གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེལ་འདྲེན་ཞབས་ཏོག་གསརཔ་ལུ་བརྟེན་ ཆུ་གཟར་སྒང་རྒེད་འོག་གི་ མི་སེར་ཚུ་ སེམས་དགའ་ཡོདཔ།

༢༤/༦/༢༠༡༣   ༉ འདས་པའི་བདུན་ཕྲག་ནང་ ཆུ་གཟར་སྒང་རྒེད་འོག་གི་དོན་ལུ་ སྣུམ་འཁོར་ཊཱག་ཅིག་ མི་མང་སྐྱེལ་འདྲེན་ཞབས་ཏོག་སྦེ་ འགོ་བཙུགས་མི་ལུ་བརྟེན་ མི་སེར་ཚུ་ སེམས་དགའ་སྟེ་ཡོདཔ་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ ཞབས་ཏོག་གསརཔ་དེ་གིས་ མའུ་ཁོ་ལ་གཙང་ཆུ་གུ་ལས་ ཉེན་ཁ་འབག་སྟེ་ བརྒལ་དགོ་པའི་ཁར་ གླ་འཁོར་ཚུ་ནང་ གླ་འཐུས་སྦོམ་སྤྲོད་དེ་ བྱ་ཐབས་མེད་པར་ འགྲོ་འགྲུལ་འབད་དགོ་པའི་ དཀའ་ངལ་ཚུ་ སེལ་ཡི་ཟེར་ཨིན་པས།

གཡུས་མི་ཚུ་གིས་ སྣུམ་འཁོར་ནང་འཛུལ་བའི་བསྒང་།


སྐྱེལ་འདྲེན་དེ་ ཉིན་བསྟར་བཞིན་དུ་ ཨ་རྟག་ར་ དྲོ་པའི་ཆུ་ཚོད་༨ ལུ་ རྒེད་འོག་ལྟེ་བ་ལས་ འགོ་བཙུགས་པའི་ཤུལ་ལས་ ལམ་བདའ་སྟེ་ སྒུག་ཡོད་མི་ འགྲུལ་པ་ཚུ་ འཐུ་འབག་ཞིནམ་ལས་ དགེ་ལེགས་ཕུག་ སྐྱེལ་འདྲེན་བཱསི་བཞག་སའི་ ས་ཁོངས་ནང་ བསྐྱལ་བྱིནམ་ཨིན་པས།
དེ་བཟུམ་སྦེ་ ཕྱི་རུའི་ཆུ་ཚོད་༣ ལུ་ འགྲུལ་པ་ཚུ་ལོག་སྟེ་ རྒེད་འོག་ལྟེ་བ་ཚུན་ སྐྱེལ་འདྲེན་འབད་དོ་ཡོདཔ་ད་ རྒྱུན་འགྲུལ་འཐབ་ནི་ལུ་ ཕྱོགས་གཅིག་ལས་འགྱོཝ་ད་ དུས་ཡུན་ཆུ་ཚོད་༢ དེ་ཅིག་ འགོར་དོ་ཡོདཔ་ཨིན་པས།
གླ་འཐུས་དེ་ཡང་ འགྲུལ་པ་རེ་རེ་ལས་ ལམ་ཕྱོགས་གཅིག་ལུ་ དངུལ་ཀྲམ་༥༠ རེ་ལེན་དོ་ཡོདཔ་ཨིན་པས།
ཆུ་གཟར་སྒང་སྤང་ཟོར་གཡུས་ཚན་ནང་ལས་ སྐྱེས་ལོ་༥༦ ལང་མི་ དབང་འདུས་ཀྱིས་ སླབ་མིའི་ནང་ སྐྱེལ་འདྲེན་དེ་ སྟབས་བདེ་ཏོག་ཏོ་ཡོད་པའི་ཁར་ གླ་འཐུས་ཀྱི་ ཐད་ལུ་ཡང་ འོས་འབབ་དང་ ལྡན་ཏོག་ཏོ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒེད་འོག་ནང་ལས་ དགེ་ལེགས་ཕུག་ཁྲོམ་ཁར་ འགྱོ་དགོ་པ་ཅིན་ གླ་འཁོར་གྱི་ གླ་འཐུས་དེ་ ལམ་ཕྱོགས་གཅིག་ལུ་ དངུལ་ཀྲམ་༡༥༠ རེ་སྤྲོད་དགོ་ཟེར་ཨིནམ་ད་ ཁོ་ར་ བདུན་ཕྲག་རེ་ནང་ ཚར་༡ དང་༣ གྱི་བར་ན་ ཁྲོམ་ཁར་འགྱོ་དགོཔ་ ཐོན་མི་ལུ་བརྟེན་ ཟད་འགྲོའི་དཀའ་ངལ་བྱུང་ཡོད་རུང་ ད་ལས་ཕར་ ཚ་གྱང་ལང་དགོཔ་མེད་ཟེར་ སླབ་ཨིན་པས།
སྤང་ཟོར་གཡུས་ཚན་ནང་ལས་ སངས་རྒྱས་ལྷ་མོ་གིས་ཡང་ ཞབས་ཏོག་དེ་ མི་ཉམ་ཆུང་ཚུ་གི་དོན་ལུ་ ཕན་སྦོམ་སྦེ་ར་ཐོགསཔ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ མི་མང་སྐྱེལ་འདྲེན་ཞབས་ཏོག་དེ་གིས་ ཉེ་འདབས་ཀྱི་ས་གནས་ ཨུམ་གླིང་དང་ གསེར་གཞོང་རྒེད་འོག་གི་ མི་སེར་ཚུ་ལུ་ཡང་ ཕན་ཐོགས་ཡོདཔ་ཨིན་པས།
ཨུམ་གླིང་ལས་ སྐྱེས་ལོ་༦༡ ལང་མི་ ཐུགས་རྟེན་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ཞབས་ཏོག་དེ་གིས་ འཕྲལ་འཕྲལ་ར་ རྒེད་འོག་གི་དོན་ལུ་ ཤོང་ཚད་༢༠ འབད་མི་ སྣུམ་འཁོར་ཊ་ཊ་ཊཱག་ཆུང་ཀུ་ནང་ མ་ཤོང་པར་ ལུས་པའི་སྐབས་ སྐྱེལ་འདྲེན་དེ་ལུ་བརྟེན་ ཕན་ཐོགས་བྱུངམ་མས་ཟེར་ཨིན་པས།
ཞབས་ཏོག་དེ་ ཆུ་གཟར་སྒང་རྒེད་འོག་ནང་ལས་ཨིན་མི་ སངས་རྒྱས་དང་ བཀྲ་ཤིས་སྒང་ལས་ ཁོ་རའི་ཆ་རོགས་ ཡེ་ཤེས་རྡོ་རྗེ་༢ ཀྱིས་ མཉམ་འབྲེལ་ཐོག་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡.༦ བཏང་སྟེ་ སྤྱི་ཟླ་༦ པའི་ཚེས་༡༥ ལུ་ འགོ་བཙུགས་ཡོདཔ་ཨིན་པས།
ཇོ་བདག་ཡེ་ཤེས་རྡོ་རྗེ་གིས་ སླབ་མིའི་ནང་ ཞབས་ཏོག་འགོ་བཙུགས་ཞིནམ་ལས་ ད་ཚུན་ལུ་ ཚར་གཅིག་ཡང་ སྟོངམ་མ་ལུས་པའི་ཁར་ མི་ཚུ་ག་ཐོབ་རྐྱབ་མི་ལུ་བརྟེན་ འཕྲལ་འཕྲལ་ཤོང་ཚད་ལས་ བརྒལ་ནི་དེ་གིས་ འགྲུལ་པ་བཏོན་བཞག་དགོཔ་ ཐོནམ་མས་ཟེར་ཨིན་པས།
ཞབས་ཏོག་དེ་ཡང་ མི་སེར་ཚུ་གིས་ དགོ་མཁོའི་གནད་དོན་ཚུ་ རྒེད་འོག་ལྟེ་བ་ལུ་ བཙུགས་པའི་ཤུལ་ལས་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ གནང་བ་དང་འཁྲིལ་ འགོ་བཙུགས་ཡོད་པའི་གནས་ཚུལ།

དགེ་ལེགས་ཕུ་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment