གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདེམས་ངོ་གཉིས་ཆ་ར་ རྒྱལ་ཁ་འཐོབ་ནི་གི་ བློ་སྟོབས་སྒྲིང་སྒྲིང་ཡོདཔ།

༢༢/༦/༢༠༡༣   ༉ བསམ་རྩེ་རྫོང་ཁག་གི་ འདེམས་ངོ་གཉིས་ཀྱིས་ མི་མང་རྩོད་བསྡུར་ཅིག་ནང་ ཁས་བླངས་གསལ་བསྒྲགས་འབད་བའི་སྐབས་ ཁོང་གཉིས་ཆ་ར་ བློ་སྟོབས་དང་ ཞི་འཇམ་ བག་ལྷོད་ཐོག་ལུ་སྡོད་པའི་ མཐོང་སྣང་བྱུངམ་ཨིན་རུང་ རྡོ་ཕུག་ཅན་-རྟ་སྡིངས་འདེམས་ཁོངས་ཀྱི་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ ཚོགས་རྒྱན་གྱི་ཉིན་མར་ འདེམས་ངོའི་གདོང་དང་ ཡང་ཅིན་ ཡོངས་གྲགས་ཡོད་མི་ལུ་ལྟ་སྟེ་ ཚོགས་རྒྱན་བཙུགས་དགོཔ་ འཐོན་ནི་ཨིན་པས།
རྡོ་ཕུག་ཅན་-རྟ་སྡིངས་འདེམས་ཁོངས་ཀྱི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཊེག་བྷ་དུར་སུ་བྷ་དང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཋ་ཀུར་སིང་ པའུ་ཌེལ།


སྤྱི་ཟླ་༦ པའི་ཚེས་༢༠ ལུ་འབད་མི་ མི་མང་རྩོད་བསྡུར་དེ་ སློབ་དཔོན་ཅིག་དང་ སློབ་ཕྲུག་ཅིག་གི་བར་ན་ རྩོད་འགྲན་འབད་དོ་བཟུམ་མའི་ མཐོང་སྣང་བྱུང་མི་དེ་ཡང་ སློབ་ཕྲུག་དེ་གིས་ སློབ་གྲྭའི་ལམ་ལུགས་ཀྱི་ སྐྱོན་ཚུ་གི་སྐོར་ལས་ གསལ་བཤད་འབདཝ་བཞིན་དུ་ སློབ་དཔོན་གྱིས་ སློབ་གྲྭའི་གཞི་རྩ་ཚུ་ལུ་ རྒྱབ་སྲུང་འབད་ཡོདཔ་ཨིན་པས།
དེ་ཡང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༥༥ ལང་མི་ ཤེས་རིག་བློན་པོ་བགྲེསཔ་ ཋ་ཀུར་སིང་ པའུ་ཌེལ་གྱིས་ ཁོ་རའི་སྲིད་ཚོགས་ཀྱི་ རྒྱབ་སྣོན་འབདཝ་དང་འབྲེལ་ ཚོགས་པའི་ཁས་བླངས་ཚུ་ ཁོ་གིས་ མཁོ་སྤྲོད་འབད་མི་མ་རྩིས་བར་ ཚོགས་པ་གིས་ ལོ་ངོ་བཅུ་ཕྲག་ལེ་ཤ་ཅིག་ནང་ འབད་མ་ཚུགས་མི་ཚུ་ ལོ་༥ ནང་ གྲུབ་ཡོདཔ་སྦེ་ གསལ་བཤད་འབད་ནུག།
ཁོ་གི་དོ་འགྲན་པ་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་དེ་ ཋ་ཀུར་སིང་ པའུ་ཌེལ་གྱི་ སློབ་ཕྲུག་ཡང་ཨིན་མི་ སྐྱེས་ལོ་༤༦ ལང་མི་ ཊེག་བྷ་དུར་སུ་བྷ་གིས་ མི་སེར་ཚུ་ལུ་ ཁས་བླངས་ནན་བསྐྱར་འབད་མི་དེ་ ཧེ་མའི་ གཞུང་གིས་ གྲུབ་མ་ཚུགས་མི་ལུ་བརྟེན་ཨིན་ཟེར་ སླབ་ཡོདཔ་ཨིན་པས།
གྲོང་གསེབ་མི་སེར་ཚུ་གི་དོན་ལུ་ གདོང་གསརཔ་ཅིག་མེན་མི་ ཋ་ཀུར་སིང་ པའུ་ཌེལ་གྱིས་ དོགས་སེལ་འབད་མིའི་ནང་ ཁོ་ར་གིས་གཙོས་པའི་ བློན་པོ་བགྲེསཔ་ཚུ་གིས་ ས་ཆ་དབང་ཚད་ལོག་སྤྱོད་འབད་ཡོད་པའི་ འཐོར་གཏམ་ཁྱབ་སྤེལ་དང་ ཁ་ཉེས་བཀལ་མི་ཚུ་ རྩ་ལས་ར་ མི་བདེན་ཟེར་ཨིན་པས།
དེ་ཡང་ ཁོ་གི་དོ་འགྲན་པ་གིས་ ཤེས་རིག་གྲོང་ཁྱེར་གྱི་ སློབ་དཔོན་དང་ མཁས་མཆོག་ སློབ་ཕྲུག་ཚུ་ རྒྱལ་ཁབ་ཀྱི་ ཕྱི་ཁ་ལས་འོངམ་ད་ དེ་གིས་ འབྲུག་མི་ཚུ་ལུ་ ག་དེ་སྦེ་ ཕན་ཐོགས་ཚུགས་ནི་ཨིན་ན་ཟེར་ དྲི་བའི་ལན་ལུ་ ཋ་ཀུར་སིང་གིས་ དོགས་སེལ་འབད་མིའི་ནང་ ཁོང་གི་ ཁ་ཐུག་ལས་ ས་ཆ་མཁོ་སྒྲུབ་འབད་འབདཝ་ག་ནི་ཡང་མེད་རུང་ ཤེས་རིག་དེ་ དྲག་ཤོས་ཅིག་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་ཡོདཔ་ལས་ ཁྱོད་ར་ སེམས་དགའ་དགོ་ཟེར་ཨིན་པས།
རྫོང་ཁ་སླབ་ནི་ལུ་ ཋ་ཀུར་སིང་ལས་དྲག་མི་ ཊེག་བྷ་དུར་གྱིས་ ལན་སླབ་མིའི་ནང་ མི་སེར་དམངས་གཙོ་ཚོགས་པ་གིས་ འཆར་དངུལ་ཚུ་ མཐའ་ཟུར་ས་གནས་ཚུ་ནང་ བགོ་བཀྲམ་འདྲ་མཉམ་འབད་ནི་ཨིནམ་ལས་ རྒྱལ་ཁབ་ནང་ དཔལ་འབྱོར་གྱི་ དཀའ་ངལ་འབྱུང་མི་བཅུག་ནི་གི་ ཁས་བླངས་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རིས་ འཆར་དངུལ་བརྒྱ་ཆ་༤༠ རྐྱངམ་གཅིག་ ས་གནས་གཞུང་ནང་ གཏང་དོ་ཡོདཔ་ལས་ ལྷག་ལུས་ག་ར་ ཁྲོམ་སྡེ་ཚུ་ནང་  ལུསཔ་ཨིན་ཟེར་ ཁོ་གིས་ བཤད་པའི་ཁར་ གལ་སྲིད་ ང་བཅས་ཀྱིས་ ལམ་ལུགས་འདི་ བསྒྱུར་བཅོས་རྐྱབ་ཚུགས་པ་ཅིན་ གྲོང་གསེབ་ཚུ་ གོང་འཕེལ་གཏང་ནི་ལུ་ གཙོ་བོར་བཏོན་ཚུགས་ཟེར་ སླབ་ཨིན་པས།
ཊེག་བྷ་དུར་དེ་ སློབ་གྲྭའི་དབུ་འཛིན་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ མི་སེར་ཚུ་དང་ ལོ་ངོ་བཅུ་ཕྲག་ལེ་ཤ་གི་རིང་ སྡོད་ཡོདཔ་ལས་ ཚོགས་རྒྱན་བཙུགས་མི་ལེ་ཤ་ཅིག་གིས་ ངོ་ཤེས་དོ་ཡོདཔ་ཨིན་པས།
ཀྲོང་གསར་གི་ རྫོང་ཁག་ཤེས་རིག་འགོ་དཔོན་བགྲེསཔ་ཅིག་ཨིན་མི་ ཊེག་བྷ་དུར་གྱིས་ ཤེས་རིག་ལམ་ལུགས་དེ་ སྐྱོ་དྲགས་སྦེ་ར་ཡོད་པའི་སྐོར་ ལོ་རྒྱུས་སླབ་པའི་སྐབས་ རྩོད་བསྡུར་རྩུབ་དྲགས་ཅན་ཅིག་ལུ་ གྱུར་ཡོདཔ་ད་ ཤེས་རིག་བློན་པོ་བགྲེསཔ་གིས་འབད་བ་ཅིན་ ཁོ་གི་ དོ་འགྲན་པ་གིས་ སླབ་མི་བཟུམ་མིན་པར་ ཤེས་རིག་གནས་སྟངས་དེ་ སྐྱོ་དྲགས་སྦེ་ར་མེད་ཟེར་ཨིན་པས།
ཁྱོད་དབུ་འཛིན་དང་ རྫོང་ཁག་ཤེས་རིག་འགོ་དཔོན་སྦེ་ ཕྱག་ཞུ་མི་ཅིག་ཨིནམ་ལས་ ཤེས་རིག་ལམ་ལུགས་ལེགས་ཤོམ་བཟོ་ནིའི་དོན་ལུ་ ཁྱོད་ཀྱིས་ ག་ཅི་སྦེ་ ལཱ་རྩ་འགེངས་མ་འབདཝ་སྨོ་ཟེར་ ཋ་ཀུར་གྱིས་ དྲི་བ་བཀོད་ཡོདཔ་ཨིན་པས།
ད་རིས་ལས་ འདེམས་ངོ་གཉིས་ཆ་ར་གིས་ སྤྱིར་བཏང་གྲོས་འཛོམས་ འགོ་བཙུགས་དགོཔ་ཅིག་ཨིན་རུང་ འགོ་འདྲེན་འཐབ་མ་དགོཔ་སྦེ་ བཙག་འཐུའི་ངོས་ལེན་འགོ་དཔོན་ལུ་ མི་ངོམ་སོ་སོ་སྦེ་ ཞུ་ཡིག་བཙུགས་ཡོདཔ་ད་ དེ་ཡང་ ཁོང་གིས་ གྲོས་འཛོམས་དེ་ རྫོང་ཁ་དང་ ལྷོ་མཚམས་པའི་ ཁ་སྐད་ནང་ འབད་ནི་གི་ གྲོས་འཆར་བཀོད་མི་ལུ་ ངོས་ལེན་འབད་མ་བཏུབ་ནི་དེ་གིས་ཨིན་པས།
སྤྱིར་བཏང་གྲོས་འཛོམས་བཤོལ་བཞག་འབད་མི་དེ་གིས་ འདེམས་ངོ་གཉིས་ཆ་ར་ལུ་ ཚ་གྱང་ལང་དགོཔ་ མ་བྱུང་མི་དེ་ཡང་ འགོ་ཐོག་བཙག་འཐུའི་སྐབས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་མངམ་ཐོབ་ཡོད་རུང་ སྤྱིར་བཏང་བཙག་འཐུ་ནང་ འདེམས་ངོ་གཉིས་ཆ་ར་ལུ་ རྒྱལ་ཁ་འཐོབ་ནི་གི་ བློ་སྟོབས་ཡོདཔ་ཨིན་པས།
ཁོང་གིས་འབད་བ་ཅིན་ ཐག་རིང་གི་ རྒེད་འོག་ལྟེ་བ་ཚུ་ནང་ ལམ་འགྱོ་དགོཔ་ད་ དཀའ་སྡུག་སྦོམ་ཡོད་རུང་ ཁྱིམ་སྒོ་བཤལ་ཏེ་ བསྐུལ་བསྒྲགས་འབད་ནི་ལུ་ བྱ་སྟབས་བདེ་བས་ཟེར་ཨིན་པས།
གལ་སྲིད་ ཚོགས་རྒྱན་བཙུགས་མི་ཚུ་གིས་ འདེམས་ངོ་ལུ་ལྟ་སྟེ་ ཚོགས་རྒྱན་བཙུགས་པ་ཅིན་ བློ་འཇམ་ཏོང་ཏོ་སྦེ་སླབ་མི་ ཋ་ཀུར་སིང་ པའུ་ཌེལ་གྱིས་ རྒྱལ་ཁ་ཐོབ་ནི་བཟུམ་ཡོདཔ་ད་ གལ་སྲིད་ གཞུང་གསརཔ་ལུ་ གདམ་ཁ་རྐྱབ་པ་ཅིན་ ཊེག་བྷ་དུར་སི་བྷ་དེ་ སྤྱི་ཚོགས་ནང་ ལྷོད་ནི་གི་ གོ་སྐབས་ཡོདཔ་ཨིན་པས།
བརྒྱུད་འཕྲིན་ཐོག་ལས་ དྲི་བ་དྲིས་ལན་འབདཝ་ད་ ཋ་ཀུར་སིང་ པའུ་ཌེལ་གྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཁོ་གི་ ཁ་ཐུག་ལས་ སྤྱིར་བཏང་གྲོས་འཛོམས་བཤོལ་བཞག་འབད་ནི་གི་ ཐག་བཏོག་དགོ་མི་དེ་ཡང་ མི་སེར་སོ་ནམ་པ་ཚུ་ ལྕང་ལཱ་རྐྱབ་ནི་གི་ དུས་ཚོད་དང་ ཁ་ཐུག་རྐྱབ་ནི་དེ་གིས་ཨིན་ཟེར་ཨིནམ་ད་ ང་བཅས་ཀྱིས་ གྲོས་འཛོམས་འགོ་འདྲེན་འཐབ་པ་ཅིན་ མི་སེར་ཚུ་ལུ་ སྟབས་མ་བདེཝ་ལེ་ཤ་བྱུང་ས་ མཐོང་ཅི་ཟེར་ ཋ་ཀུར་གྱིས་ སླབ་པའི་ཁར་ གྲོས་འཛོམས་དེ་གིས་ མི་སེར་ཚུ་ལུ་ མགུ་འཐོམ་བཅུག་དོ་ཡོདཔ་ལས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱིར་བཏང་གྲོས་འཛོམས་དེ་ ངེས་པར་དུ་ འགོ་འདྲེན་འཐབ་དགོཔ་དང་ ཡང་ཅིན་ རྩ་ལས་མེདཔ་སྦེ་ བཟོ་དགོཔ་འདུག་ཟེར་ སླབ་ཨིན་པས།
ཁོ་གིས་ འདས་པའི་ལོ་༥ གི་རིང་ལུ་ འདེམས་ཁོངས་ནང་ ཞིང་ལམ་དང་ སྨན་ཁང་འབྲིང་མ་ ཟམ་ལ་སོགས་པའི་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ཡོདཔ་མ་ཚད་ སློབ་གྲྭ་ཚུ་ ཡར་སེང་རྐྱབ་མི་ལུ་བརྟེན་ མི་སེར་ཚུ་ལས་ ཡིད་ཆེས་ངལ་རངས་དང་ རྒྱབ་སྐྱོར་ལེགས་ཤོམ་ཡོད་ནི་དེ་གིས་ གྲོས་འཛོམས་བཤོལ་བཞག་འབད་མི་གིས་ ཚོགས་རྒྱན་ཚུ་ལུ་ གནོད་པ་འབྱུང་ནི་བཟུམ་ཅིག་མེདཔ་ཨིན་པས།
ཊེག་བྷ་དུར་སུ་བྷ་གིས་འབད་བ་ཅིན་ སྤྱིར་བཏང་གྲོས་འཛོམས་འབད་སྡོད་པ་ཅིན་ ཚོགས་རྒྱན་སྐྱུར་མི་ཚུ་ལས་ རྒྱབ་སྐྱོར་འཚོལ་ནི་གི་ དུས་ཚོད་གངམ་མི་འཐོབ་ནི་ཨིནམ་ལས་ གྲོས་འཛོམས་མི་འབད་ནི་སྦེ་ ཐག་བཅད་ཅི་ཟེར་ཨིནམ་ད་ གནད་དོན་གཉིས་པ་དེ་ ཁ་སྐད་ཀྱི་ དཀའ་ངལ་ལུ་བརྟེན་ཨིན་པའི་ཁར་ གྲོས་འཛོམས་ནང་ ཁྱིམ་གུང་རེ་ལས་ འཐུས་མི་ཕུད་རྡོག་རེ་ལས་བརྒལ་ བཅའ་མར་གཏོགས་ནི་མེད་ནི་དེ་གིས་ཨིན་ཟེར་ཨིན་པས།
ཁོ་ར་ ལོ་བསྟར་བཞིན་དུ་ རྒེད་འོག་ནང་འོང་སྟེ་ མི་སེར་ཚུ་དང་ འབྲེལ་བ་འཐབ་སྡོད་མི་ཅིག་ཨིནམ་ལས་ མི་མང་ཤོས་ཅིག་གིས་ ངོ་ཤེས་དོ་ཡོདཔ་མ་ཚད་ ཤར་ཕྱོགས་པའི་ཁ་སྐད་ ཐོགས་ཆགས་མེད་པར་ ཤེས་ནི་དེ་གིས་ གོ་སྐབས་ལེགས་ཤོམ་ཡོདཔ་ཨིན་པས།
རྡོ་ཕུག་ཅན་-རྟ་སྡིངས་འདེམས་ཁོངས་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་༡༢,༠༣༣ དང་ ཚོགས་རྒྱན་ས་ཁོངས་༡༩ ཡོདཔ་ད་ རྡོ་རོ་ཁ་རྒེད་འོག་ནང་ ཚོགས་རྒྱན་སྐྱུར་མི་༤,༣༦༦ ཡོད་མི་དེ་ མཐོ་ཤོས་ཅིག་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment