གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལུང་ནག་ནང་ལུ་ བསྐུལ་བསྒྲགས་འབད་མི་ཚུ་ ཁ་ཙ་སོང་ཡོདཔ།

༡༩/༦/༢༠༡༣   ༉ ལུང་ནག་ནང་འདེམས་ཁོངས་ནང་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་གྲོས་འཛོམས་ འགོ་འདྲེན་འཐབ་ནིའི་དོན་ལུ་ ངོས་ལེན་འགོ་དཔོན་དང་ ལྟ་རྟོག་པ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཉེན་སྲུང་འགོ་དཔོན་༢ རྟ་༤ དེ་ལས་ མགར་ས་རྒེད་འོག་གི་ བདག་སྐྱོང་འགོ་དཔོན་ཚུ་ ཁ་ཙ་ ལམ་འགྲུལ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།


ཨིན་རུང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ དམ་ཆོས་རྡོ་རྗེ་གིས་ སྡེ་ཚན་དེ་ དགོན་ཤར་རི་ལས་ ཉིནམ་༤ གི་ས་ཁར་ རྭ་དཀར་གཤོང་ལུ་ལྷོདཔ་ད་རྐྱངམ་གཅིག་ འབྲེལ་གཏོགས་འབད་ནི་ཨིན་པས།
དེ་ཡང་ ཁ་སྨད་ལུང་ནག་ནང་གི་ ངོས་ལེན་འགོ་དཔོན་ རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ དམངས་གཙོ་ཚོགས་པའི་འདེམས་ངོ་དེ་ བསྐུལ་བསྒྲགས་མ་དངུལ་ དངུལ་ཀྲམ་༡༣༠,༠༠༠ ལེན་དགོཔ་ཡོད་མི་ལུ་བརྟེན་ ཁ་ཙ་ སྡེ་ཚན་དང་གཅིག་ཁར་ ལམ་འགྲུལ་འགོ་བཙུགས་མ་ཚུགས་ཟེར་ཨིན་པས།
འགོ་ཐོག་བཙག་འཐུའི་སྐབས་ ལུང་ནག་ནང་ལུ་ སྤྱིར་བཏང་གྲོས་འཛོམས་ འགོ་འདྲེན་མ་འཐབ་ལས་ འདེམས་ངོ་༢ ཀྱིས་ ས་གནས་ཀྱི་མི་སེར་ཚུ་ལུ་ ཁོང་རའི་ ཁས་བླངས་གསལ་བསྒྲགས་ཚུ་ གསལ་བཤད་འབད་དགོཔ་སྦེ་ སླབ་མི་དང་བསྟུན་ འགོ་འདྲེན་འཐབ་ཨིན་ཟེར་ ངོས་ལེན་འགོ་དཔོན་གྱིས་ བཤདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ རྭ་དཀར་ལུ་ སྤྱིར་བཏང་གྲོས་འཛོམས་ འགོ་འདྲེན་འཐབ་ནི་དང་ ཚེས་༢༤ ལུ་ ཝ་ལྕེ་ དེ་ལས་ ཚེས་༢༧ ལུ་ སྤྱིར་བཏང་གྲོས་འཛོམས་དེ་ ཧེ་ལྡི་ལུ་དང་ ཚེས་༣༠ ལུ་ཐང་བཟང་ནང་ལུ་ འགོ་འདྲེན་འཐབ་སྟེ་ མཇུག་བསྡུ་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ས་གནས་དེ་ཚུ་ དབྱར་རྩྭ་དགུན་འབུབ་ཀྱི་ ས་ཁོངས་ཨིནམ་ལས་ གྲོས་འཛོམས་ནང་ གཡུས་མི་ཚུ་གིས་ ག་དེ་སྦེ་འོང་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
ཨིན་རུང་ ངོས་ལེན་འགོ་དཔོན་གྱིས་འབད་བ་ཅིན་ ཡང་ཅིན་ མི་ག་ཏེ་ཡོད་སར་སྡོད་དེ་ འགོ་འདྲེན་འཐབ་དགོཔ་བཟུམ་ཅིག་ འདུག་ཟེར་ཨིནམ་ད་ སྤྱི་ཟླ་༧ པའི་ཚུས་༧ ལུ་ འདེམས་ངོའི་རྩོད་བསྡུར་ལས་རིམ་ཨིནམ་ལས་ དུས་ཚོད་ཁར་ ལོག་ལྷོད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
རྭ་དཀར་གཤོང་ལུ་འབད་བ་ཅིན་ གྲོས་འཛོམས་དེ་ ཆུ་དར་ཕུག་ལུ་ འགོ་འདྲེན་འཐབ་ནི་གི་ འཆར་གཞི་ཡོདཔ་ད་ ཝ་ལྕེ་ལུ་འབད་བ་ཅིན་ ས་གནས་ཅུང་ཅུ་དང་ ཧེ་ལྡི་ལུ་འབད་བ་ཅིན་ ཚེས་ལ་ཟེར་སར་ འགོ་འདྲེན་འཐབ་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ ཚོགས་སྡེའི་བཙག་འཐུ་སྐབས་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ཐོག་ལས་ འགྱོ་དོ་བཟུམ་མེན་པར་ ད་རེས་ ཟད་འགྲོ་ཚུ་ བགོ་བཤའ་རྐྱབ་སྟེ་ རྐང་ཐང་འགྱོ་ནི་སྦེ་ ཐག་བཅད་ཅི་ཟེར་ཨིན་པས།
དེ་ཡང་ ཧེ་མ་བཟུམ་སྦེ་ ལམ་བདའ་སྟེ་ ཁཝ་མི་འོང་ནི་ཨིནམ་ལས་ ཆརཔ་རྐྱབ་སྟེ་འབད་རུང་ ལམ་འགྱོ་ཚུགས་ཟེར་ཨིནམ་ད་ འདེམས་ཁོངས་༢ མ་གཏོགས་ གཞན་སྡེ་ཚན་ནང་གི་མི་ཚུ་ག་ར་ ལུང་ནག་ནང་ལུ་ འགོ་དང་པ་ཨིནམ་ལས་ ལ་དུག་མི་ཕོག་ནིའི་དོན་ལུ་ སྨན་ཚུ་འབག་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment