གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུ་དི་ནི་འཁོར་ལམ་ ད་རིས་ལས་ རྒྱུན་འགྲུལ་འཐབ་ཚུགས་ནི།

༢༦/༦/༢༠༡༣   ༉ སྤྱི་ཟླ་༦ པའི་ཚེས་༡༨ ཀྱི་ནུབ་མོར་ ཆརཔ་ཤུགས་སྦེ་རྐྱབ་ད་ བསམ་རྩེ་ལུ་ བུ་དི་ནི་གཙང་ཆུ་བྲེས་ཏེ་ རྩི་སའི་ཡུར་ཟམ་གྱི་ གྱང་རྩིག་ཆ་ཤས་ཅིག་ འཕྱགས་བདའ་མི་ལུ་བརྟེན་ འཁོར་ལམ་གྱི་ གཞི་རྟེན་སྒྲིང་སྒྲིང་མེདཔ་བཟོ་དཔ་ལས་ སྣུམ་འཁོར་ཚུ་གི་ རྒྱུན་འགྲུལ་བཀག་ཆ་འབད་བའི་ཤུལ་ལུ་ ད་རིས་ལས་ ལམ་སྒོ་ཕྱེ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།

སྤྱི་ཟླ་༦ པའི་ཚེས་༡༨ ཀྱི་ནུབ་མོར་ བསམ་རྩེ་བུ་དི་ནི་གཙང་ཆུ་བྲེས་ཏེ་ རྩི་སའི་ཡུར་ཟམ་གྱི་ གྱང་རྩིག་ཆ་ཤས་ཅིག་ འཕྱགས་བདའ་བའི་ཤུལ་ལུ་ ད་རིས་ལས་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།

དེ་ཡང་ རྨ་བྱ་ཐང་ལམ་བདའ་སྟེ་ཡོད་མི་ ཡུར་ཟམ་གྱི་ གྱང་རྩིག་ཆ་ཤས་ཅིག་ འཕྱགས་བདའ་བའི་ཤུལ་ལས་ སྣུམ་འཁོར་འགྲོ་འགྲུལ་འབད་ནི་ལུ་ གནོད་ཉེན་ཡོད་མི་ལུ་བརྟེན་ བསམ་རྩེའི་ ལམ་སེལ་ལས་ཁུངས་ཀྱི་ ཡང་ལག་ཡིག་ཚང་གིས་ མི་སེར་ཚུ་ལུ་ རྒྱུན་འགྲུལ་འཐབ་མ་གནང་ཟེར་ སླབ་ཡོདཔ་ཨིན་པས།
བསམ་རྩེ་རྒེད་འོག་ལུ་ ཧེ་མར་ བུ་དི་ནི་ཟེར་སླབ་མི་ རྨ་བྱ་ཐང་དེ་ བསམ་རྩེ་ཁྲོམ་ལས་ ཀི་ལོ་མི་ཊར་༢ དེ་ཅིག་དང་ བསམ་རྩེ་རྒེད་འོག་ཡིག་ཚང་ནང་ མ་ལྷོད་པའི་ ཀི་ལོ་མི་ཊར་༡ གི་ས་ཁར་ཡོདཔ་ཨིན་པས།
ལམ་དེ་ སིབ་སུ་དྲུང་ཁག་དང་ རྫོང་ཁག་དེ་གི་ རྒེད་འོག་མང་རབས་ཅིག་ནང་འགྱོ་སའི་ འཁོར་ལམ་ཨིནམ་ལས་ གལ་སྲིད་ ལམ་མ་ཐལ་བ་ཅིན་ རྫོང་ཁག་ལས་ ས་གནས་དེ་ཚུ་ནང་ རྒྱུན་འགྲུལ་འཐབ་མི་ཚུགས་ནི་ཨིནམ་ད་ དེ་མིན་ མི་སེར་ཚུ་ རྒྱ་གར་གྱི་ རྒྱུན་ལམ་བདའ་སྟེ་ རྫོང་ཁག་ནང་ འོང་དགོཔ་ཨིན་པས།
ད་རུང་ ལམ་དེ་ ཡིག་ཚང་ནང་ འགྱོ་མི་ཚུ་གིས་ ལག་ལེན་འཐབ་དོ་ཡོདཔ་ད་ ལམ་གཡས་གཡོན་གཉིས་ཆ་ར་ལས་ བུ་དི་ནི་གཙང་ཆུ་དེ་ བབས་དོ་ཡོདཔ་ཨིན་པས།
དེ་ཚེ་ནུབ་མོར་ རྡོ་རོ་ཁ་དྲུང་ཁག་ནང་ ཆརཔ་ཤུགས་སྦེ་རྐྱབ་ད་ བུ་དི་ནི་གཙང་ཆུ་དེ་ ཧང་སྟོང་མར་སྦེ་ བྲེས་སོཔ་ལས་ ཆུ་ཁ་སྒྱུར་ཏེ་ རྩི་སའི་རྩིག་གྱང་གུ་ཕོགཔ་ད་ ལམ་མེདཔ་བཏང་ཡོདཔ་ཨིན་པས།
མ་གཞི་ ལམ་དེ་ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ སྣུམ་འཁོར་ཆུང་བ་ཚུ་ འགྲོ་འགྲུལ་འབད་བཅུག་ཡོདཔ་ད་ སྣུམ་འཁོར་ཆེ་བ་ཚུ་ བཀག་འཛིན་འབད་ཡོད་རུང་ དེ་གི་ནངས་པ་ འཁོར་ལམ་གྱི་ གཞི་རྟེན་གནས་སྟངས་སྐྱོ་དྲགས་འགྱོཝ་ད་ སྣུམ་འཁོར་ཆུང་བ་ཚུ་ཡང་ འགྲོ་འགྲུལ་འབད་ནི་ བཀག་ཆ་འབད་ཡོདཔ་ཨིན་པས།
འཕྲུལ་རིག་བཀོད་ཁྱབ་ བསོད་ནམས་རྣམ་རྒྱལ་དབང་འདུས་ཀྱིས་ སླབ་མིའི་ནང་ གཙང་ཆུ་དེ་ ཆུའི་གནས་ཚད་ལས་ མི་ཊར་༤ དེ་ཅིག་ ཡར་འཕར་སོང་ཡོདཔ་ལས་ ཆུ་ལམ་མེདཔ་བཏང་སྟེ་ གཙང་ཆུ་ཁ་སྒྱུར་ཡར་སོ་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་ཁོངས་དེ་ནང་ ལམ་གཡས་གཡོན་ལས་ གྱང་རྩིག་ཀི་ལོ་མི་ཊར་༡ དེ་ཅིག་ རྐྱབ་པ་ཅིན་ དཀའ་ངལ་ཡུན་ཐུབ་སྦེ་ བསལ་ཚུགས་ནི་ཨིན་རུང་ ཟད་འགྲོ་སྦོམ་གནས་ནི་མས་ཟེར་ཨིན་པས།
གནམ་བྱཱར་གྱི་ ཆར་ཆུའི་སྐབས་ གཙང་ཆུ་སེལ་ནི་ལུ་ ལོ་བསྟར་བཞིན་དུ་ ཟད་འགྲོ་དངུལ་ཀྲམ་༣༠༠,༠༠༠ དེ་རེ་ བཏང་དོ་ཟེར་  འཕྲུལ་རིག་བཀོད་ཁྱབ་ཀྱིས་ སླབ་ཨིན་པས།
སྤྱི་ལོ་༡༩༩༠ གོ་གྲངས་ཀྱི་ སྔ་ཆ་ལུ་བསལ་མི་ འཁོར་ལམ་དེ་ལས་ སྣུམ་འཁོར་ཆེ་བ་དང་ ཆུང་བ་༡༥༠ དེ་རེ་ ལམ་འགྲུལ་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment