གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧཱ་རང་རྩེ་ལུ་ སྲིད་ཚོགས་ཀྱི་ ལས་བྱེདཔ་ལུ་ ཉེས་བྱ་བཀལ་ཡོདཔ།

༉ ཧཱ་རྫོང་ཁག་བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་ གསང་སྦས་ཁ་རང་རྩེ་ལུ་ མི་སེར་དམངས་གཙོ་ཚོགས་པའི་ ལས་བྱེདཔ་ཅིག་ལུ་ ཉེས་བྱ་དངུལ་ཀྲམ་༣,༠༠༠ བཀལ་ནུག།

དེ་ཡང་ པི་ཌི་པིའི་ལས་བྱེདཔ་ ཉི་མ་ཚེ་རིང་གིས་ སྤྱི་ཟླ་༦ པའི་ཚེས་༡༤ དང་༡༥ ལུ་ རང་རྩེ་གཡུས་ཚན་ནང་ མི་སེར་༡༡ ལུ་ དངུལ་ཀྲམ་༡༦,༠༠༠ བགོ་སྤྲོད་འབད་ཡོདཔ་ལས་ བཙག་འཐུའི་བཅའ་ཁྲིམས་ལས་ འགལ་ཡོདཔ་ཨིན་པས།


གནད་དོན་དེ་གི་སྐོར་ལས་ རང་རྩེ་ལུ་ འབྲུག་ཕུན་སུམ་ཚོགས་པའི་ལས་བྱེདཔ་ སྨིན་དྲུག་གིས་ སྙན་ཞུ་འབད་བའི་ཤུལ་ལུ་ ཞིབ་དཔྱད་རྐྱབ་ད་ མི་༡༡ ལུ་ ཏི་རུ་སྤྲོད་ཡོད་པའི་ ངོས་འཛིན་བྱུང་ནུག།

ཉི་མ་ཚེ་རིང་གིས་ སྤྱི་ཟླ་༦ པའི་ཚེས་༡༤ ལུ་ ཡོ་ཁའི་མི་སེར་༡༥ དང་གཅིག་ཁར་ འཛོམས་འདུ་འབད་བའི་སྐབས་ ཚོགས་པ་གསརཔ་བཏོན་ཞིནམ་ལས་ ཚོགས་པ་རྙིངམ་༢ ལུ་ དངུལ་ཀྲམ་༢,༠༠༠ རེ་དང་ ཚོགས་པ་གསརཔ་ལུ་ དངུལ་ཀྲམ་༡,༠༠༠ སྤྲོད་ཡོདཔ་ཨིན་པས།


ད་རུང་ སྤྱི་ཟླ་༦ པའི་ཚེས་༡༥ ལུ་ ཉི་མ་ཚེ་རིང་གིས་ རང་རྩེ་ལུ་ མི་ངོམ་༣ ལུ་ དངུལ་ཀྲམ་༢,༠༠༠ རེ་དང་ མི་གཞན་༥ ལུ་ དངུལ་ཀྲམ་༡,༠༠༠ རེ་ སྤྲོད་ཡོད་པའི་ ངོས་འཛིན་བྱུང་ནུག།


ཨིན་རུང་ རྫོང་ཁག་བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་ སླབ་མིའི་ནང་ ཉི་མ་ཚེ་རིང་གིས་ ཏི་རུ་སྤྲོད་མི་ཚུ་ ཚོགས་པ་གསརཔ་དང་ རྙིངམ་ཚུ་ལུ་ འགྲུལ་འཕྲིན་གྱི་འཐུས་སྦེ་ སྤྲོད་ཡོདཔ་མ་གཏོགས་ ཚོགས་རྒྱན་དང་འབྲེལ་བའི་ རྒྱུད་བསྐུལ་འབད་འབདཝ་མིན་འདུག་ཟེར་ཨིནམ་ད་ ཉི་མ་ཚེ་རིང་གིས་ཡང་ ཏི་རུ་དེ་ཡང་ ཁོ་རའི་ དངུལ་ཁུག་ནང་ལས་ བཏོན་བྱིན་བྱིནམ་མ་གཏོགས་ སྲིད་ཚོགས་ནང་ལས་ ལེན་ལེནམ་མེདཔ་སྦེ་ སླབ་ཡོདཔ་ཨིན་པས།


ཉི་མ་ཚེ་རིང་གིས་ མི་༡༡ ལུ་སྤྲོད་མི་ ཏི་རུ་དེ་ ལོག་ལེན་ཞིནམ་ལས་ ཉིན་གྲངས་༥ གི་ནང་འཁོད་ལུ་ རྫོང་ཁག་བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་ལུ་ སྤྲོད་དགོཔ་ཨིན་པའི་གནས་ཚུལ།

1 comment:

  1. ཧཱ་ལུ་ རྫོང་ཁག་བཙག་འཐུའི་བརྩོད་ཉོགས་སེལ་ཐབས་འདུས་ཚོགས་ཚུ་གྱི་ རང་རྩེ་གཡུས་ཚན་ལས་ཨིན་མི་ མི་སེར་དམང་གཙོའི་ཚོགས་པ་ ཉི་མ་ཚེ་རིང་ལུ་ མི་གྲངས་ ༡༡ ལུ་དངུལ་ནང་སུ་རྐྱབ་པའི་ཉེས་བྱ་ཏི་རུ་ ༣༠༠༠ ཐམ་པ་བཀལ་ཅི་ཟེར་ཨིན་མི་ལུ་ ང་བཅས་མི་སེ་ཚུ་ཚ་གྱང་སྦོམ་ལངས་བཅུག་ཅི་ཟེར་ཞུ་ནི་ཨིན་། དཔེར་ན་ གེ་ཟ་སྤྱ་གི་ཟ་ མདའ་རྐྱབ་ད་ དོམ་གུ་རྐྱབ་དོ་བཟུམ་ཡ་སོང་ཡི་ཟེར་ཞུ་ནི་། དེ་འབད་ཞུ་གོ་མི་དེ་ཡང་ ཉི་མ་ཚེ་རིང་ ཁོ་རའི་དོན་ལུ་ ཚོགས་རྒྱན་དགོ་ནི་འབད་ རྒྱབ་སྒྱོར་འཚོལ་བཞིན་ན་ ནང་སུ་ བྱིན་བྱིནམ་ཨིན་ན་ ཡང་ན་ ཁོ་རའི་འདེམས་ཁོང་གི་ འདེམས་ངོ་དོན་ལས་ བྱིན་བྱིནམ་ཨིན་ན་ ཏི་རུ་འདི་ ག་ཏེ་ལས་འབྱུང་འབྱུངམ་ཨིན་ན་ འདུས་ཚོགས་ཀྱི་ལེགས་ཤོམ་འབད་ཞིབ་དཔྱད་མ་རྐྱབ་པར་ ཉི་མ་ཚེ་རིང་བཟུམ་འབད་ལ་འབད་མི་ལུ་ ཉེས་བྱ་ཕོགས་པ་ཅིན་ ད་ལས་ཕར་རྒྱལ་ཁབ་ནང་ ལ་འདི་བཟུམ་འབད་མི་ལེ་ཤ་ཐོན་འོང་ཟེར་ཞུ་ནི་། འདི་འབདཝ་ལས་ ང་བཅས་མི་སེར་ཚུ་ལུ་ ཚ་གྱངས་སྦོམ་འབད་རང་ལངས་ཡོདཔ་ལས་ འབྲེལ་ཡོད་ལས་ཁུངས་ཚུ་གྱི་དབྱེ་ཞིབ་གནང་འོང་མནོ་བའི་རེ་བ་ཡོད་ཟེར་ཞུ་ནི་ཨིན་། ཟོར་པོ་ རང་རྩེ་རྟ་ང་།

    ReplyDelete