གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསྐུལ་བསྒྲགས་ལས་རིམ་ཚུ་ ཚ་གྱང་ཆེ་བའི་གནད་དོན་ལུ་གྱུར་དོ་ཡོདཔ།

༢༤/༦/༢༠༡༣   ༉ འདས་པའི་བདུན་ཕྲག་མཇུག་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ སྤྱིར་བཏང་བཙག་འཐུའི་བསྐུལ་བསྒྲགས་ལས་རིམ་དེ་ སྲིད་ཚོགས་༢ ཀྱིས་ ཚ་གྱང་ཅན་གྱི་གནས་སྟངས་ཐོག་ འགོ་འདྲེན་འཐབ་པའི་ གསལ་སྟོན་འབདཝ་ལས་ བསྐུལ་བསྒྲགས་ལས་རིམ་དེ་ ལྷན་ཚོགས་ལུ་ ཚ་གྱང་ཆེ་བའི་གནད་དོན་ལུ་གྱུར་ཏེ་ཡོད་ཟེར་ སྲིད་ཚོགས་༢ ཆ་རའི་ གཙོ་འཛིན་ཚུ་ལུ་ བརྡ་འཕྲིན་བཏང་ནུག།


བརྡ་འཕྲིན་ནང་ བསྐུལ་བསྒྲགས་གནས་སྟངས་དེ་ ལུང་ཕྱོགས་དང་ མི་སྡེ་ཁག་དབྱེ་བའི་ ལམ་ཕྱོགས་ལུ་གཡོ་བའི་ཁར་ བཙག་འཐུའི་བྱ་རིམ་དང་ སྲིད་འབྲེལ་ནང་ རྒྱལ་ཁ་འཐོབ་ནི་རྩམ་ཅིག་གི་དོན་ལུ་ བདེ་སྒྲིག་འབད་ཐབས་མེད་པའི་ རྒྱལ་ཡོངས་ཀྱི་ཉེན་སྲུང་དང་ ཁ་སྐད་ དེ་ལས་ མི་ཁུངས་དང་འབྲེལ་བའི་གནད་དོན་ཚུ་ཡང་ ལེ་ཤ་ར་ བསྐུལ་བསྒྲགས་ཚུ་ནང་ ལག་ལེན་འཐབ་མི་དེ་ ཚ་གྱང་ཅན་ཅིག་ཨིནམ་སྦེ་བཀོད་ནུག།
ཚ་གྱང་ཅན་གྱི་ གནད་དོན་དེ་ཡང་ མཉམ་རུབ་ཚོགས་པའི་འདེམས་ངོ་ཚུ་ དམངས་གཙོ་ཚོགས་པའི་འདེམས་ངོ་སྦེ་ འཛུལ་ཞུགས་འབད་བའི་སྐབས་ བརྡ་བརྒྱུད་ཚུ་ནང་ གནས་ཚུལ་བྲིས་བཀོད་འབད་མི་དང་ སྲིད་ཚོགས་༢ ཀྱི་ གཙོ་འཛིན་ཚུ་གྱིས་ ཞལ་འཛོམས་དང་འབྲེལ་བའི་གནས་ཚུལ་གསར་བཀོད་ཚུ་དང་ བརྡ་བརྒྱུད་ཚུ་ནང་ སྲིད་ཚོགས་ཀྱི་འདེམས་ངོ་ཚུ་གིས་ གསལ་བཤད་བཀོད་མི་ཚུ་ དེ་ལས་ དམངས་གཙོ་ཚོགས་པའི་འདེམས་ངོ་ ནོར་བུ་དབང་ཕྱུག་ལུ་དང་ དམངས་གཙོ་ཚོགས་པ་ལུ་ ལུང་ཕྱོགས་ཁག་དབྱེ་བའི་ ཉོགས་བཤད་བཙུགས་མི་ཚུ་ལུ་ གཞི་འཛིན་སྐབས་ ཤེས་གསལ་བྱུང་ཡི་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་འབད་བ་ཅིན་ ད་ཚུན་ སྲིད་ཚོགས་༢ ལས་ ཉོགས་བཀོད་ལེ་ཤ་ལྷོད་དེ་ཡོད་རུང་ མང་ཤོས་ར་ གཞི་བཞག་ས་མེད་པར་ ངོས་ལེན་འབད་ཐབས་མེད་པའི་ གནད་དོན་ཙང་ཙ་ར་ཨིན་རུང་ ལྷན་ཚོགས་ཀྱིས་ འཕྲོ་མཐུད་དེ་ར་ ཉོགས་བཀོད་དང་ རྩོད་རྙོགས་ཚུ་ སེལ་ཐབས་ཀྱི་ བྱ་སྒོའི་རིམ་པ་ཚུ་ འགོ་འདྲེན་འཐབ་འོང་ཟེར་ཨིན་པས།
ཨིན་རུང་ དེ་བཟུམ་མའི་ ཉོགས་ཟིང་སེལ་ཐབས་ལུ་ སྲིད་ཚོགས་ཚུ་གིས་ ནང་འཁོད་བསྐྱར་ཞིབ་ཐབས་ལམ་ཚུ་ གཞི་བཙུགས་འབད་རུང་ འོས་འབབ་འདུག་ཟེར་ཨིནམ་ད་ དེ་བཟུམ་མའི་ ཉོགས་ཟིང་ཚུ་ ཉུང་སུ་བཟོ་ནི་ལུ་བརྩོན་དགོཔ་ད་ ད་ལས་ཕར་ལྷན་ཚོགས་ཀྱིས་ ཉོགས་བཀོད་ག་ཅི་ར་འབད་རུང་ འདེམས་ཁོངས་སོ་སོའི་འདེམས་ངོ་དང་ ཚོགས་པའི་གཙོ་འཛིན་ནམ་ ཡང་ཅིན་ འདེམས་ངོ་དང་ གཙོ་འཛིན་གྱི་ངོ་ཚབ་ཀྱིས་ ཆ་འཇོག་འབད་མི་ཚུ་མ་གཏོགས་ ངོས་ལེན་མི་འབད་ཟེར་ཨིན་པས།
དེ་འབད་ནི་དེ་གིས་ སྲིད་ཚོགས་ག་གིས་འབད་རུང་ འདེམས་ངོ་དང་ གཙོ་འཛིན་ རྒྱབ་སྐྱོར་བ་ཚུ་ བསྐུལ་བསྒྲགས་ལས་རིམ་ནང་  ག་ཅི་ར་སླབ་རུང་ ལུང་ཕྱོགས་དབྱེ་བའི་གནད་དོན་དང་འབྲེལ་བའི་ གསལ་བཤད་འབད་མི་ཆོག་ཟེར་ཨིན་པའི་ཁར་ གལ་སྲིད་ ལག་ལེན་འཐབ་མི་ཐོན་སྟེ་འབད་བ་ཅིན་ ཁྲིམས་དང་འཁྲིལ་ཏེ་ འདེམས་ངོ་ཆ་མེད་གཏང་ནི་དང་ བཀག་ཆ་འབད་ནི་ཨིན་ཟེར་ ཉེན་བརྡ་ནང་བཀོད་ནུག།
གནད་དོན་དེ་དང་འབྲེལ་ ཚོགས་པའི་འགོ་དཔོན་དང་ གཙོ་འཛིན་ཚུ་གིས་ རྩོད་ཉོགས་དང་ ཚ་གྱང་ཅན་གྱི་གནད་དོན་ཚུ་ མེདཔ་བཟོ་ཐབས་ལུ་ རང་སོའི་ཚོགས་པའི་ འགོ་དཔོན་དང་ རྒྱབ་སྐྱོར་བ་ཚུ་ག་ར་ལུ་ བསླབ་བྱ་དང་ ལམ་སྟོན་ཚུ་བྱིན་དགོཔ་མ་ཚད་ ཚོགས་པའི་རྒྱབ་སྐྱོར་བ་ མི་སྡེའི་བརྡ་བརྒྱུད་ལག་ལེན་འཐབ་མི་ཚུ་ལུ་ཡང་ ཚུལ་མཐུན་ཐོག་ལས་ བསླབ་བྱ་ཚུ་བྱིན་ཞིནམ་ལས་ ཚུལ་མིན་གྱི་ ལོ་རྒྱུས་འདྲ་མིན་སྤེལ་ནི་ཚུ་ལས་ འཛེམ་དགོཔ་སྦེ་ བཙག་འཐུ་ལྷན་ཚོགས་ཀྱིས་ བརྡ་འཕྲིན་ཅིག་ བཏང་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment