གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡང་འཕེལ་མདའ་རྩེད་འགྲན་བསྡུར་འགོ་བཙུགས་ནི་ཨིནམ་ལས་ ལམ་ལུགས་དུམ་གྲ་ཅིག་བསྒྱུར་བཅོས་འབད་ཡོདཔ།

༢༢/༦/༢༠༡༣   ༉ དུས་ཅིའི་ལོའི་ སྤྱི་ཟླ་༧ པའི་ཚེས་༡༦ ལུ་ གཡང་འཕེལ་གྱི་ མདའ་རྩེད་འགྲན་བསྡུར་ཐེངས་༡༧ པ་ འགོ་འདྲེན་འཐབ་ནི་ཨིནམ་ལས་ ཧེ་མའི་ལམ་ལུགས་དང་འཁྲིལ་ མདའ་རྩེདཔ་ལེགས་ཤོམ་གྱི་ཐོ་བཀོད་སྒྲུབ་མི་ཚུ་གིས་ སྡེ་ཚན་ནང་ མདའ་རྩེདཔ་རེ་ལས་བརྒལ་ བཅའ་མར་ གཏོགས་མི་ཆོག་ནི་ཨིན་པས།
ད་རེས་ནངས་པ་ སྡེ་ཚན་བཟོ་མི་ཚུ་གིས་ ཧེ་མ་ གཡང་འཕེལ་ནང་ རྩེད་འགྲན་འབད་མི་ མདའ་རྩེད་ལེགས་ཤོམ་གྱི་ ཐོ་བཀོད་འབད་ཡོད་མེད་ཀྱི་ དབྱེ་ཞིབ་འབད་དེ་ མིང་ཐོ་བཀོད་དགོཔ་ཨིན་པས།



སྤྱིར་བཏང་ གཡང་འཕེལ་མདའ་རྩེད་ལམ་ལུགས་ནང་ མདའ་རྩེད་ལེགས་ཤོམ་གྱི་ གྲངས་སུ་ཚུད་དགོ་པ་ཅིན་ ལིག་སྐོར་ཐེངས་༤༥ ནང་ བཀག་རེག་ ཚད་གཞི་བཟོ་ཡོད་མི་ལས་བརྒལ་ཕོག་མི་ཚུ་ ཐོ་བཀོད་འབདཝ་ཨིན་རུང་ ལིག་སྐོར་༤༥ མཇུག་བསྡུ་སྟེ་ ནོག་ཨུཊ་འགོ་བཙུགས་པའི་བསྒང་ལས་ བཀག་རེག་ཚུ་ བརྩི་འཇོག་འབད་ནི་མེདཔ་ཨིན་པས།
ཨིན་རུང་ ན་ཧིང་ལས་འགོ་བཙུགས་ ལིག་སྐོར་ཐེངས་༤༥ ལས་ མཐའ་བཅད་རྩེད་འགྲན་འབད་མི་ཚུན་ བཀག་རེག་ཕོག་མི་ཚུ་ཡང་ ཐོ་བཀོད་འབད་བཞག་སྟེ་ བརྒྱ་ཆ་གུ་རྩིས་ཕབ་སྟེ་ མདའ་རྩེདཔ་ལེགས་ཤོམ་གྱི་གྲངས་སུ་ ཐོ་བཀོད་འབད་ཡོད་མི་ཚུ་ སྡེ་ཚན་བཟོ་མི་ཚུ་ལུ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།
གཡང་འཕེལ་མདའ་རྩེད་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཚེ་དབང་རིན་ཆེན་གྱིས་ སླབ་མི་དང་འཁྲིལཝ་ད་ ཧེ་མ་ལས་ར་ ལིག་སྐོར་ཐེངས་ནང་ བཀག་རེག་༢༠ ལས་ལྷག་སྟེ་ རྐྱབ་མི་ཚུ་ མདའ་རྩེདཔ་ལེགས་ཤོམ་གྱི་གྲངས་སུ་ ཐོ་བཀོད་འབད་ཡི་ཟེར་ཨིན་པས།
ལམ་ལུགས་བསྒྱུར་བཅོས་འབད་དགོ་མི་དེ་ ལིག་སྐོར་ཐེངས་༢ ཚུན་ མདའ་རྩེདཔ་ཚུ་གིས་ བཀག་རེག་རྐྱབ་མ་བཏུབ་པར་སྡོད་དེ་ མཐའ་བཅད་ཆུང་བ་ལས་འགོ་བཙུགས་ བཀག་རེག་རྐྱབ་དོ་ཡོདཔ་ལས་ དཀའ་ངལ་བསལ་ཐབས་ལུ་ བཀག་རེག་ཡོངས་བསྡོམས་བཏོན་ཐོག་ལས་ མདའ་རྩེདཔ་ལེགས་ཤོམ་གྱི་ གྲངས་སུ་བཙུགསཔ་ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༡༢ ལུ་ སྐོར་ཐེངས་༡༥ པའི་ནང་ མདའ་༣༠ གིས་ བཀག་རེག་༡༤.༨ རྐྱབ་མི་དེ་ ཉིནམ་གཅིག་གི་ བཀག་རེག་མཐོ་ཤོས་ཕོག་མི་དེ་འཇིགས་མེད་དང་ མདའ་རྩེདཔ་དྲགོས་དེ་ ཚེ་དབང་རྡོ་རྗེ་གིས་ ཐོན་ཡོདཔ་ད་ སྤྱིར་སྙོམས་ མདའ་རྩེཔ་ཚུ་གིས་ བརྒྱ་ཆ་༡༥ གིས་ བཀག་རེག་ཕོག་དོ་ཡོདཔ་ལས་ སྐོར་ཐེངས་༤༥ འི་ནང་ མདའ་༡༥༠ རྐྱབ་མི་དེ་གིས་ བཀག་རེག་༢༡ རེ་ ཕོག་ནུག་ཟེར་ འགོ་འདྲེན་འཐབ་མི་ཚུ་གིས་ སླབ་ཨིན་པས།
ཐེངས་༡༦ པའི་ནང་ མདའ་རྩེད་འགྲན་བསྡུར་ནང་ལས་ མདའ་རྩེདཔ་ལེགས་ཤོམ་གྱི་གྲངས་སུ་ བཀག་རེག་༧ ལས་ཡར་བཅད་ཕོག་མི་ཚུད་ཡོདཔ་ད་ ཁོང་མདའ་རྩེདཔ་༡༦༢ ཐོ་བཀོད་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༡༦ ལས་ རྫོང་ཁག་༩ ངོས་འཛིན་འབད་དེ་ཡོད་མི་ ས་ཁོངས་ཚུ་ནང་ ལིག་རྩེད་འགྲན་འགོ་འདྲེན་འཐབ་ནི་ཨིནམ་ད་ ནོག་ཨའུཊ་ལས་འགོ་བཙུགས་ མཐའ་བཅད་འགྲན་བསྡུར་དེ་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་རྩེད་འགྲན་འབད་ནི་ཨིནམ་བཞིན་དུ་ མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༨ པའི་ཚེས་༣༡ ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།

No comments:

Post a Comment