གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམ་ཐང་གི་ འདེམས་ངོ་ཆ་མཉམ་ལུ་ དོ་འགྲན་སྒྲིང་སྒྲིང་འོང་ནི།

༢༢/༦/༢༠༡༣   ༉ བུམ་ཐང་ལུ་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ཚུ་གིས་ མི་སྡེ་ལུ་ གཞི་བཞག་པའི་ ཁས་བླངས་ཚུ་འབད་དོ་ཡོདཔ་ཨིན་རུང་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ཚུ་གིས་ སྤྱིར་བཏང་ཚོགས་པའི་ ཁས་བླངས་ཚུ་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས།


མི་སེར་དམངས་གཙོ་ཚོགས་པའི་ ཆུ་སྨད་-ཨུ་ར་འདེམས་ཁོངས་ཀྱི་ འདེམས་ངོ་ཚེ་དབང་འགྱུར་མེད་ཀྱིས་ སླབ་མིའི་ནང་ རྒེད་འོག་དང་ སྤྱི་འོག་གནས་རིམ་ནང་ ཞིང་རྨོ་འཕྲུལ་པ་ཝར་ཊེ་ལར་དང་ རྒེད་འོག་རེ་ལུ་ མཁོ་ཕན་ཆེ་བའི་ སྣུམ་འཁོར་ཚུ་ མཁོ་སྤྲོད་འབད་ནི་དང་ དངུལ་ཁང་བཙུགས་ནི་གི་ ཁས་བླངས་ཡོད་མི་གིས་མ་ཚད་པར་ མི་སེར་ལུ་དགོ་པའི་ གཙོ་རིམ་ཚུ་ ཁོང་ར་གིས་ ཐག་བཅད་ནིའི་དོན་ལུ་ བཞག་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་སེར་ཚུ་གིས་ ཁོང་རའི་ རྒེད་འོག་ནང་ ག་ཅི་དགོཔ་ཡོདཔ་ཨིན་ན་ ག་བ་དྲགཔ་སྦེ་ཤེས་ཟེར་ ཚེ་དབང་འགྱུར་མེད་ཀྱིས་ བཤད་པའི་ཁར་ གལ་སྲིད་ ང་བཅས་ཀྱི་ སྲིད་ཚོགས་འདི་ བཙག་འཐུ་འགྲུབ་པ་ཅིན་ མི་སེར་ཚུ་གིས་ གཙོ་རིམ་བཟོ་སྟེ་ ང་བཅས་ཀྱིས་ ལོ་ལྔ་གི་རིང་ ཕྱག་ཞུ་འོང་ཟེར་ སླབ་ཨིན་པས།
དེ་མ་ཚད་ སྲིད་ཚོགས་དེ་གིས་ ལོ་བསྟར་བཞིན་དུ་ རྒེད་འོག་རེ་ནང་ མ་དངུལ་ས་ཡ་༢ རེ་ བགོ་སྤྲོད་འབད་ནི་ཨིནམ་ལས་ མ་དངུལ་འདི་ ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ན་ མི་སེར་ཁོང་ར་གིས་ ཐག་བཅད་དགོ་ཟེར་ ཁོ་གིས་ སླབ་ཨིན་པས།
ང་གིས་ ཚོགས་རྒྱན་བཙུགས་མ་རན་ཚུན་ཚོད་ འདེམས་ངོ་དེ་གཉིས་ལས་ ག་དྲག་ནི་ཨིན་ན་ བརྟག་དཔྱད་མཐིལ་ཕྱིན་འབད་ནི་ཟེར་ ཤིང་གཉེར་ལས་ སྐྱེས་ལོ་༣༢ ལང་མི་ ཐུགས་རྟེན་ལྷུན་གྲུབ་ཀྱིས་ སླབ་ཨིན་པས།
དེ་ལས་ རྫོང་ཁག་གི་ འདེམས་ཁོངས་གཞན་ནང་ མི་སེར་དམངས་གཙོ་ཚོགས་ཚོགས་པའི་ ཆོས་འཁོར་-སྟང་འདེམས་ཁོངས་ཀྱི་འདེམས་ངོ་ ཀུན་བཟང་འཕྲིན་ལས་ལུ་ སྤྱིར་བཏང་བཙག་འཐུ་དང་ཕྱདཔ་ད་ མི་མང་སྤུངས་འཛོམས་འབད་སར་ གསལ་བཤད་འབད་ནི་གི་ བློ་སྤོབས་སྦོམ་ཐོབ་ཡོདཔ་ཨིན་རུང་ མི་སེར་ཚུ་ འདེམས་ངོ་གསརཔ་ལུ་ བློ་གཏད་ཚུགས་མི་ཚུགས་ ཐག་བཅད་མ་ཚུགས་པར་ དོགས་སྣང་ཐོག་ལུ་ཡོདཔ་ཨིན་པས།
དེ་གི་ནང་དོན་ཉིད་ལས་ ཁོ་གི་བྱང་ཕྱད་དེ་ འབྲུག་ཕུན་སུམ་ཚོགས་པའི་ གཞུང་སྐྱོང་སྐབས་ བློན་པོའི་གོ་གནས་ཐོག་ ཕྱག་ཞུ་མི་ཅིག་འབད་བ་ལུ་བརྟེན་ཨིན་པས།
ཌོག་ཊར་པདྨ་རྒྱ་མཚོ་དེ་ ལོ་ན་འབད་རུང་ རྒས་ཤོས་ཅིག་དང་ ཉམས་མྱོང་ཚུད་ཚུདཔ་ཅིག་ཨིན་པའི་ཁར་ མི་སེར་ཚུ་ལུ་ ག་ཅི་སླབ་ན་ ག་དེ་སྦེ་ སླབ་ནི་ཨིན་ན་ ལེགས་ཤོམ་སྦེ་ ཤེས་མི་ཅིག་ཨིན་པས་ཟེར་ སྐྱེས་ལོ་༥༨ ལང་མི་ དབང་འདུས་ཀྱིས་ བཤདཔ་ཨིན་རུང་ ག་ལུ་ཚོགས་རྒྱན་བཙུགས་ནི་ཨིན་ན་ ད་ལྟོ་ ཐག་མ་བཏོག་པར་ཡོད་ཟེར་ སླབ་ཨིན་པས།
ཨིན་རུང་ མི་སེར་ལ་ལུ་ཅིག་གིས་ མི་གསརཔ་ལུ་ ཐབས་རིག་གསརཔ་བཏོན་ཚུགས་པའི་ མི་ཡང་ཡོདཔ་སྦེ་ སླབ་ཨིན་མས།
ཁོ་ལུ་ མགྲོན་སྐྱོང་འཛིན་སྐྱོང་གི་ ཉམས་མྱོང་ཡོད་མི་དེ་ སྲིད་འབྲེལ་ལས་དོན་ནང་ ཕན་ཐོགས་ཚུགས་ཟེར་ གཅིག་གིས་ སླབ་ཨིན་པས།
ཆོས་འཁོར་རྒེད་འོག་ལས་ པར་ཆས་ཀྱིས་ སླབ་མིའི་ནང་ ཁོང་ལུ་ ཐག་བཅད་མི་དང་ གོང་འཕེལ་གཏང་ཚུགས་མི་ཅིག་ དགོ་མི་དེ་ཡང་ ཁོང་མི་སེར་རྐྱངམ་གཅིག་ལུ་མིན་པར་ མ་འོངས་ཡུན་རིང་ལུ་ ཁོང་རའི་ ཨ་ལུ་དང་ བུཚུ་ལུ་ ཕན་ཐོགས་ཚུགས་མི་དགོ་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment