གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་མཉམ་རུབ་ཚོགས་པ་ ཧྲམ་སོཔ་སྦེ་སླབ་མི་ལུ་དོགས་སེལ།

༢༢/༦/༢༠༡༣   ༉ འབྲུག་མཉམ་རུབ་ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ བསྟན་འཛིན་ལེགས་འཕེལ་གྱིས་ མ་གཞི་ ཁོ་ར་གིས་ མཐོང་མཐོངམ་མེད་རུང་ སྲིད་དོན་ཚོགས་པའི་ འདེམས་ངོ་ཚུ་གིས་ ག་ཅི་སླབ་ཡོདཔ་ཨིན་ན་ཚུ་ ཁྲིམས་འགལ་ཐོག་ སྒྲ་བཟུང་འབད་དེ་ མི་སྡེའི་བརྡ་བརྒྱུད་ནང་བཙུགས་མི་ཚུ་ ག་ཨིན་ན་ ལྟ་ཞིབ་འབད་དགོཔ་བཟུམ་ཅིག་སྦེ་ མཐོངམ་མས་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ཚུ་གིས་ བརྡ་བརྒྱུད་ལུ་ དོགས་སེལ་འབད་བའི་བསྒང་།


དེ་ཡང་ ད་རེས་ཁམས་ མི་སེར་དམངས་གཙོ་ཚོགས་པའི་ བཀང་ལུང་-ཨུ་མཛོ་རོང་འདེམས་ཁོངས་ཀྱི་ འདེམས་ངོ་གིས་ མི་དམངས་འཛོམས་འདུ་ཅིག་གི་སྐབས་ འབྲུག་སྤྱིར་དབང་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་ དེ་ལས་ འབྲུག་མཉམ་རུབ་ཚོགས་པ་༣ གཅིག་བསྡོམས་འབད་ཡོདཔ་སྦེ་ སླབ་པའི་སྐོར་ལས་ སྒྲ་བཟུང་འབད་དེ་ མི་སྡེའི་བརྡ་བརྒྱུད་ ཕེསི་བུག་ནང་ བཙུགས་མི་དང་འཁྲིལ་ཏེ་ཨིན་པས།
ཚོགས་པའི་མགྲིན་ཚབ་ ཌོག་ཊར་ རྟ་མའགྲིན་རྡོ་རྗེ་གིས་འབད་བ་ཅིན་ བཙག་འཐུའི་བཅའ་ཡིག་ནང་ ག་གིས་ ག་ཅི་འབད་ཆོགཔ་ཨིན་ན་དང་ མ་ཆོགཔ་ཨིན་ནའི་སྐོར་ལས་ དྭངས་གསལ་སྦེ་ བཀོད་ཡོདཔ་མ་ཚད་ ཐ་ན་ གནས་ཚུལ་བསྡུ་ལེན་པ་ཚུ་འབད་རུང་ རང་སོའི་ངོ་རྟགས་ཚུ་ གསལ་སྟོན་འབད་དགོཔ་སྦེ་ ཡོད་ཟེར་ཨིན་པས།
ཨིན་རུང་ དེ་སྦེ་སླབ་མི་ འདེམས་ངོ་དེ་ལུ་ ཡང་ཅིན་ ཁོ་ར་ལུ་ རྒྱབ་སྐྱོར་པ་དང་ ཚོགས་རྒྱན་བཙུགས་མི་ཚུ་ མངམ འཐོབ་ཐབས་ལུ་དམིགས་པའི་ དོན་དག་གཞན་ཡང་འོང་ཟེར་ མགྲིན་ཚབ་ཀྱིས་ སླབ་ཨིན་པས།
ཌོག་ཊར་རྟ་མགྲིན་གྱིས་འབད་བ་ཅིན་ རང་ལུ་ ཚོགས་རྒྱན་མངམ་འཐོབ་ནིའི་དོན་ལུ་ ད་རེས་ནངས་པ་ མི་ཚུ་གིས་ མི་སེར་ཚུ་ལུ་ ཤོབ་རྐྱབ་ནི་དང་ ཏི་རུ་སྤྲོད་ནི་ འཇིགས་བསྐུལ་འབད་ནི་དང་འབྲེལ་བའི་ ལཱ་འདྲ་མིན་སྣ་ཚོགས་འབད་མི་ ལེ་ཤ་ཅིག་ར་ འཐོན་འོང་ཟེར་ཨིན་པས།
ཚོགས་པའི་འཐུས་མི་ ཌོག་ཊར་བློ་གྲོས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ མ་གཞི་ ད་རེས་ནངས་པ་ འབྲུག་མཉམ་རུབ་ཚོགས་པ་དེ་ ཧྲམ་ཡོདཔ་ད་ གཞན་དང་གཅིག་ཁར་ མཉམ་བསྡོམས་འབད་བའི་སྐོར་ལས་ ལོ་རྒྱུས་ལེ་ཤ་ཅིག་ར་ གོ་དོ་ཡོདཔ་ཨིན་རུང་ དེ་ཚུ་ རྩ་ལས་ར་ མི་བདེན་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ ཚོགས་པ་དེ་ མཉམ་བསྡོམས་དང་ ཧྲམ་སོཔ་འབད་བ་ཅིན་ ང་བཅས་ཆ་ཁྱབ་ ད་རེས་ ཡིག་ཚང་དེ་ནང་ ལཱ་འབད་དེ་ མི་སྡོདཔ་འོང་ཟེར་ཨིན་པས།
ཌོག་ཊར་བློ་གྲོས་ཀྱིས་ མི་ཚུ་གིས་ གནས་ཚུལ་ག་ཅི་ར་འབད་རུང་ ཕྱོགས་གཅིག་ལས་ཉན་ཏེ་ དེ་ལུ་ བདེན་འཛིན་རེ་ནི་མི་འོང་ནི་དང་ དེ་དང་གཅིག་ཁར་ འབྲུག་བཙག་འཐུ་ལྷན་ཚོགས་དང་ ཐོ་བཀོད་ཅན་གྱི་ཚོགས་པ་ རང་ར་སོ་སོ་ཚུ་ལས་ཡང་ ཉན་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
བསྟན་འཛིན་ལེགས་འཕེལ་གྱིས་འབད་བ་ཅིན་ འབྲུག་མཉམ་རུབ་ཚོགས་པ་གིས་ འདས་པའི་ལོ་༢ ཀྱི་ནང་འཁོད་ལུ་ར་ རྒྱབ་སྐྱོར་པ་༣༦,༠༠༠ ལྷགཔ་ཅིག་ ཐོབ་ཚུགས་ཡོདཔ་ད་ ད་ལས་ཕར་ མ་འོངས་བཙག་འཐུ་རན་ནི་ལུ་ ད་རུང་ ལོ་༥ དེ་ཅིག་ཡོདཔ་ལས་ དེ་གི་རིང་ལུ་ ལཱ་ལེགས་ཤོམ་འབད་དེ་ རྒྱབ་སྐྱོར་མངམ་སྦེ་ འཐོབ་ཚུགས་པའི་རེ་བ་ ཡོད་ཟེར་ཨིན་པས།
ཚོགས་པའི་མགྲིན་ཚབ་ཀྱིས་འབད་བ་ཅིན་ དུས་ཅིའི་བཙག་འཐུ་ མཇུག་བསྡུ་བའི་ཤུལ་ལུ་ མི་སེར་ཚུ་ ཚར་གཅིག་གུ་ བསྐྱར་གསོ་འབད་དགོཔ་ལས་ སེམས་གོ་ཡང་སྦེ་ བཞག་དགོཔ་འདུག་ཟེར་ཨིན་པས།
དེ་མེན་པའི་ མི་སེར་ཚུ་གིས་ རྙིངམ་དེ་ གསེར་ཨིན་པའི་དབང་དུ་གཏང་སྟེ་ མནོ་བསམ་བཏང་སྡོད་པ་ཅིན་ སྲིད་ཚོགས་གསརཔ་ཚུ་ལུ་ གོ་སྐབས་དཀོན་འོང་ཟེར་ འགོ་དཔོན་ཚུ་གིས་སླབ་ཅི།
སྲིད་ཚོགས་ཀྱི་ གཙོ་འཛིན་འོག་མ་ ཨ་ཅུཌི་ བཱན་ད་རི་གིས་འབད་བ་ཅིན་ མ་གཞི་ ཚོགས་པའི་གཙོ་འཛིན་གོང་འོག་༢ ཀྱིས་ སྲིད་ཚོགས་གཞན་ནང་ འཛུལ་ཞུགས་འབད་ཡོདཔ་ཨིན་རུང་ གཞན་མི་འདེམས་ངོ་༤༠ དང་ རྒྱབ་སྐྱོར་པ་ཚུ་གིས་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ གོང་འཕེལ་གྱི་དོན་ལུ་ལཱ་ཚུ་ འཕྲོ་མཐུད་དེ་ར་ འབད་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཤུལ་མམ་གྱི་ བཙག་འཐུ་མ་རན་ཚུན་ ལཱ་ཚུ་འབད་དེ་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུའི་སྐབས་ སྲིད་ཚོགས་ལྕོགས་གྲུབ་དང་ལྡནམ་ཅིག་སྦེ་ འཐོན་ནི་ཨིན་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment