གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བློན་པོ་བགྲེསཔ་དང་ རྫོང་བདག་བགྲེསཔ་༢ ཀྱི་བར་ན་རྩོད་བསྡུར།

༢༦/༦/༢༠༡༣   ༉ འདས་པའི་བདུན་མཐའི་རེས་གཟའ་ཟླ་བ་ལུ་ གསར་སྤང་རྫོང་ཁག་ གཤོམ་སྤང་ཁ་འདེམས་ཁོངས་ཀྱི་ འདེམས་ངོ་༢ ཀྱི་གྲས་ལས་གཅིག་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ བརྒྱུད་འབྲེལ་བློན་པོ་བགྲེསཔ་ ནན་ད་ལཱལ་ རའི་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ རྫོང་བདག་བགྲེསཔ་ རིན་འཛིན་རྡོ་རྗེ་༢ ཀྱི་བར་ན་ རྩོད་བསྡུར་འབད་ཡོདཔ་ད་ རྩོད་བསྡུར་གྱི་གནད་དོན་དེ་ དབང་ཚད་ཕྱིར་སྤེལ་གྱི་ གོ་དོན་གུ་སྦེ་ རྫོགས་ཡོདཔ་ཨིན་པས།


དྲི་བཀོད་ཀྱི་ལས་རིམ་ནང་ ནན་ད་ལཱལ་ རའི་གིས་ དྲི་བཀོད་འབད་མིའི་ནང་ དབང་ཚད་ཕྱིར་སྤེལ་གྱི་ལམ་ལུགས་དེ་ ལོ་ངོ་ཁྲི་ཕྲག་༣ ལྷགཔ་ཅིག་གི་ཧེ་མ་ལས་ གཞི་བཙུགས་འབད་བའི་ཤུལ་ལས་ འབྲས་བུ་ལོངས་སྤྱོད་དེ་ཡོད་རུང་ ཚོགས་པའི་ལྟ་བ་དབང་ཚད་ཕྱིར་སྤེལ་ཨིན་པའི་སྐོར་ལས་ སླབ་མི་ལུ་ ག་ཅི་འབད་ཨིན་ན་ དབང་ཚད་ཕྱིར་སྤེལ་ཟེརཝ་ད་ མི་རེ་རེ་བཞིན་དུ་ལུ་དགོཔ་ཨིན་ ག་དེ་སྦེ་ཨིན་ན་ ཧ་མ་གོ་ཟེར་ཨིན་པས།
དེ་གི་ལན་ལུ་ རིག་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ ཚོགས་པ་གི་ལྟ་བ་དབང་ཚད་ཕྱིར་སྤེལ་དེ་ གཞུང་ལྟེ་བ་ བློན་པོ་ལྷན་རྒྱས་དེ་ལས་ དྲུང་ཆེན་ལ་སོགས་པའི་ དབང་ཚད་ཅན་ཚུ་གི་ལག་པར་ ལུས་མི་ལུ་བརྟེན་ དབང་ཚད་དེ་ ས་གནས་གཞུང་ལུ་ མ་ལྷོད་མི་དེ་ཨིན་ཟེར་ཨིན་པས།
རིན་འཛིན་རྡོ་རྗེ་གི་ དྲི་བཀོད་ཡང་ ཁོ་རའི་ ཉམས་མྱོང་དང་འཁྲིལཝ་ད་ ས་གནས་གཞུང་དང་ རྫོང་ཁག་ཚུ་ནང་ ལཱ་འབད་མི་ཚུ་ལུ་ བྱ་སྟབས་མ་བདེཝ་སྦོམ་ཤོས་ཅིག་ གཞུང་ལྟེ་བ་ནང་ལཱ་འབད་མི་ བློན་པོའི་ལྷན་འཛིན་ལ་སོགས་པའི་ མི་དབང་ཚད་ཅན་ཚུ་གིས་ ལགཔ་རྐྱབ་ མེན་པའི་ལཱ་ཚུ་བསྐྱལ་ཏེ་ དབང་ཚད་མ་བྱིན་པར་ཡོདཔ་ལས་ དེ་སྦེ་ལུས་སོ་མི་དེ་ གནད་དོན་ག་ཅིག་ལས་བརྟེན་ཨིན་ན་ཟེར་ དྲི་བཀོད་འབད་བའི་སྐབས་ ལན་མ་སླབ་པའི་ཧེ་མར་ ད་རུང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་གིས་ དྲི་བ་༢ པ་ དབང་ཚད་ཕྱིར་སྤེལ་དེ་ གཙུག་སྡེ་རང་རང་སོ་སོ་ ས་གནས་གཞུང་ལ་སོགས་པ་ལུ་ རང་སོའི་དབང་ཚད་དང་བསྟུན་ལཱ་འབད་དོ་ཟེར་ཨིནམ་ད་ དྲི་བའི་ལན་དགོ་པའི་སྐོར་ལས་སླབ་ཡོད་རུང་ དྲི་བ་རེ་རེ་ལས་ བཀོད་ནིའི་གོ་སྐབས་མེདཔ་ལས་བརྟེན་ མི་སེར་དམངས་གཙོའི་ཚོགས་པའི་འདེམས་ངོ་གིས་ ལན་སླབ་ནིའི་གོ་སྐབས་མ་ཐོབ་ཨིན་པས།
འདེམས་ངོ་༢ ཆ་ར་གིས་ར་ ཚོགས་པ་༢ འགོ་ཐོག་གི་བཙག་འཐུ་ནང་ རྒྱབ་སྐྱོར་འབད་དེ་ ཨང་དང་པ་དང་གཉིས་པ་སྦེ་ གདམ་འཐུ་འབད་གནང་མི་དེ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ སླབ་ཡོདཔ་ཨིན་པས།
ཁས་བླངས་གསལ་བསྒྲགས་འབད་བའི་སྐབས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ནཱན་ད་ལཱལ་ རའི་གིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གིས་ འདས་པའི་ལོ་༥ འི་རིང་ རྒྱལ་ཁབ་མཐའ་དབུས་མེད་པར་ སོ་ནམ་ཞིང་ལམ་དང་ གློག་མེ་ ཤེས་རིག་ གསོ་བ་ འགྲུལ་འཕྲིན་མ་ཚད་ ནང་འཁོད་གནམ་གྲུའི་ཞབས་ཏོག་ལ་སོགས་པ་ཚུ་ མང་ཤོས་ར་ བསྒྲུབས་ཡོད་མི་དེ་མཐོང་སར་ཡོད་ཟེར་ཨིན་པས།
ད་ལས་ཕར་ སྤྱི་ལོ་༢༠༢༠ ཀྱི་ནང་འཁོད་ལུ་ རང་དགོ་རང་འདྲོངས་ཐོག་ ཁྲལ་ཉུང་གི་རིགས་མེདཔ་བཟོ་ནི་ གློག་མེའི་ཐོན་བསྐྱེད་ མེ་ག་ཝཱཊ་༡༠,༠༠༠ བཟོ་ནི་ ལཱ་གཡོག་གི་དཀའ་ངལ་བསལ་ནི་ སྐྱེས་ལོ་༦༥ ལས་རྒས་མི་ཚུ་ལུ་ སྔར་བ་དྲགཔ་སྦེ་ ཕྱག་ཞུའི་དོན་ལུ་ ཚོགས་རྒྱན་བཙུགས་པའི་ནམ་དུས་ལུ་ ཚོགས་པ་ག་དྲག་ག་དང་ འདེམས་ངོ་ག་དྲག་ག་ མནོ་བསམ་བཏང་སྟེ་ སྨོན་ལམ་ལེགས་ཤོམ་སྦེ་བཏབ་སྟེ་ རང་རྐྱང་གི་མཐའ་དོན་ལུ་མེན་པར་ མ་འོངས་ཡུན་བརྟན་ལུ་བལྟ་སྟེ་ ཚོགས་རྒྱན་བཙུགས་གནང་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་གིས་ སླབ་མིའི་ནང་ མི་སེར་དམངས་གཙོའི་ཚོགས་པའི་ལྟ་བ་དེ་ སྤྱི་ལོ་༢༠༠༨ དང་༡༣ གྱི་ལྟ་བ་ལུ་ཁྱད་པར་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༠༣ གྱི་ལྟ་བ་དེ་ དབང་ཚད་ཕྱིར་སྤེལ་ཨིནམ་ད་ སྲིད་བྱུས་དེ་ མ་གཞི་ ཧེ་མ་ལས་འགོ་བཙུགས་ཡོད་རུང་ ཁ་གིས་སླབ་ སོ་གིས་མཐུད་མ་ཚུགས་པར་ཡོད་མི་དེ་ཡང་ མཐུདཔ་བཟོ་ནི་ཨིན་པས།
འཛིན་སྐྱོང་དང་བདག་སྐྱོང་ནང་ འཐུས་མི་ཤོར་ནིའི་དོན་ལུ་ ས་གནས་གཞུང་ལུ་ ཕྱག་ལཱ་གནང་མི་ཚུ་ གྲོས་བསྟུན་དང་ རྩོད་བསྡུར་གྱི་སྒོ་ལས་ ཐག་བཅད་ནིའི་དབང་ཚད་བྱིན་ནི་དང་ སྒེར་སྡེ་གོང་འཕེལ་དོན་ལུ་ འཇིགས་མེད་གླིང་ཏོ་རི་བཱ་རི་ལུ་ ས་གོ་ངོས་འཛིན་འབད་ཞིནམ་ལས་ གོང་འཕེལ་གྱི་ལྟེ་བ་བཟོ་ནིའི་ཁས་བླངས་དང་ ཤེས་ཡོན་འཕྲོ་མཐུད་ལྷབ་མི་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་འཆར་གཞི་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment