གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྡེ་ཚན་དབང་བཙོང་འབད་མི་ཚུ་ དོ་དམ་འོག་ལས་བཏང་ཡོདཔ།

༢༩/༦/༢༠༡༣   ༉ ཧཱ་རྫོང་ཁག་ནང་ སྐྱེས་ལོ་༣༧ ལང་མི་ ཨམ་སྲུ་ཅིག་ལུ་ ཕོ་སྐྱེས་༣ མཉམ་བསྡོམས་ཐོག་ལས་ ལུས་འབྲེལ་འབད་མི་ལུ་བརྟེན་ སྤྱི་ཟླ་༦ པའི་ཚེས་༡༧ ལུ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་བཙུགས་ཡོད་མི་དེ་ སྤྱི་ཟླ་༦ པའི་ཚེས་༢༧ ལུ་ ཁྲིམས་འདུན་གྱིས་ སྙན་གསན་འགོ་དང་པ་ འབད་བའི་ཤུལ་ལས་ གནས་སྐབས་ཅིག་ དོ་དམ་འོག་ལུ་ སྡོད་མ་དགོ་པར་ རྒྱབ་མི་བཙུགས་ཏེ་ བཏང་ཡོདཔ་ཨིན་པས།


བྱ་ངན་དེ་ བ་ལམ་ཟམ་གྱི་ སྦོ་ལོགས་ཁར་ སྤྱི་ཟླ་༦ པའི་ཚེས་༨ ལུ་ འབད་ཡོདཔ་ད་ དེ་ཚེ་ཕྱི་རུའི་ཆུ་ཚོད་༧ དེ་གཅིག་ཁར་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ བྱ་ངན་འབད་མི་ཚུ་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ གནད་དོན་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ རྫོང་ཁག་ཁྲིམས་འདུན་ནང་ སྐྱེལ་ཡི་ཟེར་ཨིན་པས།
དོགས་ཅན་ཕོ་སྐྱེས་༣ པོ་དེ་ སྐྱེས་ལོ་༢༧ འབད་མི་གཉིས་དང་ གཅིག་ སྐྱེས་ལོ་༢༩ ཨིནམ་ད་ ཁོ་༣ པོ་ཆ་ར་ སྤ་རོ་རྗོག་ཁག་ ན་རྒྱ་རྒེད་འོག་ལས་ཨིན་པས།
ཨ་ལུ་༣ གྱི་ ཨའི་ཨིན་མི་ ཉམས་རྒུདཔ་དེ་ ཧཱ་ས་དམར་རྒེད་འོག་ལས་ཨིནམ་ད་ དོགས་ཅན་ཚུ་ཡང་ མོ་རའི་རྨགཔ་བགྲེསཔ་གི་ ཆ་རོགས་ཚུ་ཨིན་པས།
ཁྲིམས་འདུན་ལས་ གནས་ཚུལ་བཤད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཉེས་ཅན་༣ གྱི་ཕམ་ཚུ་འོང་ཞིནམ་ལས་ རྒྱབ་མི་བཙུགས་ཐོག་ལས་ ཁྲིམས་ཁང་ནང་ལས་ གནས་སྐབས་ཅིག་ དོ་དམ་འོག་ལས་ བཏང་ཡོདཔ་ཨིན་རུང་ སྤྱི་ཟླ་༧ པའི་ཚེས་༨ ལུ་ སྙན་གསན་གཉིས་པའི་དོན་ལས་ འོང་དགོཔ་ཨིན་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ཁྲིམས་འདུན་གྱི་ བྱ་སྒོའི་ལམ་ལུགས་ཚུ་དང་མ་འཁྲིལ་བར་ དོ་དམ་འོག་ལུ་ཡོད་མི་ དོགས་ཅན་ཚུ་ ཁྲིམས་འདུན་ལས་ བཏང་མ་ཆོགཔ་ཨིན་ཟེར་ གནས་ཚུལ་བཤད་མི་གིས་ སླབ་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༡༡ ལུ་ ཞི་རྩོད་དང་ ཉེས་རྩོད་ བྱ་བའི་གནས་སྤྱོད་ ཆ་འཇོག་འབད་ཞིནམ་ལས་ཚུར་ ཉེས་ཆེན་དབྱེ་རིམ་༥ པ་དང་ དེ་ལས་ ཉུང་མི་ཚུ་ ཁག་ལེན་འབད་མི་རྒྱབ་མི་ བཙུགས་ཐོག་ལས་ ཁྲིམས་འདུན་ལས་ ངལ་གསོ་ཞུ་སྟེ་ འགྱོ་ཆོགཔ་ཨིན་ཟེར་ཨིན་པས།
ཉམས་རྒུདཔ་ ཨམ་སྲུ་དེ་ བ་ལམ་ཟམ་གྱི་སྦོ་ལོགས་ཁར་ བྱེམ་ལེན་པ་འགྱོ་ནི་སྦེ་ཨིནམ་ལས་ ཧེ་མ་ཐེངས་ཅིག་ མོ་རའི་ ཆ་རོགས་སྣུམ་འཁོར་ཡོད་མི་ཅིག་གིས་ ལེན་བྱིནམ་ཡོདཔ་ལས་བརྟེན་ དེ་ཚེ་ཡང་ ཁོ་ལུ་ བྱེམ་ལེན་གནང་ཟེར་ སླབ་ཡོདཔ་བཞིན་དུ་ དེ་བསྒང་ རྨགཔ་དེ་ ཆང་གིས་ བགྲངས་སོཔ་ལས་ ཁོ་གི་ ཆ་རོགས་༣ ཡོད་མི་དེ་ མོ་དང་ གཅིག་ཁར་ བྱེམ་ལེན་པ་ བཏང་ཡོདཔ་ཨིན་པས།
དེ་བསྒང་ ཕོ་སྐྱེས་༣ ཆ་ར་ ཆང་གིས་བགྲངས་ཏེ་ ཉམས་རྒུདཔ་ ཨམ་སྲུ་དེ་ལུ་ཡང་ ཆང་བྱིན་ཞིནམ་ལས་ དབང་བཙོང་ལུས་འབྲེལ་འབད་ཡོདཔ་ཨིན་པས།
གསོ་བའི་བརྟག་དཔྱད་དང་འཁྲིལཝ་ད་ ལུས་འབྲེལ་འབད་ཡོདཔ་ ངེས་བདེན་ཨིནམ་སྦེ་ བཤདཔ་མ་ཚད་ དོགས་ཅན་ཕོ་སྐྱེས་༣ གྱིས་ཡང་ ཉེས་པ་འབད་ཡོདཔ་སྦེ་ ཁ་བཟེད་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment