་ཡང་ཡོདཔ་སྦེ་ མཐོང་གསལ་བྱུངམ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས། 

No comments:

Post a Comment