གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀྲོང་གསར་ལུ་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ གཙང་ཆུ་ཁ་སྒྱུར་བཏང་ཡོདཔ།

༢༤/༦/༢༠༡༣   ༉ ཁ་ཙ་ གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་ ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་ཀྱིས་ གློག་ཤུགས་མེ་ག་ཝཱཊ་༧༢༠ འབད་མི་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ གཙང་ཆུ་ཁ་སྒྱུར་བཏང་བའི་ འགོ་འབྱེད་རྟེན་འབྲེལ་ནང་ སྐུ་མགྲོན་གཙོ་བོ་སྦེ་ བྱོན་གནང་ནུག།
མང་སྡེ་ཆུ་ཁ་སྒྱུར་བཏང་མི་ལུ་ གཟིགས་ཞིབ་གནང་པའི་བསྒང་།


གྲོས་དཔོན་སྤྱི་ཁྱབ་ཀྱིས་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་དང་ ཁོ་གི་སྡེ་ཚན་ལུ་ ལས་འགུལ་གྱི་ ཆུ་རྫིང་རྐྱབ་ནིའི་དོན་ལུ་ གཙང་ཆུ་དུས་ཐོག་ལུ་ ཁ་སྒྱུར་བཏང་ཚུགས་མི་ལུ་ ལེགས་བསྟོད་གནང་ཡོདཔ་ད་ ཁོ་གིས་ འགོ་འབྱེད་རྟེན་འབྲེལ་ནང་ འཛོམས་མི་ཚུ་ལུ་ གནས་ཚུལ་དང་འདྲཝ་སྦེ་ གསུངས་མིའི་ནང་ འཕྲལ་ཁམས་ཅིག་ཁར་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་ རཱན་ཇཱན་ མ་ཐའེ་དེ་ ཐིམ་ཕུ་ལུ་བྱོན་པའི་སྐབས་ རྒྱ་གར་གཞུང་ལས་ གྲོགས་རམ་དང་ རྒྱབ་སྐྱོར་འཕྲོ་མཐུད་འབད་ནི་གི་ ཁས་ལེན་ནན་བསྐྱར་འབད་ཡི་ཟེར་ཨིན་པས།
གློག་མེ་ལས་འགུལ་དེ་གིས་ འབྲུག་གི་དཔལ་འབྱོར་རྩ་བརྟན་བཟོ་ནི་རྐྱངམ་གཅིག་གིས་མ་དོ་བར་ རྒྱར་ཁབ་ཀྱི་ དཔལ་འབྱོར་རང་ལྡང་བཟོ་ནི་ལུ་ཡང་ ཕན་ཐབས་འབྱུང་ནི་ཨིནམ་མ་ཚད་ མཐུན་ལམ་དང་ མཉམ་འབྲེལ་དམ་ཟབ་ཡོད་མི་ རྒྱལ་ཁབ་གཉིས་ཀྱི་ གློག་ཤུགས་ཀྱི་ ཉེན་སྲུང་ཡང་ སྒྲིང་སྒྲིང་འགྱོ་འོང་ཟེར་ བློན་པོ་བསོད་ནམས་སྟོབས་རྒྱས་ཀྱིས་ གསུངས་ཡོདཔ་ཨིན་པས།
མང་སྡེ་ཆུ་གློག་མེ་ལས་འགུལ་ས་ཁོངས་ནང་ འགོ་དང་པ་བྱོན་མི་ གྲོས་དཔོན་སྤྱི་ཁྱབ་ཀྱིས་ བཤད་མིའི་ནང་ ལཱ་གི་གྲུབ་འབྲས་ཚུ་ལུ་ལྟ་སྟེ་ ཧ་ལས་ཡོདཔ་མ་ཚད་ གནམ་བྱཱར་གྱི་ཆར་ཆུ་འགོ་མ་བཙུགས་པའི་ཧེ་མར་ མང་སྡེ་ཆུ་ ཁ་སྒྱུར་བཏང་མི་དེ་ དུས་ཐོག་ལུ་ཨིན་པའི་ཁར་ ལས་འགུལ་དེ་ ཀྲོང་གསར་གྱི་ མི་སེར་དང་ མཐའ་འཁོར་གནས་སྟངས་ལུ་ གནོད་པ་ག་དེ་ཉུང་ཉུང་ཐོག་ལས་ བཟོ་སྐྲུན་འབད་མི་ལུ་ སེམས་དགའ་ཡི་ཟེར་ཨིན་པས།
འགོ་འབྱེད་རྟེན་འབྲེལ་ནང་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ བི་པི་ཧ་རཱན་དང་ དམིགས་བསལ་དྲུང་ཆེན་དང་ དངུལ་རྩིས་གྲོས་དཔོན་ བི་མཱལ་ཇུག་ལ་ རྒྱ་གར་ཕྱི་འབྲེལ་ལྷན་ཁག་(བྱང་ཕྱོགས) གི་མཉམ་འབྲེལ་དྲུང་ཆེན་ ཨ་ཀི་ལེཤ་ མིཤ་ར་ དེ་ལས་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

No comments:

Post a Comment