གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམ་ཅན་སྡེ་ཚན་གྱིས་ མཐའ་བཅད་ནང་ལྷོད་ཡོདཔ།

༢༦/༦/༢༠༡༣   ༉ ཁ་ཙ་ དམ་ཅན་དང་ ཀེ་ཊི་སི་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་འོག་མའི་ རྩེད་འགྲན་འབད་སར་ ལྟདམོ་ལྟ་མི་ སྤྲོ་བ་ཅན་ཚུ་གིས་ ཆརཔ་རྐྱབ་རུང་ རྒྱབ་བཤུད་མ་རྐྱབ་པར་ སྡེ་ཚན་ལུ་ སེམས་ཤུགས་བསྐྱེད་དགོ་པའི་ བསླབ་བྱ་དང་ བྱང་ཕྱད་ལུ་ དམའ་ཕབ་རྐྱབ་སྟེ་ སྡོད་ཡོདཔ་ཨིན་པས།
མཐའ་བཅད་འོག་མའི་རྩེད་འགྲན་ནང་ སྤྲོ་བ་དང་ཅས་པའི་སྒོ་ལས་ ལྟདམོ་ལྟ་བའི་བའི་བསྒང་།


དེ་སྦེ་ སྤྲོ་བ་བྱུང་དགོ་མི་དེ་ཡང་ ཉིན་མ་ དམ་ཅན་གྱིས་ སྐོར་ཐེངས་༦ པའི་ནང་ སྐུགས་དང་པ་ཆོདཔ་ད་ ཀེ་ཊི་སི་གིས་ སྐུགས་གཅིག་ཡང་ ཐོབ་མ་ཚུགས་རུང་ ཕྱི་རུའི་ཆུ་ཚོད་༥ ལུ་ དམ་ཅན་གྱིས་ སྐུགས་༢ པ་ཆོད་ནིའི་དོན་ལུ་ སྐུགས་༢༡ ཐོབ་པའི་སྐབས་ སྡེ་ཚན་གཞན་མི་གིས་ སྐུགས་༡༨ ཐོབ་ཅི།
སྐོར་ཐེངས་༡༥ འི་ནང་ དམ་ཅན་ལས་ བཀག་རེག་༥ ཕོག་མི་དེ་ སྐུགས་ཆོད་མ་བཅུག་པར་ བྱང་ཕྱད་ཀྱིས་ བཀག་རེག་༥ ཕོག་སྟེ་ བཏོག་བཏང་ཡོདཔ་ད་ དམ་ཅན་གྱི་ རྩེད་འགྲན་པ་ཚུ་ལུ་ མི་སེར་བརྒྱ་ལས་བཅད་མི་ཚུ་གིས་ སྐྱོན་རྣམ་པ་སྣ་ཚོགས་བཏགས་ཏེ་ དམའ་ཕབ་རྐྱབ་ཡོདཔ་ཨིན་པས།
དམ་ཅན་གྱི་ རྩེད་འགྲན་འབད་མི་ཚུ་ལུ་ མ་དགའཝ་དང་ ངལ་མ་རངས་པར་ སྐྱོན་བརྗོད་འབདཝ་མེན་པར་ ཀེ་ཊི་སི་སྡེ་ཚན་གྱིས་ སྐུགས་༡ ཆོད་བཅུག་སྟེ་ སྡེ་ཚན་༢ ཀྱི་བར་ན་ འཕྲོ་མཐུད་རྩེད་འགྲན་ སྤྲོ་བ་ཆེ་ཏོག་ཏོ་འབྱུང་ནིའི་ཐབས་ལུ་ཨིན་ཟེར་ ལྟདམོ་ལྟ་མི་ལ་ལུ་ཅིག་གིས་ བཤད་པའི་ཁར་ དུས་ཅི་ ཀེ་ཊི་སི་སྡེ་ཚན་གྱིས་ མཐའ་བཅད་ནང་ ལྷོད་ཚུགས་པ་ཅིན་ཟེར་བའི་ཐོག་ལས་ སྐྱོན་བརྗོད་འབད་དེ་ རྒྱབ་སྐྱོར་ག་དེ་སྦེ་ར་འབད་རུང་ མཐའན་མཇུག་ལུ་ བསམ་དོན་ཚུ་ གྲུབ་མ་ཚུགས་ཟེར་ རྒྱབ་སྐྱོར་པ་ཚུ་གིས་ སླབ་ཨིན་པས།
དམ་ཅན་གྱི་སྡེ་ཚན་འགོ་ཁྲིདཔ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༢ ལུ་ གི་རིན་ཊིམ་དང་གཅིག་ཁར་ མཐའ་བཅད་རྩེད་འགྲན་འབདཝ་ད་ རྒྱལ་ཁ་ཐོབ་ཡོདཔ་ལས་ རྒྱལ་རྟགས་ཐོབ་མི་དེ་ དུས་ཅི་ཡང་ འཐོབ་ཚུགསཔ་འབད་ནིའི་ རེ་བ་སྦོམ་ཡོད་ཟེར་ཨིན་པས།
ནངས་པར་ གི་རིན་ཊིམ་དང་ ཡར་སྐྱེད་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་འོག་མའི་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment