གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་སྐོར་ ཁ་བཏང་མི་ལུ་ བདེན་པ་མེདཔ།

༢༩/༦/༢༠༡༣    ༉ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ ཁ་ཙ་ རྩི་རང་རྫོང་ཁག་གི་ མི་སེར་ཚུ་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ ཁོང་གི་ ཚོགས་པའི་བླངས་ཚུ་གི་སྐོར་ལས་ ཁ་བཏང་དོ་ཡོད་མི་ཚུ་ མི་བདེན་ཟེར་ དོགས་སེལ་འབད་ཡི།
མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ འགྲམ་ཕུག་ཁྲོམ་གྱི་ ཚོང་ཁང་རེ་རེའི་ནང་ ལྟ་སྐོར་འབད་དེ་ ཚོགས་པའི་ངོ་པར་ཚུ་ བགོ་བཀྲམ་འབད་བའི་བསྒང་།


གཙོ་འཛིན་གྱིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ དེ་སྦེ་ སྐྱོན་བརྗོད་འབད་མི་དེ་ཡང་ གཞུང་སྐྱོང་གི་ དབང་ཚད་དེ་ མི་སེར་དམངས་གཙོ་ཚོགས་པ་གིས་ འགྲུབ་ཚུགས་ནི་ཨིན་མི་ ཁས་བླངས་ཚུ་ལུ་བརྟེན་ ཤོར་ནི་གི་ ཉེན་ཁ་ཡོདཔ་སྦེ་ མཐོང་ནི་དེ་གིས་ཨིན་མས་ཟེར་ཨིན་པས།
ཁོང་གིས་ ང་བཅས་ཀྱིས་ སྤྱི་འོག་རེ་རེའི་ནང་ ཞིང་རྨོ་འཕྲུལ་རེ་བྱིན་ནི་ཟེར་ ཁས་བླངས་འབད་མི་ལུ་ ཉོགས་འཛིང་འཐོན་འོང་ཟེར་ སླབ་མ་ཚད་ དེ་བཟུམ་སྦེ་ མར་ཁུ་བཀྲམ་སྤེལ་ཁང་དང་ གནམ་གྲུ་ཧེ་ལི་ཀོབ་ཊར་༢ ཀྱི་སྐོར་ལས་ཡང་ ཁ་བཏངམ་མས་ཟེར་ གཙོ་འཛིན་གྱིས་བཤད་ཅི།
ཞིང་རྨོ་འཕྲུལ་གྱི་ཐད་ལུ་ སྤྱི་འོག་གི་ ཚོགས་པ་བཟོ་སྟེ་ མི་སེར་ཚུ་ལུ་ བདག་དབང་སྤྲོད་ནི་ཨིནམ་ལས་ སྟབས་མ་བདེཝ་མི་འཐོན་ཟེར་ཨིནམ་ད་ སྤྱི་འོག་སྦོམ་ཚུ་ནང་འབད་བ་ཅིན་ རྒེད་འོག་རེ་ནང་ མ་དངུལ་འབུམ་༢༠ རེ་བྱིན་ནི་ཨིན་མི་དེ་གིས་ དངུལ་ཀྲམ་འབུམ་༢ ལས་བརྒལ་ མ་གནས་མི་ ཞིང་རྨོ་འཕྲུལ་ཐེབས་ཉོ་ཚུགས་ཟེར་ཨིན་པས།
གཙོ་འཛིན་གྱིས་འབད་བ་ཅིན་ ཕུན་བརྟན་ཆུ་རྒེད་འོག་ནང་འཛོམས་མི་ ཕུན་བརྟན་ཆུ་དང་ རྩི་རང་སྟོད་ དེ་ལས་ གསེར་གྱི་ཐང་རྒེད་འོག་༣ ནང་ལས་ མི་སེར་༡༢༠ དེ་ཅིག་ལུ་ སླབ་མིའི་ནང་ གནམ་གྲུ་ཧེ་ལི་ཀོབ་ཊར་དེ་ སྤྱི་ལོ་༢༠༠༨ ལུ་ འབྲུག་ཕུན་སུམ་ཚོགས་པའི་ ཁས་བླངས་ཡང་ཨིནམ་ད་ གཡུས་སྒོ་ཚུ་ནང་ གློ་བུར་གྱི་ནདཔ་རེ་ འཐོན་པ་ཅིན་ སྨན་ཁང་སྦོམ་ཚུ་ནང་ བསྐྱལ་ནིའི་དོན་ལུ ཕན་ཐོགས་ནི་ཨིནམ་ལས་ རྒྱལ་ས་ལུ་ སྒྲིང་ཁྱིམ་ཅིག་ཡང་ ཉོ་ནིའི་དོན་ལུ་མ་ལང་མི་ ཧེ་ལི་ཀོབ་ཊར་རེ་ལུ་ དངུལ་ཀྲམ་ས་ཡ་༩༠ ལས་བརྒལ་ མ་གནས་མི་དེ་ ཉོ་ཚེགས་ཟེར་ གཙོ་འཛིན་གྱིས་ ཁས་བླངས་འབད་ཡི།
ཁས་བླངས་གསལ་བསྒྲགས་ཚུ་གི་གྲས་ལས་ ཨ་རྟག་སླབ་དོ་བཟུམ་ རྒེད་འོག་ལྟེ་བ་ཚུན་ འཁོར་ལམ་ཚུ་ རྩི་ནག་གཏང་ནི་དང་ རྒེད་འོག་རེ་ནང་ སྣུམ་འཁོར་རེ་ མཁོ་སྤྲོད་འབད་ནི་ རྒེད་འོག་ལྟེ་བ་ནང་ མར་ཁུ་བཀྲམ་སྤེལ་ཁང་དང་ སྣུམ་འཁོར་བཅོས་མི་ཅིག་ དེ་ལས་ ཚོང་ཁང་རེ་དང་ དངུལ་ཁང་ཆུང་ཀུ་རེ་ བཙུགས་བྱིན་ནི་ཟེར་ཨིན་པས།
གཙོ་འཛིན་གྱིས་ འབྲུག་ཕུན་སུམ་ཚོགས་པའི་ གྲུབ་འབྲས་ཚུ་གི་སྐོར་ལས་ སླབ་མིའི་ནང་ འདས་པའི་ལོ་༥ འི་རིང་ལུ་ གཞུང་གིས་ བུ་ལོན་སྦོམ་བཟོ་ཡོད་པའི་ཁར་ རུ་པིའི་དཀའ་ངལ་ དེ་གི་ནང་ལས་ཡང་ རྒྱལ་པོའི་ཞིང་ས་ཆའི་བྱེལཝ་དང་ པདྨ་དགའ་ཚལ་གདན་ཆི་ལུ་ རྫོང་རྐྱབ་ནིའི་དོན་ལས་ སྒེར་ས་གཞུང་གིས་ མཁོ་སྒྲུབ་འབདཝ་ད་ ཁྲོམ་སའི་གོང་ཚད་སྤྲོད་ཡོད་མི་ དེ་ལས་ ཐིམ་ཕུ་སྤྲོ་བ་གློག་བརྙན་ཁང་ འབྲུག་ལོ་ཊི་རི་ལ་སོགས་པ་ཚུ་ནང་ ངན་ལྷད་འབད་ཡོད་པའི་ ཚོགས་པ་ལུ་ རྒྱབ་སྐྱོར་འབད་ནི་ཨིན་ན་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་གནང་ནི་ཨིན་ན་ མནོ་བསམ་ལེགས་ཤོམ་སྦེ་ གཏང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལོ་༥ འི་འཆར་གཞི་༡༡ པ་དེ་ ཉིནམ་དག་པ་ཅིག་གི་རྒྱབ་ལས་ འགོ་བཙུགས་ནི་ཨིན་རུང་ རྒྱ་གཞུང་གིས་ མ་དངུལ་ཚུ་ ད་ལྟོ་ཡང་ བྱིན་ནི་གི་ ཁ་མ་བཟེད་པར་ཡོདཔ་ལས་ དེ་ལུ་ མཐུན་ལམ་དང་འབྲེལ་བའི་དཀའ་ངལ་ཡོད་པའི་སྐོར་ལས་ ཚ་གྱང་ཡོད་ཟེར་ཨིན་པས།
ཁོ་གིས་ ཁ་ཙ་ཉིན་མར་ དཀྱིལ་འཁོར་ཐང་-མན་ཌལ་སྒང་འདེམས་ཁོངས་ཀྱི་དོན་ལུ་ འགྲམ་ཕུག་ཁྲོམ་གྱི་ རྩ་བར་ཡོད་པའི་ སྨོན་ལམ་ཆེན་མོ་ཐང་ནང་ མི་སེར་༤༠༠ དེ་ཅིག་ལུ་ གནད་དོན་སོ་སོ་མེད་པའི་ ཁས་བླངས་གསལ་བསྒྲགས་ཚུ་འབད་ཡི།
དེ་ལས་ ཕྱི་རུ་ཁམས་ཅིག་ཁར་ གཙོ་འཛིན་གྱིས་ འགྲམ་ཕུག་ཁྲོམ་གྱི་ ཚོང་ཁང་རེ་རེའི་ནང་ ལྟ་སྐོར་འབད་ཞིནམ་ལས་ ཚོགས་པའི་ངོ་པར་ཚུ་ བགོ་བཀྲམ་འབད་ཡོད་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment