གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀིངསི་ཀ་ལབ་ཕུཊ་བཱོལ་འགྲན་བསྡུར་གྱི་ རེའུ་མིག་ཚེས་གྲངས་ གཏན་འཁེལ་སོང་ཡོདཔ།

༢༧/༦/༢༠༡༣   ༉ དུས་ཅི་ ཀིངསི་ཀ་ལབ་ཕུཊ༌བཱོལ་འགྲན་བསྡུར་དེ་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་རུང་ སྤྲོ་བ་དང་ དང་འདོད་བསྐྱེད་མི་ ན་གཞོན་དང་ མི་མང་ཚུ་གི་ སེམས་ཁ་ལུ་ ལོ་སྦེ་འགོར་དོ་བཟུམ་མའི་ ཚོར་སྣང་བྱུང་དོ་ཡོདཔ་ཨིན་པས།
འགོ་འདྲེན་པ་ བསོད་ནམས་འཇིགས་མེད་ཀྱིས་ གསལ་བཤད་འབད་བའི་བསྒང་།


དེ་ཡང་ ཀིངསི་ཀ་ལབ་ཀྱི་ རྩེད་འགྲན་དེ་ སྤྱི་ཟླ་༧ པའི་ཚེས་༢༠ ལས་འགོ་བཙུགས་ སྤྱི་ཟླ་༨ པའི་ཚེས་༡༠ ཚུན་ འགོ་འདྲེན་འཐབ་ནི་ཨིན་རུང་ ད་ཚུན་ འབྲུག་ཕུཊ་བཱོལ་ཚོགས་པ་དང་ འོད་ཟེར་ལས་སྡེ་༢ ཀྱིས་ ཚེས་གྲངས་ཚུ་ གསལ་སྟོན་འབད་རུང་ རྒྱལ་ཁབ་༤ ཡོད་མིའི་ནང་ལས་ སྡེ་ཚན་༩ གི་བར་ན་ རྩེད་འགྲན་དེ་ ཁ་ཙ་ འབྲུག་ཕུཊ༌བཱོལ་ཚོགས་པའི་ གྲོས་སྟོན་ཁང་ནང་སྦེ་ གཏན་འཁེལ་བཟོ་ཡོདཔ་ཨིན་པས།
སྡེ་ཚན་ཀ་པའི་ནང་ འབྲུག་པའི་ཕུཊ་བཱོལ་སྡེ་ཚན་གྱི་ ཡིད་འཛིན་དང་ བང་ལ་དེཤ་ལས་ བྲོ་ཌར་ ཡུ་ནི་ཨོན་ ནེ་པཱལ་ལས་ ཨེན་ཨེམ་བཱི་ དེ་ལས་ རྒྱ་གར་ལས་ མོ་ཧཱན་ བག་ཝན་སྡེ་ཚན་༤ གུ་ གཞན་མི་སྡེ་ཚན་ ནེ་པཱལ་ལས་ ཨེལ་ཨེམ་ཨེམ་རྩིས་ཏེ་ སྡེ་ཚན་༥ གདམ་འཐུ་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྡེ་ཚན་ཁ་པའི་ནང་ འབྲུག་ལས་ ཐིམ་ཕུ་ཁྲོམ་སྡེ་དང་ བང་ལ་དེཤ་ལས་ བི་ཇེ་ཨེམ་སི་ ནེ་པཱལ་ལས་ ཐི་རི་ཨིསི་ཊར་ དེ་ལས་ རྒྱ་གར་ལས་ ཡུ་ནའི་ཊེཌ་ སི་ཀིམ་སྡེ་ཚན་༤ གི་བར་ན་ ལིག་རྩེད་འགྲན་འབད་ནི་ཨིན་པས།
རྩེད་འགྲན་དེ་ཡང་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ གྱིབ་ཀྱི་རྩ་གདན་ནང་ འབད་ནི་ཨིནམ་ད་ སྤྱི་ཟླ་༧ པའི་ཚེས་༢༠ གི་ཕྱི་རུའི་ཆུ་ཚོད་༤ ལུ་ སྡེ་ཚན་ཀ་པ་ལས་ ཡིད་འཛིན་དང་ བྲོ་ཌར་ཡུ་ནེ་ཨོན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་དང་ ཚེས་༢༡ ལུ་ སྡེ་ཚན་ཁ་པ་ལས་ ཐི་རི་ཨིསི་ཊར་དང་ ཡུ་ནའི་ཊེཌ་སི་ཀིམ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།
ད་རེས་ཀྱི་ ཀིངསི་ཀ་ལབ་དེ་ སྒེར་སྡེའི་ཁ་ཐུག་ལས་ ཐེངས་༢ པ་ འགོ་འདྲེན་འཐབ་དོ་ཡོདཔ་ལས་ འོད་ཟེར་ལས་སྡེ་གིས་ འབྲུག་རྒྱལ་ཁབ་ནང་ འགོ་ཐོག་དང་པ་ ཕུཊ་བཱོལ་རྩེད་འགྲན་འགོ་འདྲེན་འཐབ་དོ་ཡོདཔ་བཞིན་དུ་ དེ་སྦེ་ འགོ་འདྲེན་འཐབ་དགོ་མིའི་ དམིགས་ཡུལ་དེ་ཡང་ སྒེར་སྡེ་གོང་འཕེལ་གཏང་ནི་དང་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་ རྩེད་རིགས་ཚུ་ སྒེར་སྡེའི་ཁ་ཐུག་ལས་ འགོ་འདྲེན་འཐབ་བཅུག་ནི་ལུ་ སྤྲོ་བ་དང་ དང་འདོད་བསྐྱེད་ཐབས་ལུ་ཨིན་ཟེར་ སླབ་ཨིན་པས།
ཐིམ་ཕུ་ཁྲོམ་སྡེའི་ འཛིན་སྐྱོང་པ་ ཡེ་ཤེས་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ ད་རིས་འགོ་ཐོག་དང་པ་ སྡེ་ཚན་གྱི་ རྩེད་འགྲན་འབད་མི་ཚུ་ལུ་ གོ་སྐབས་བཟང་པོ་ཅིག་ཐོབ་དོ་ཡོདཔ་ད་ རྩེད་འགྲན་འབད་མི་ཚུ་གིས་ འབྲུག་པའི་རེ་འདོད་ཚུ་ འགྲུབ་མི་ཚུགས་ནི་འོང་ཟེར་སླབ་མི་དེ་ཡང་ འབྲུག་པའི་རྩེད་འགྲན་པ་ཚུ་ ཕྱིའི་རྩེད་འགྲན་པ་ཚུ་དང་ཕྱདཔ་ད་ དུམ་གྲ་ཅིག་ དོ་འགྲན་འབད་མི་ཚུགས་པའི་ མནོ་བསམ་བཏང་ནི་དེ་གིས་ཨིན་པས།
ལྟདམོ་ལྟ་མི་ འབྲུག་མི་ཚུ་གིས་འབད་རུང་ འབྲུག་པའི་སྡེ་ཚན་ཚུ་གི་ཁ་ཐུག་ལས་ རྒྱབ་སྐྱོར་དང་ ཆ་རོགས་ གང་དྲག་འབད་འོང་མནོ་བའི་རེ་བ་ཡོདཔ་ད་ འབྲུག་པའི་སྡེ་ཚན་ཚུ་གིས་ དོ་འགྲན་འབད་མ་ཚུགས་མི་ལུ་ སྐྱོན་བརྗོད་དང་ དམའ་ཕབ་རྐྱབ་ནི་ཚུ་སྤང་སྟེ་ ཕྱི་མི་གི་གདོང་ཁར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ མི་ཨིནམ་སྦེ་ མིང་གཏམ་གོང་འཕེལ་གཏང་དགོཔ་དེ་ གལ་ཆེ་ཟེར་སླབ་ཨིན་པས།
སྒེར་སྡེ་ནང་ལཱ་གཡོག་འབད་མི་ ཚེ་རིང་རྡོ་རྗེ་གིས་ འབད་བ་ཅིན་ རྒྱལ་ཁབ་ནང་ ལུང་ཕྱོགས་རྒྱལ་ཁབ་ཚུ་གི་བར་ན་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་དགོ་མི་དེ་ གནད་དོན་གལ་ཅན་ཅིག་ཨིན་པའི་ཁར་ རྒྱལ་ཁབ་དང་ མི་ཚུ་གི་བར་ན་ མཐུན་ལམ་དམ་ཟབ་བཟོ་ནི་ལུ་ ཕན་ཐོགས་ཚུགསཔ་མ་ཚད་ རྒྱལ་ཁབ་ནང་ ཕུཊ་བཱོལ་གྱི་རྩེདམོ་ཡར་དྲག་གཏང་ནི་ལུ་ ཕན་ཐོགས་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཞི་གཡོག་ནང་ལཱ་འབད་མི་ ཚེ་དབང་རྡོ་རྗེ་གིས་ འབད་བ་ཅིན་ འབྲུག་པའི་མི་སེར་ཚུ་ལུ་ ཕུཊ་བཱོལ་རྩེད་འགྲན་དེ་གིས་ མི་གཅིག་གིས་གཅིག་ལུ་ ངོ་ཤེས་དྲི་ཤེས་དང་ ཆ་རོགས་བཟོ་ནི་ལུ་ ཕན་ཐོགས་ཡོདཔ་བཞིན་དུ་ ན་གཞོན་ཚུ་ལུ་ ཡོན་ཏན་དང་ རིག་རྩལ་ ཐེབས་འཐོབ་ཐབས་ལུ་དམིགས་ཏེ་ འགོ་འདྲེན་འཐབ་མི་ འོད་ཟེར་ལས་སྡེ་དང་ འབྲུག་ཕུཊ་བཱོལ་ཚོགས་པ་ལུ་ བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ ཨིན་པས།
ཐིམ་ཕུ་ཁྲོམ་སྡེའི་འཛིན་སྐྱོང་པ་ ཡེ་ཤེས་ཚེ་རིང་གིས་ འབད་བ་ཅིན་ སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་ མང་ཤོས་ར་ སློབ་ཕྲུག་འབདཝ་ལས་ སྦྱོང་བརྡར་དང་ སློབ་སྟོན་ དེ་ལས་ རིག་རྩལ་གོང་འཕེལ་གཏང་ནིའི་དོན་ལུ་ དུས་ཚོད་ལེགས་ཤོམ་ཐོབ་མ་ཚུགས་མི་དེ་ ད་རེས་ནངས་པ་ ཆོས་རྒྱུགས་འགོ་འདྲེན་འཐབ་མི་ལུ་བརྟེན་ཨིནམ་ལས་ སྡེ་ཚན་གྱིས་ ཕྱི་རྒྱལ་གྱི་རྩེད་འགྲན་འབད་མི་ཚུ་ ལེན་ནིའི་འཆར་གཞི་ཡོད་རུང་ གཞུང་གིས་ ག་དེ་སྦེ་ གནང་བ་གནང་བཏུབ་ག་མི་ཤེས་པས་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment